འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་གསར་པ།

Page 1


ཕྱི་ལོ་ ༢༠༡༠ ལོར་བཀའ་ཤག་གིས་གཏན་འབེབས་གནང་བའི་གཞི་རིམ་བར་མའི་ བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རྩོམ་སྒྲིག་ཞུས།

འཛིན་རིམ་དྲུག་པའི་སློབ་དེབ།

སྤྱི་ཚོགས་ཚན་རིག

ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་གཏན་འབེབས་ཞུས།


བསྐྱར་ཞིབ།

Revised Edition

ཕྱི་ལོ་ ༢༠༢༢ ཟླ་ ༡

Printed and Distributed by: Sherig Parkhang R-27 & 28, Ramesh Park Laxmi Nagar, New Delhi-110092 Ph: +91-11-2245 3672 Fax: +91-11-2245 5634 Email: shepardelhi@gmail.com Web: www.sherigparkhang.com

Jan 2022

དཔར་ཐེངས་དང་པོ།

First Printing

དཔར་གྲངས་ ༡༢༠༠

མངགས་ཉོའི་ཁ་བྱང་།

1200 Copies

སྤྱི་ཁྱབ་འགན་འཛིན།

བསྟན་འཛིན་པདྨ། (ཤེས་ལྷན་འགན་འཛིན།)

རྩོམ་སྒྲིག་པ།

བོན་གྲོགས་པ་སངས་ཚེ་རིང་།

རྩོམ་སྒྲིག་འགན་འཁུར་བ།

དགེ་འདུན་དོན་ཡོད།

དེབ་གཟུགས་དང་།

རྒྱབ་ཤ་ཇུས་འགོད་པ།

དགེ་འདུན་དོན་ཡོད། བོན་གྲོགས་པ་སངས་ཚེ་རིང་།

སློབ་དེབ་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་། བསོད་ནམས་བཟང་པོ།

(ཤེས་ལྷན་འགན་འཛིན་ཟུར་པ།)

དགེ་འདུན་དོན་ཡོད།

(ཤེས་ལྷན་སློབ་དེབ་ཚན་པའི་འགན་འཛིན།)

བྱམས་པ་ལྷ་མོ།

(སྤོན་ཊ་སཾབྷོ་ཊ་སློབ་གྲྭ།)

ཀུན་བཟང་རྡོ་རྗེ།

(མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།)

ལྷ་འཛོམས་ཚེ་རིང་།

(དྷ་སྟེང་བོད་ཁྱིམ་སློབ་གྲྭ།)

བཀྲ་ཤིས་མཚོ་མོ།

(བོད་ཀྱི་དཔེ་མཛོད་ཁང་།)

བུདྡྷ་སྐྱབས།

(སྤྱི་ཚན་རྩོམ་སྒྲིག་པ་ཟུར་པ།)

བསྟན་འཛིན་དབང་ཕྱུག (དྷ་སྟེང་བོད་ཁྱིམ་སློབ་གྲྭ།) བཀྲ་ཤིས་ལྷ་མོ།

ཞུ་དག་པ།

རི་མོ་འབྲི་མཁན།

(སུ་ཇཱ་བོད་ཁྱིམ་སློབ་གྲྭ།)

ངག་དབང་ཚེ་བརྟན། ཚེ་རིང་ཆོས་སྐྱིད།

(སུ་ཇཱ་བོད་ཁྱིམ་སློབ་གྲྭ།)

(མ་སུ་རི་བོད་ཁྱིམ་སློབ་གྲྭ།)

ཀུན་དགའ་རྒྱལ་ཚན། ནཱ་ག་སངས་རྒྱས་བསྟན་དར། བསྟན་འཛིན་ཆོས་སྐྱིད། ཚེ་རིང་གཡུ་སྒྲོན། བློ་བཟང་ཤེས་རབ།

སློབ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས། www.bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། © Department of Education, CTA

FUNDED BY: Danish International Development Agency through CICED.


DEPARTMENT OF EDUCATION Central Tibetan Administration

Cable: Phone: Fax: Email: Web:

SHERIG +91-1892-222572/222721 +91-1892-223481 education@tibet.net www.sherig.org

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད། ༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྤྱི་དང་། ཁྱད་པར་ཕྱི་ལོ་ ༢༠༠༤ ཟླ་ ༩ པའི་ནང་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་

འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྟོན་གྱི་སྤུས་ཚད་གོང་མཐོར་གཏོང་བ་དང་

ཆབས་ཅིག སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་དུ་བསྒྱུར་རྒྱུ་ནི་བཙན་བྱོལ་བོད་མིའི་གཞི་རྩའི་འོས་འགན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན།

ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ གི་ཐུན་མིན་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་

སྟོན་དུས་ནས་དུས་སུ་ཕེབས་པ་དང་། བོད་པའི་སློབ་གྲྭ་ཟུར་འཛུགས་མཛད་པ་བཞིན། དེང་རབས་དང་མཐུན་པའི་བོད་པའི་ སྐད་ཡིག་དང་རིག་གནས་སློབ་སྤེལ་བྱས་པ་དང༌། ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་གཞི་རིམ་འོག་མའི་སློབ་ཁྲིད་ཀྱི་ བརྒྱུད་ལམ་རིམ་བཞིན་བོད་སྐད་ཐོག་སྒྱུར་འགོ་བཙུགས༌ཏེ། ཕྱི་ལོ་ ༢༠༠༠ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མའི་སློབ་ཚན་

ཡོངས་རྫོགས་བོད་སྐད་ཐོག་ཕབ་སྒྱུར་དང་འབྲེལ་སློབ་ཁྲིད་ལག་བསྟར་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་ མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང་། གཞི་རིམ་བར་མའི་སློབ་ཚན་རྣམས་བོད་ཡིག་ཏུ་

སྒྱུར་འགོ་བརྩམས་པ་དང་། ཕྱི་ལོ་ ༢༠༡༠ ལོར་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཞི་རིམ་བར་ མའི་བསླབ་གཞིའི་རྩ་འཛིན་གཏན་འབེབས་གནང་རྗེས། དེ་དང་མཐུན་པའི་གཞི་རིམ་འོག་མ་དང་བར་མའི་སློབ་དེབ་ཡོངས་

ལ་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་དང་རྩོམ་སྒྱུར་ཞུས་པ་དང་། གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་ཀྱང་ཆ་ཚང་ རྩོམ་སྒྱུར་ཞུས་ཏེ་ལོ་ངོ་བཅུ་ལྷག་ཙམ་འགོར་ཡོད་ནའང་། ལག་ལེན་དུ་བསྟར་མ་ཐུབ་པ་ནི་ཡིད་ཕངས་པའི་གནས་སུ་མཆིས།

དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་གནས་ཚུལ་མང་དག་ཅིག་འགྱུར་བ་འགྲོ་བཞིན་ཡོད་སྟབས། ན་ནིང་ནས་དེ་སྔོན་གྱི་སྤྱི་


ཚོགས་ཚན་རིག་གི་སློབ་དེབ་རྣམས་ལ་བསྐྱར་ཞིབ་དགོས་ངེས་སུ་མཐོང་སྟེ། འདི་ལོ་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་

རིག་གི་སློབ་དེབ་ལ་བསྐྱར་ཞིབ་དང་། གཏན་འབེབས་གྲུབ་སྟེ་པར་སྐྲུན་བྱེད་ཐུབ་པ་བྱུང་བས་དགའ་བ་བརྟས།

སློབ་དེབ་འདི་ནི་ཕྱི་ལོ་ ༢༠༡༢ ལོར་རྩོམ་སྒྱུར་བྱས་པའི་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་ལ་བསྐྱར་ཞིབ་

ཞུས་ཏེ། ས་ཁམས་རིག་པ་དང་། རྒྱ་གར་གྱི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས། བོད་གནས་ངོ་སྤྲོད། བཙན་བྱོལ་བོད་མིའི་གནས་

སྟངས་ངོ་སྤྲོད་བཅས་ལས་སློབ་ཚན་ཁ་ཅིག་ཕྱིར་འཐེན་དང་། འགའ་ཤས་འཛིན་རིམ་གོང་མར་སྤོས་པ། འགའ་ཞིག་གསར་ སྣོན་གྱིས་རགས་ཟིན་རྩོམ་སྒྲིག་ཞུས་ཏེ། ཤེས་རིག་ལས་ཁུངས་ནས་བསྐོ་འཛུགས་གནང་བའི་གཞི་རིམ་བར་མའི་སྤྱི་ཚོགས་

ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་མཐའ་མའི་བསྐྱར་ཞིབ་དང་སྦྲགས་གཏན་འབེབས་གནང་བ་ཞིག་ཡིན།

སློབ་དེབ་འདི་ནི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་

དམིགས་ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཡིན་པ་ཙམ་ལས། གཞི་རིམ་བར་མའི་འཛིན་རིམ་ཁག་གི་སྤྱི་ཚན་སློབ་ཁྲིད་ཀྱི་རྩ་ འཛིན་མིན་སྟབས། ས་གནས་དང་། སློབ་ཕྲུག ཁོར་ཡུག ཆ་རྐྱེན། ཤེས་ཡོན་ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་

རིམ་བར་མའི་འཛིན་རིམ་ཁག་གི་སློབ་དེབ་འདིའི་ནང་དོན་དང་། གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་ བསྟུན་ཚོད་འཛིན་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་བོར་འཛིན་ཐུབ་པ་བྱེད་དགོས། འོན་ཀྱང་གཞི་རིམ་བར་མའི་བསླབ་གཞིའི་ རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས་པ་ཡིད་འཇགས་འཚལ།

ང་ཚོའི་སློབ་ཁྲིད་དང་སློབ་སྦྱོང་གི་དམིགས་ཡུལ་ནི་སློབ་ཚན་བྱེ་བྲག་པ་དང་། སློབ་དེབ་བྱེ་བྲག་པ་སློབ་པ་ཙམ་མ་ཡིན་པར། སློབ་མའི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན༌སྟབས། སློབ་དེབ་འདི་ཉིད་དང་དེའི་གཞོགས་འདེགས་ཀྱི་ཀློག་

དེབ་<<ང་ཚོའི་ཕ་ཡུལ་བོད།>>དང་། <<རི་མོ་མཁན་གྲགས་ཅན།>><<གསར་བརྗེ།>><<ནང་པའི་གནས་ ཆེན།>> ཞེས་པ་སོགས་བེད་སྤྱོད་གནད་སྨིན་དུ་བཏང་སྟེ། སློབ་ཕྲུག་གི་ཤེས་ཡོན་གྱི་ནུས་རྩལ་གོང་མཐོར་གཏོང་བའི་

རེ་འདུན་ཞུ་རྒྱུ་དང་། སློབ་དེབ་འདི་ལ་འཐུས་སྒོ་མ་ཚང་བ་དང་། གསར་སྣོན་བྱེད་དགོས་ངེས་ཀྱི་རིགས་ལ་འབྲེལ་ཡོད་སློབ་

དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་དགོངས་འཆར་ཡིག་ངག་གཉིས་ཐོག་ནས་དུས་ནས་དུས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ བཅས། ཤེས་རིག་ལས་ཁུངས་ནས། རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༧ ཉིན།


༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་ པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི།

དང་པོ། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་ གཞི་རྩ་ཡིན་པར་འདོད།

གཉིས་པ། ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་ གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་

དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་

ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་

གཅིག་མཚུངས་ཡིན་པར་འདོད།

གསུམ་པ། ངོས་རང་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་

ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ལ་སེམས་ཁུར་དང༌། བཙན་འོག་ལ་གནས་པའི་

བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་བྱ་རྒྱུ་དེའང་ངོས་ཀྱི་འགན་ཁུར་ཡིན།

བཞི་པ། ངོས་རང་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་

གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་

རྒྱ་གར་ནང་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཐུབ་པར་

ངོས་འཛིན་བྱེད་ཀྱི་ཡོད།


ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ༡། སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་ སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་བྱེད་ནུས་པའི་བསམ་སྤྱོད་

ཀྱི་རང་དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ་གཞན་ལ་

བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་

པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་ སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་བཅས་“རང་དབང་”དང༌།

༢། རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ནུས་པའི་ “གཞན་ཕན།”

༣། འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་ ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་ རྣམས་བརྒྱུད་འཛིན་བྱེད་ནུས་པའི་“རྒྱུན་འཛིན།”

༤། འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་“གསར་གཏོད་”བཅས་ བཞི་དང་ལྡན་པའི་ཡུལ་མི་བསྐྲུན་རྒྱུ་དེ་ཡིན། །


དཀར་ཆག

1ü 2ü

ས་ཁམས་རིག་པ།

ཉི་མའི་ཁྱིམ་རྒྱུད་དང་སའི་གོ་ལ།..................................................................................... 1

སའི་གོ་ལའི་དཔེ་དབྱིབས།............................................................................................ 9

3ü སའི་གོ་ལའི་འགུལ་སྐྱོད།.............................................................................................21 4ü

5ü 6ü 7ü

8ü 9ü

ས་ཁྲ།.................................................................................................................... 27

སའི་གོ་ལའི་གྲུབ་ཆ་གཙོ་བོ།........................................................................................ 37 ང་ཚོའི་ཕ་ཡུལ་བོད།...................................................................................................49 ང་ཚོའི་གནས་ཚང་རྒྱལ་ཁབ་རྒྱ་གར།..............................................................................57

རྒྱ་གར་གྱི་ལོ་རྒྱུས།

ལོ་རྒྱུས་ཇི་ལྟར་སྦྱོང་དགོས་སམ།...................................................................................69 ཞིང་འབྲོག་གི་འཚོ་བ་འགོ་བཙུགས་པ།............................................................................77

10ü གནའ་བོའི་གྲོང་ཁྱེར།................................................................................................. 82

11ü དོགས་སློང་དང་ལྟ་གྲུབ་སྣ་ཚོགས་བྱུང་ཚུལ།......................................................................87 12ü དམག་འཁྲུག་གི་ལས་སྤངས་པའི་ཆོས་རྒྱལ་མྱ་ངན་མེད།.......................................................97


བོད་ཀྱི་ལོ་རྒྱུས།

13ü བོད་ཡུལ་ངོ་སྤྲོད།.................................................................................................... 105 14ü གནའ་རབས་བོད་མིའི་ཤེས་རིག ................................................................................ 115

15ü གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་རབས།.................................................................. 119

བོད་གནས་ངོ་སྤྲོད།

16ü བོད་ཀྱི་རྒྱལ་དར་ངོ་སྤྲོད།........................................................................................... 129

17ü བོད་ཀྱི་འབྲོག་པ།..................................................................................................... 135 18ü བོད་ཀྱི་དུས་ཆེན་དང་དུས་དྲན།.................................................................................... 142

སྤྱི་ཚོགས་དང་སྲིད་དོན་གྱི་འཚོ་བ།

19ü མི་དང་སྤྱི་ཚོགས།................................................................................................... 155 20ü སྣ་མང་གི་སྤྱི་ཚོགས།................................................................................................ 160 21ü འདྲ་མཉམ་གྱི་འཚོ་བ།............................................................................................... 168 22ü ཅི་ཞིག་ལ་སྲིད་གཞུང་ཟེར།......................................................................................... 176


ས་ཁམས་རིག་པ།

"" ཉི་མའི་ཁྱིམ་རྒྱུད་དང་སའི་གོ་ལ། "" སའི་གོ་ལའི་དཔེ་དབྱིབས། "" སའི་གོ་ལའི་འགུལ་སྐྱོད། "" ས་ཁྲ།

"" སའི་གོ་ལའི་གྲུབ་ཆ་གཙོ་བོ། "" ང་ཚོའི་ཕ་ཡུལ་བོད།

"" ང་ཚོའི་གནས་ཚང་རྒྱལ་ཁབ་རྒྱ་གར།



ཉི་མའི་ཁྱིམ་རྒྱུད་དང་སའི་གོ་ལ།

ས་ཁམས་རིག་པ།

༄༅། །ང་ཚོས་ཤེས་གསལ་ལྟར། མིའི་རིགས་ནི་སའི་གོ་ལའི་སྟེང་དུ་འཚོ་

གནས་བྱེད་ཀྱི་ཡོད་ཅིང་། སའི་གོ་ལ་ནི་མཁའ་དབྱིངས་ཀྱི་ཉི་མའི་ཁྱིམ་རྒྱུད་

ནང་གི་གཟའ་ཞིག་ཡིན། གནམ་ངོ་དྭངས་པའི་མཚན་མོ་རྒྱང་ཤེལ་ལ་བརྟེན་

པའམ་མ་བརྟེན་པར་བར་སྣང་དུ་བལྟས་ན། འོད་ཆེམ་ཆེམ་དུ་འཕྲོ་བའི་རྒྱུ་སྐར་ དང་། འཕེལ་འགྲིབ་ཀྱི་འགྱུར་ལྡོག་ཆེ་བའི་ཟླ་བ་སོགས་མཐོང་ཐུབ། སྐབས་

འགར་ད་དུང་གཟུགས་དབྱིབས་རབ་རིབ་ཀྱི་སྐར་སྤྲིན་ (Nebula) དང་། འོད་ འཁྱུག་གེར་སྐྱོད་པའི་སྐར་མདའ། སྐར་མ་དུ་བ་མཇུག་རིང་

(Comet)

དཔེ་རིས། ༡་༡ ཉི་མའི་ཁྱིམ་རྒྱུད།

སོགས་ ཁྱེད་ཀྱི ས ་རང་ཉི ད ་དང་འཇི ག ་རྟེན་ཁམས་

ཀྱང་མཐོ ང་ཐུབ། གནམ་དཔྱད་རྒྱང་ཤེ ལ་དང་བར་སྣང་འཚོལ་ཞིབ་བྱེད་ ཀྱི ་ དབར་འབྲེ ལ ་བ་ཅི ་ ཞི ག ་ཡོ ད ་པ་རྟོགས་ ཐབས་གཞན་དག་ལ་བརྟེན་ན་ད་དུང་མཁའ་དབྱིངས་ཀྱི་ཕུང་གཟུགས་མང་པོ་

འཚོལ་ཞིབ་བྱེད་ཐུབ་ཅིང་། དེ་དག་ཚང་མར་གནམ་གཟུགས་སམ་བར་སྣང་ གི་ཕུང་པོ་ (Celestial body) ཞེས་ཟེར།

སམ། ང་ཚོ་འགྲོ་བ་མི་རྣམས་ནི་སའི་གོ་ལའི་

ཐོག་འཚོ་སྡོད་བྱེད་ཀྱི་ཡོད། སའི་གོ་ལ་ནི་ཉི་

མའི་ཁྱིམ་རྒྱུད་ནང་གི་གཟའ་ཞིག་རེད། ཉི་

མའི་ཁྱིམ་རྒྱུད་ནི་དགུ་ཚིགས་ (Galaxy) ཀྱི་

ཆ་ཤས་ཤིག་རེད། ང་རང་ཚོའི་དགུ་ཚིགས་

ཉི་མའི་ཁྱིམ་རྒྱུད། (Solar System)

ཀྱི་མིང་ལ་དགུ་ཚིགས་སྐྱ་མོ་ཞེས་ཟེར་ཞིང་།

ཉི་མའི་ཁྱིམ་རྒྱུད་ནི་དགུ་ཚིགས་སྐྱ་མོའི་ཁྱིམ་རྒྱུད་ཀྱི་ནང་ཚན་ཞིག་ཡིན། དེ་ དེའི་ནང་སྐར་མ་ཐེར་འབུམ་བཞི་བརྒྱ་ལྷག་

ནི་ཉི་མ་དང་གཟའ་བརྒྱད། འཁོར་སྐར། དེ་བཞིན་སྐར་ཕྲན་དང་སྐར་རྡོ་སོགས་ ཡོད། འཇིག་རྟེན་ཁམས་ནང་དགུ་ཚིགས་ཐེར་ བར་སྣང་གི་ཕུང་པོ་སྣ་མང་ལས་གྲུབ་པ་ཞིག་ཡིན།

(དཔེ་རིས་ ༡་༡ ལ་གཟིགས།)

འབུམ་བརྒྱ་ཕྲག་མང་པོ་ཡོད།

ཉི་མ། (Sun)

ཉི་མ་ནི་ཧ་ཅང་ཚ་བའི་རླངས་གཟུགས་ཀྱི་གོ་ལ་ཞིག་ཡིན་ཞིང་། དེ་ནི་ཉི་

མའི་ཁྱིམ་རྒྱུད་ཀྱི་དབུས་སུ་གནས་ཡོད། ཉི་མའི་ཁྱིམ་རྒྱུད་ནང་དྲོད་དང་འོད་ ཟེར་འགྱེད་མཁན་གཙོ་བོ་ནི་ཉི་མ་ཡིན་པ་དང་། ཉི་མའི་དྲོད་ཚད་ཧ་ཅང་མཐོ་

1

དཔེ་རིས། ༡་༢ དགུ་ཚིགས་སྐྱ་མོ།

(Milkyway Galaxy)


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ལྟ་ཀློག་བྱ་རྒྱུ་།

ཉི ་ མའི ་ ཁྱི མ ་རྒྱུད་ཀྱི ་ གཟའ་རྣམས་ལ་སྐྱེ་

དངོ ས ་འཚོ ་ གནས་ཐུབ་པའི ་ ཆ་རྐྱེ ན ་ལྡན་ མེད་པའི་རྒྱུ་མཚན་ཅི་ཡིན།

སའི ་ གོ ་ ལ་ཕུད་པའི ་ ཉི ་ མའི ་ ཁྱི མ ་རྒྱུད་ཀྱི ་

གཟའ་རྣམས་ལ་སྐྱེ་དངོས་འཚོ་གནས་ཐུབ་

པོ་ཡིན་ཡང་། སའི་གོ་ལ་དང་བར་ཐག་རིང་བའི་དབང་གིས་ང་ཚོས་ཚ་དྲོད་ དེ་ཙམ་ཚོར་མི་ཐུབ། ཉི་མ་དང་སའི་གོ་ལའི་དབར་རྒྱང་ཐག་ཀི་ལོ་མི་ཊར་ ས་ཡ་ ༡༥༠ ཙམ་ཡོད།

ཉི་མའི་ཁྱིམ་རྒྱུད་ནང་གཟའ་

གཟའ།(Planet)

(planet)

ལྷག་པ་དང་། (Mercury) པ་སངས། ཕུར་བུ།

སྤེན་པ།

བརྒྱད་ཡོད། གཟའ་བརྒྱད་པོ་དེ་དག་ནི།

(Venus)

སའི་གོ་ལ།

(Earth)

གཟའ་རྣམ་རྒྱལ།

མིག་དམར།

གཟའ་

པའི་ཆ་རྐྱེན་ཚང་མེད། དཔེར་ན། གཟའ་

(Mars)

ལ་ཆུ་ཡང་མེ ད ་ཅི ང་། ཉིན་མོ ་དང་མཚན་

རྒྱལ་ (Pluto) ཡང་གཟའི་ཁོངས་སུ་བགྲངས་མོད། འོན་ཀྱང་རྒྱལ་སྤྱིའི་སྐར་

ལྷག་པའི་སྟེང་དུ་རླུང་ཁམས་ཆེན་པོ་མེད་ མོའི་དྲོད་ཚད་བར་ལ་ཁྱད་པར་ཧ་ཅང་ཆེན་

པོ་ཡོད། དེ་བཞིན་གཟའ་པ་སངས་ལ་རླུང་ ཁམས་ཡོད་ཀྱང་ཆུ་མེད་པ་མ་ཟད། ཚ་དྲོད་

ཤིན་ཏུ་ཆེ་བས་ཚེ་སྲོག་གནས་ཐབས་མེད།

དེ ་ མི ན ་གཟའ་མི ག ་དམར་སོ ག ས་གཟའ་

གཞན་རྣམས་ཀྱི་དྲོད་ཚད་ཧ་ཅང་དམའ་བས་ སྐྱེ་དངོས་འཚོ་གནས་ཐུབ་ཀྱི་མེད་དོ། །

མཚོ་རྒྱལ་

(Jupiter)

(Neptune)

དཔྱད་མཐུན་ཚོགས་

(Saturn)

(Uranus)

བཅས་ཡིན། ཕྱི་ལོ་ ༢༠༠༦ གི་སྔོན་དུ་གཟའ་གཤིན་

(International Astronomical Union)

ཀྱིས་གཟའ་གཤིན་

རྒྱལ་དེ་གཟའི་གྲས་ནས་ཕུད་དེ་གཟའ་ཕྲན་ (Dwarf Planet) ཞེས་པར་ངོས་

འཛིན་བྱས་པས་དེང་སྐབས་ཉི་མའི་ཁྱིམ་རྒྱུད་ནང་གཟའ་བརྒྱད་ལས་མེད། གཟའ་བརྒྱད་པོ་དེ་དག་གིས་འཁོར་ལམ་ངེས་ཅན་ཞིག་གི་ནང་ཉི་མར་སྐོར་བ་ རྒྱག་གི་ཡོད། ལྷག་པ་ནི་ཉི་མ་དང་བར་ཐག་ཉེ་ཤོས་ཀྱི་གཟའ་ཞིག་ཡིན་ཞིང་།

དེས་ཉི་མར་སྐོར་བ་ཆ་ཚང་ཞིག་རྒྱག་པར་ཉིན་ ༨༨ འགོར་གྱི་ཡོད། པ་སངས་

ལ་སའི་གོ་ལའི་མཚེ་མ་ཞེས་བརྗོད་དེ། དེའི་ཆེ་ཆུང་དང་བཟོ་ལྟ་ནི་སའི་གོ་ལ་

དང་ཧ་ཅང་འདྲ་པོ་ཡོད། རྒྱུ་སྐར་ (Star) ལ་རང་ཉིད་ཀྱི་དྲོད་དང་འོད་ཡོད་ནའང་

གཟའ་རྣམས་ལ་དྲོད་དང་འོད་མེད་དོ། །

སའི་གོ་ལ། (Earth)

ཉི ་ མའི ་ ཁྱི མ ་རྒྱུད་ནང་གཟའ་བརྒྱད་ཡོ ད ་པ་ལས་སའི ་ གོ ་ ལ་ཡང་དེ ་ ཚོ འི ་

ཁོངས་ཀྱི་གཟའ་ཆུང་གྲས་ཤིག་ཡིན་ཞིང་། ཉི་མ་དང་བར་ཐག་ཉེ་ཤོས་གསུམ་ དཔེ་རིས། ༡་༣ སའི་གོ་ལ།

པ་དེ་རེད། སའི་གོ་ལ་ནི་སྐྱེ་དངོས་འཚོ་གནས་དང་སྐྱེ་འཕེལ་འབྱུང་བར་འཕྲོད་

པའི་གཟའ་གཅིག་པུ་དེ་ཡིན། སའི་གོ་ལ་གཅིག་པུའི་སྟེང་དུ་སྐྱེ་དངོས་གནས་

ཐུབ་དོན་ནི། སའི་གོ་ལ་དང་ཉི་མའི་དབར་གྱི་བར་ཐག་ཉེ་རིང་འཚམ་པོ་ཡོད་

2


ས་ཁམས་རིག་པ།

པའི་རྐྱེན་གྱིས་རེད། སའི་གོ་ལའི་ཕྱི་སྣོད་ཀྱིས་སྐྱེ་དངོས་འཚོ་གནས་ཐུབ་

པར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད་དེ། ༡། ཚ་དྲོད་རན་པོ་ཡོད་པ།

༢། རླན་གཤེར་རང་བཞིན་གྱི་ཆུ་ཡོད་པ།

༣། སྐྱེ་དངོས་རྣམས་དབུགས་འབྱིན་རྔུབ་བྱེད་རྒྱུར་འཚམ་པའི་རླུང་ཁམས་ ཆེན་པོ་ཡོད་པ་བཅས་སོ།།

ཉི་མའི་ཁྱིམ་རྒྱུད་ནང་སའི་གོ་ལ་གཅིག་པུ་ནི་མིའི་རིགས་འཚོ་གནས་བྱེད་

ཡུལ་འཚམ་ཤོས་དེ་ཡིན། དེར་བརྟེན་སའི་གོ་ལར་གཅེས་སྤྲས་བྱས་ཏེ་ བཙོག་པ་དང་། གཏོར་སྐྱོན་མ་འཕོག་པར་བྱེད་རྒྱུ་ནི་ང་ཚོ་སའི་གོ་ལའི་

ཐོག་འཚོ་གནས་བྱེད་མཁན་མི་ཚང་མའི་འོས་འགན་ཡིན།

བར་སྣང་ནས་སའི་གོ་ལའི་ཕྱོགས་སུ་བལྟས་ཚེ། སའི་གོ་ལའི་མདོག་སྔོན་

དཔེ་རིས། ༡་༤ སྐར་སྤྲིན་སྡིག་སྲིན་དབྱིབས་ཅན།

སྐར་སྤྲིན་

(Nebula)

ནི་རླངས་གཟུགས་

དང་ཐལ་རྡུལ་གྱིས་གྲུབ་ཅིང་། ཕྱི་ངོས་སུ་ སྤྲིན་སྨུག་རྣམ་པ་མངོན་པའི་གནམ་གཟུགས་ ཤིག་ཡིན།

པོ་མངོན་གྱི་ཡོད། དེའི་རྒྱུ་མཚན་ནི་སའི་གོ་ལའི་ངོས་ཀྱི་སུམ་ཆ་གཉིས་

ཆུས་ཁེངས་ཡོད་པས་ཆུའི་ཁ་དོག་ལ་བརྟེན་ནས་བྱུང་། དེར་བརྟེན་མི་རྣམས་ ཀྱིས་སའི་གོ་ལར་གཟའ་སྔོན་པོ་ཞེས་ཀྱང་འབོད།

ཟླ་བ། (Moon)

ང་ཚོའི་སའི་གོ་ལ་འདིར་འཁོར་སྐར་གཅིག་རང་ཡོད་པ་དེ་ནི་ཟླ་བ (Moon) རེད། ཟླ་བའི་ཚངས་ཐིག་གི་རིང་ཚད་ནི་སའི་གོ་ལའི་ཚངས་ཐིག་གི་བཞི་ཆ་ གཅིག་ལས་ཟིན་གྱི་མེད།

དཔེ་རིས། ༡་༥ ཕྱི་ལོ་ ༡༩༩༣ ལོར་གྷེ་ལི་ལོ་བར་སྣང་འཕྲུལ་ ཆས་ (Galileo Spacecraft) ཀྱིས་པར་བླངས་པའི་སྐར་ཕྲན་ ཨི་ཌ།

ཟླ་བས་རང་འཁོར་དང་གཞན་འཁོར་བྱེད་པའི་དུས་ཡུན་རིང་ཐུང་གཅིག་པ་ ཡིན་པར་བརྟེན་སའི་གོ་ལའི་ཐོག་ནས་ཟླ་བའི་ངོས་གཅིག་ལས་མཐོང་མི་ཐུབ། ཟླ་བས་སའི་གོ་ལར་གཞན་འཁོར་བྱེད་པར་ཆ་སྙོམས་ཉིན་ ༢༧ ཙམ་འགོར་

གྱི་ཡོད། ཟླ་བའི་ཐོག་ཆུ་དང་རླུང་མེད་པར་བརྟེན་སྲོག་ཆགས་དང་རྩི་ཤིང་སྐྱེ་

གནས་མི་ཐུབ། ཟླ་བའི་སྟེང་ཉི་མ་ཤར་དུས་དྲོད་ཚད་ཧ་ཅང་མཐོན་པོ་ཡོད། འོན་ཀྱང་མཚན་མོ་ཟླ་བའི་སྟེང་འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེའི་གནམ་

3

དཔེ་རིས ༡་༦ ཨེ་རི་ཛོ་ནར་ཡོད་པའི་སྐར་རྡོའི་དོང་།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

གཤིས་ལས་ཀྱང་གྲང་ངར་ཆེ་བ་ཡོད།

སྐར་ཕྲན། (Asteroids)

རྒྱུ་སྐར་དང་གཟའ། འཁོར་སྐར་སོགས་མ་ཡིན་པའི་བར་སྣང་གི་དངོས་

དཔེ་རིས། ༡་༧ སའི་གོ་ལའི་ཐོག་སྐར་ཕྲན་ལྷུང་བའི་རྣམ་པ། སྣུམ་ཚོན་རི་མོ།

གལ་ཏེ་གནམ་རྡོ་ཆེན་པོ་ཞིག་སའི་གོ་ལའི་ཐོག་

གཟུགས་ཆུང་ཆུང་མང་པོ་ཞིག་གིས་ཉི་མར་སྐོར་སྐྱོད་བྱེད་ཀྱི་ཡོད། དངོས་ གཟུགས་དེ་དག་གི་མིང་ལ་སྐར་ཕྲན་

(Asteroids)

བ་གཟའ་མིག་དམར་དང་ཕུར་བུའི་འཁོར་ལམ་

ཞེས་ཟེར། དེ་དག་ཕལ་ཆེ་

(Orbit)

གྱི་བར་དུ་གནས་ཡོད།

ཚན་རིག་པ་ཚོས་སྐར་ཕྲན་དེ་དག་ནི་གནའ་སྔ་མོར་གཟའ་གས་འཐོར་བྱུང་བའི་

ལྷུང་ན་དེས་གཏོར་སྐྱོན་ཧ་ཅང་ཆེན་པོ་བཟོ་ངེས་ ཧྲུག་རྡོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རེད། ཚན་རིག་པ་ཚོས་ལོ་ངོ་ས་ཡ་ ༦༥ ཡར་

སྐར་རྡོ། (Meteorites)

སྔོན་དུ་སའི་གོ་ལའི་ཐོག་གནམ་རྡོ་ཆེན་པོ་ཞིག་

ལྷུང་བ་དང་། དེས་སའི་གོ་ལའི་གནམ་གཤིས་ སྐར་ཕྲན་ལས་ཆེས་ཆུང་བའི་གནམ་གཟུགས་ཧ་ཅང་ཆུང་ཆུང་མང་པོ་ཞིག་ ལ་འགྱུར་ལྡོག་ཆེན་པོ་བཏང་སྟེ་གཏུམ་འབྲུག་གི་ རིགས་རྩ་སྟོང་སོང་བར་འདོད་ཀྱི་ཡོད།

ཁྱེད་ཀྱིས་ཤེས་སམ།

གིས་ཀྱང་ཉི་མར་སྐོར་བ་རྒྱག་གི་ཡོད། གནམ་གཟུགས་ཆུང་ཆུང་དེ་དག་ནི་

སྐར་ཕྲན་དང་སྐར་མ་དུ་བ་མཇུག་རིང་ (Comet) གས་འཐོར་བྱུང་བའི་ཧྲུག་རྡོ་

རེད། སྐར་ཕྲན་དེ་དག་གིས་སྐར་ཕྲན་གྱི་སྐེ་རགས་ (Asteroids belt) བརྒྱུད་

ཉི་མར་སྐོར་བ་རྒྱག་གི་ཡོད། སྐར་ཕྲན་དང་གནམ་གཟུགས་ཆུང་ཆུང་དེ་

འོད་ནི་སྐར་ཆ་རེར་ཀི་ལོ་མི་ཊར་ ༣༠༠,༠༠༠ དག་སའི་གོ་ལ་དང་ཐག་ཉེ་སར་སླེབས་སྐབས་སའི་གོ་ལའི་རླུང་ཁམས་དང་ ཙམ་སྐྱོད་ཐུབ། འོན་ཀྱང་མགྱོགས་ཚད་འདི་ བརྡར་ཤུད་བྱས་པ་བརྒྱུད་ཧ་ཅང་ཚ་པོ་ཆགས་ཏེ་འོད་ཐོན་པས། སའི་གོ་ འདྲ་ཞིག་གི་ཐོག་ཉི་མའི་འོད་སའི་གོ་ལའི་ཐོག་

སླེབས་པར་སྐར་མ་ ༨ ཙམ་འགོར་གྱི་ཡོད།

ལའི་ཐོག་ནས་བལྟས་ཚེ་དེ་ནི་འོད་ཀྱི་མདའ་དང་འདྲ་ཞིང་། མི་རྣམས་ཀྱིས་ དེར་སྐར་མདའ་ (Meteor) ཞེས་འབོད། སྐར་མདའ་མང་ཆེ་བ་རླུང་དང་བརྡར་

ཏེ་འཚིག་ནས་ཐལ་བར་འགྱུར་མོད། སྐར་མདའ་རེ་ཟུང་ད་དུང་ཡོངས་སུ་ འཚིག་མ་ཐུབ་པར་སའི་གོ་ལའི་ཐོག་ལྷུང་གི་ཡོད། སའི་གོ་ལའི་ཐོག་ལྷུང་

བའི་གནམ་རྡོ་དེ་དག་ལ་སྐར་རྡོ་ (Meteorites) ཞེས་བརྗོད་ཀྱི་ཡོད། སྐར་རྡོ་དེ་

དག་སར་ལྷུང་རྗེས་ས་དོང་ཆེན་པོ་རེ་བཟོས་ཤིང་། དེ་ལ་སྐར་ཕྲན་གྱི་དོང་

(Asteroid crater)

དཔེ་རིས། ༡་༨ ཧེ་ལེ་སྐར་མ་དུ་བ་མཇུག་རིང་།

ཞེས་ཟེར།

4


5

༤.

༣.

བྲག་རྡོ་ལས་གྲུབ་ཅིང་། ཉི་མ་དང་ཐག་ཅུང་ཉེ་སར་གནས་ཡོད།

ཉིན་ ༡ ཟླ་བའི་གྲངས། ----༢

མིག་མར། ཉི་མར་གཞན་འཁོར་རྒྱག་པར་ཉིན་ ༦༨༧ རང་འཁོར་རྒྱག་པར་

ཉིན་ ༡ ཟླ་བའི་གྲངས། ----༡

སའི་གོ་ལ། ཉི་མར་གཞན་འཁོར་རྒྱག་པར་ཉིན་ ༣༦༥ རང་འཁོར་རྒྱག་པར་

ཉིན་ ༢༤༣

ལྷག་པ། ཉི་མར་གཞན་འཁོར་རྒྱག་པར་ཉིན་ ༨༨ རང་འཁོར་རྒྱག་པར་ཉིན་ ༥༩ ༢. པ་སངས། ཉི་མར་གཞན་འཁོར་རྒྱག་པར་ཉིན་ ༢༥༥ རང་འཁོར་རྒྱག་པར་

༡.

སྐར་མ་ ༤༠ ཟླ་བའི་གྲངས། ----༣༠

སྤེན་པ། ཉི་མར་གཞན་འཁོར་རྒྱག་པར་ལོ་ ༢༩ དང་ཟླ་བ་ ༥ རང་འཁོར་རྒྱག་པར་ཆུ་ཚོད་ ༡༠ དང་

རླངས་གཟུགས་དང་གཤེར་གཟུགས་ལས་གྲུབ་ཅིང་། ཉི་མ་དང་ཐག་ཧ་ཅང་རིང་སར་གནས་ཡོད།

མ་ ༧ ཟླ་བའི་གྲངས། ----༨

༨. གཟའ་མཚོ་རྒྱལ། ཉི་མར་གཞན་འཁོར་རྒྱག་པར་ལོ་ ༡༦༤ རང་འཁོར་རྒྱག་པར་ཆུ་ཚོད་ ༡༦ དང་སྐར་

མ་ ༡༤ ཟླ་བའི་གྲངས། ----༡༧

༧. གཟའ་རྣམ་རྒྱལ། ཉི་མར་གཞན་འཁོར་རྒྱག་པར་ལོ་ ༨༤ རང་འཁོར་རྒྱག་པར་ཆུ་ཚོད་ ༡༧ དང་སྐར་

༦.

མ་ ༥༦ ཟླ་བའི་གྲངས། ----༡༦

༥. ཕུར་བུ། ཉི་མར་གཞན་འཁོར་རྒྱག་པར་ལོ་ ༡༡ དང་ཟླ་བ་ ༡༡ རང་འཁོར་རྒྱག་པར་ཆུ་ཚོད་ ༩ དང་སྐར་

ས་ཁམས་རིག་པ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

མིང་།

ངོ་བོ་དང་གནས་ས་མི་འདྲ་བའི་གནམ་རྡོ།

གནས་ས་དང་ཁྱད་ཆོས།

སྐར་ཕྲན།

གཟའ་མིག་དམར་དང་ཕུར་བུའི་འཁོར་ལམ་དབར་དུ་རྒྱུ་བའི་བར་སྣང་གི་དངོས་གཟུགས།

རིང་།

སྐབས་འཁྱགས་པ་ཞུ་ནས་དུ་བ་མཇུག་རིང་མངོན།

སྐར་མ་དུ་བ་མཇུག་ འཁྱགས་པ་དང་རྡོ་ལས་གྲུབ་པའི་གནམ་གཟུགས་ཤིག་ཡིན། ཉི་མ་དང་ཐག་ཉེར་སླེབས་ སྐར་མདའ།

སྐར་ཕྲན་དང་གནམ་གཟུགས་ཆུང་ཆུང་དག་སའི་གོ་ལའི་རླུང་ཁམས་ནང་འཛུལ་ཡོང་སྐབས།

རླུང་དང་བརྡར་ཏེ་འོད་ཐོན་པ་དང་། སའི་གོ་ལའི་ཐོག་ནས་ལྟ་སྐབས་དེ་ནི་འོད་ཀྱི་མདའ་དང་

འདྲ་བས་སྐར་མདའ་ཟེར།

སྐར་མ་དུ་བ་མཇུག་རིང་དང་སྐར་ཕྲན་གྱི་ཧྲུག་རྡོ་སའི་གོ་ལའི་ཐོག་ལྷུང་བ་རྣམས་ལ་སྐར་རྡོ་

སྐར་རྡོ།

ཟེར།

འཁོར་སྐར་ (Satellite) ནི་གནམ་གཟུགས་ཤིག་རེད། སའི་གོ་ལས་ཉི་མར་སྐོར་བ་རྒྱག་ པ་བཞིན་འཁོར་སྐར་གྱིས་སའི་གོ་ལར་སྐོར་བ་རྒྱག་གི་ཡོད།

འཁོར་སྐར་རྫུས་མའམ་བཅོས་མའི་འཁོར་སྐར།

འཁོར་སྐར་རྫུས་མ་ནི་ཚན་རིག་པ་ཚོས་འཇིག་རྟེན་གྱི་གནས་ཚུལ་དང་། བརྡ་འཕྲིན་བསྡུ་རུབ་ དཔེ་རིས། ༡་༩ འཁོར་སྐར།

གཟའ་ བརྒྱད།

བྱེད་ཆེད་བཟོས་པ་ཞིག་རེད། འཁོར་སྐར་རྫུས་མ་དེ་མེ་ཤུགས་འཕུར་མདར་བརྟེན་ནས་བར་ སྣང་ལ་གཏོང་བ་དང་། སའི་གོ་ལའི་མཐའ་འཁོར་གྱི་འཁོར་ལམ་ནང་འཇོག་གི་ཡོད།

ལྷག་པ།-Mercury

ཕུར་བུ།-Jupiter

སའི་གོ་ལ།-Earth

གཟའ་རྣམ་རྒྱལ།-Uranus

པ་སངས།-Venus

མིག་དམར།-Mars

ཚིག་ གསར།

སྤེན་པ།-Saturn

གཟའ་མཚོ་རྒྱལ།-Neptune

6

སྐར་སྤྲིན- Nebula

སྐར་མ་དུ་བ་མཇུག་རིང་།-Comet

བར་སྣང་གི་ཕུང་པོ།-Celestial Body དགུ་ཚིགས།-Galaxy འཁོར་ལམ།-Orbit


ས་ཁམས་རིག་པ། བསྐྱར་སྦྱོང་། ༡། ཉི་མའི་ཁྱིམ་རྒྱུད་ནང་སའི་གོ་ལ་ལས་གཟའ་གཞན་གྱི་ཐོག་སྐྱེ་དངོས་འཚོ་གནས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་རེད། ༢། ཅི་ཞིག་ལ་སྐར་རྡོ་ཟེར།

༣། ཅི་ཞིག་ལ་འཁོར་སྐར་ཟེར། བཅོས་མའི་འཁོར་སྐར་ལ་བེད་སྤྱོད་གང་འདྲ་ཡོད།

༤། གལ་ཏེ་སྐར་རྡོ་ཆེན་པོ་ཞིག་སའི་གོ་ལའི་ཐོག་ལྷུང་ན་དེས་སའི་གོ་ལར་ཤུགས་རྐྱེན་ཇི་འདྲ་ཐེབས་སྲིད་དམ།

སྦྱོང་ཚན། དང་པོ། གཤམ་གྱི་དྲི་བ་ཁག་ལ་ལན་གནད་བསྡུས་རེ་བྲིས། ༡།

གཟའ་དང་སྐར་མ་གཉིས་ལ་མི་འདྲ་བའི་ཁྱད་ཆོས་གང་དག་ཡོད།

༣།

ཉི་མ་དང་བར་ཐག་ཉེ་རིང་ལ་ལྟོས་ནས་གཟའ་བརྒྱད་ཀྱི་མིང་གོ་རིམ་བཞིན་བྲིས།

༢།

༤། ༥།

༦། ༧། ༨།

༩།

ཉི་མའི་ཁྱིམ་རྒྱུད་ཀྱི་གྲུབ་ཆ་གཙོ་བོ་གང་དག་ཡིན།

སའི་གོ་ལའི་ཐོག་ཏུ་སྐྱེ་དངོས་འཚོ་གནས་ཐུབ་པར་ཆ་རྐྱེན་གང་ཡོད་དམ། ང་ཚོས་ཟླ་བའི་ངོས་གཅིག་ལས་མི་མཐོང་བའི་རྒྱུ་མཚན་གང་ཡིན་ནམ། སའི་གོ་ལ་གནས་སའི་དགུ་ཚིགས་ཀྱི་མིང་ལ་ཅི་ཟེར།

སའི་གོ་ལ་དེ་ཉི་མ་དང་རྒྱང་ཁྱད་ག་ཚོད་སར་གནས་ཡོད་དམ། སའི་གོ་ལར་གཅེས་སྤྲས་བྱེད་དགོས་དོན་གང་ཡིན་ནམ།

བར་སྣང་ནས་ལྟ་སྐབས་སའི་གོ་ལའི་མདོག་སྔོན་པོར་སྣང་དོན་ཅི་ཡིན།

གཉིས་པ། འོས་འཚམ་གྱི་ལན་འདེམས་དགོས། ༡།

སའི་གོ་ལའི་མཚེ་མ་ཞེས་བརྗོད་པའི་གཟའ་དེའི་མིང་ལ་

༢།

ཉི་མ་དང་ཐག་ཉེ་ཤོས་ཀྱི་གཟའ་གསུམ་པ་ནི་

ཀ) ཕུར་བུ།

ཁ) སྤེན་པ།

ཀ) པ་སངས།

ཁ) སའི་གོ་ལ།

...........................................

ག) པ་སངས།

...........................................

ག) ལྷག་པ།

7

རེད།

ཟེར།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ...........................................

༣།

སྐར་ཕྲན་ནི་

༤།

ཉི་མའི་ཁྱིམ་རྒྱུད་ནང་གཟའ་

༥། ༦།

ཀ) མིག་དམར་དང་ཕུར་བུ།

འཁོར་ལམ་བར་དུ་གནས་ཡོད།

...................................................

ཀ) བདུན།

ཁ) བརྒྱད།

ཀ) རྣམ་རྒྱལ།

ཁ) མཚོ་རྒྱལ།

གཟའ་

......................................................................

རྒྱུ་སྐར་ལ་རང་ཉིད་ཀྱི་ ཀ) དྲོད་དང་ཆུ།

གསུམ་པ། བྱེད་སྒོ།

ཁ) སའི་གོ་ལ་དང་མིག་དམར། ཡོད།

ག) མིག་དམར་དང་སྤེན་པ།

ག) དགུ

ཡང་སྔོན་ཆད་གཟའི་གྲས་སུ་བརྩིས་ཡོད། ག) གཤིན་རྒྱལ།

......................................................................

ཁ) དྲོད་དང་རླུང་ཁམས།

ཡོད།

ག) དྲོད་དང་འོད།

༡།

ཉི་མའི་ཁྱིམ་རྒྱུད་ཀྱི་རི་མོ་འཁོད་པའི་གྱང་སྦྱར་ཞིག་བཟོས།

༣།

སའི་གོ་ལ་དང་ཉི་མའི་ཁྱིམ་རྒྱུད་ཀྱི་བརྗོད་གཞིའི་ཐོག་འདྲི་རྩད་ལས་རིམ་ཞིག་གོ་སྒྲིག་བྱོས།

༢།

ཟླ་བའི་སྟེང་ཐོག་མར་སྐྱོད་མཁན་མི་སུ་ཡིན་ཤེས་པར་བྱས་ནས་དེའི་སྐོར་འཛིན་གྲྭའི་ནང་ཤོད།

8


སའི་གོ་ལའི་དཔེ་དབྱིབས།

ས་ཁམས་རིག་པ།

༄༅། །སའི་གོ་ལ་ནི་མིའི་རིགས་ཀྱི་ཁྱིམ་གཞིས་ཡིན་པ་དང་། མི་རྣམས་ཁྱིམ་གཞི་འདིར་འཚོ་བ་སྐྱེལ་རིམ་བཞིན་དེ་ ལ་རྒྱུས་མངའ་ལོན་དགོས་པ་ཡིན། དཔེར་ན། སའི་གོ་ལའི་དབྱིབས་གང་འདྲ་ཡིན་མིན་དང་། སའི་གོ་ལའི་ཐོག་གི་རྒྱ་

མཚོ་དང་སྐམ་ས་གང་འདྲ་འཁོད་ཡོད་པ། འཛམ་གླིང་ཐོག་རྒྱལ་ཁབ་དང་ས་ཁུལ་ཇི་ཙམ་ཡོད་པ་དང་། དེ་དག་སའི་གོ་

ལའི་ཕྱོགས་གང་དུ་གནས་ཡོད་པ་སོགས་ཤེས་རྟོགས་ཐུབ་དགོས། འོན་ཀྱང་། སའི་གོ་ལ་འདི་ཧ་ཅང་ཆེན་པོ་ཡོད་སྟབས་ མི་ཚོས་དེའི་རྣམ་པ་ཡོངས་སུ་མཐོང་དཀའ་བ་ཡིན། དེར་བརྟེན། མི་རྣམས་ ཀྱིས་སའི་གོ་ལའི་དབྱིབས་ལ་དཔེ་བལྟས་ཤིང་སྡུར་ཚད་ངེས་ཅན་ཞིག་ ཆུང་དུ་བཏང་རྗེས། སའི་གོ་ལའི་བཟོ་དབྱིབས་ཏེ་དཔེ་དབྱིབས་

(Globe)

བཟོས། སའི་གོ་ལའི་དཔེ་དབྱིབས་སྟེང་དུ་ཚོན་མདོག་དང་། མཚོན་རྟགས་

སྣ་ཚོགས། ཡི་གེ་བཅས་བཀོད་ནས་སྐམ་ས་དང་རྒྱ་མཚོ། རི་རྒྱུད། གཙང་

པོ་དང་མཚེའུ། རྒྱལ་ཁབ་དང་གྲོང་ཁྱེར་སོགས་ཀྱི་བཟོ་ལྟ་དང་གནས་ས། མིང་སོགས་མཚོན་པར་བྱས་ཡོད།

སའི་གོ་ལའི་དབྱིབས།

གནའ་སྔ་མོའི་མི་ཚོའི་འགྲུལ་སྐྱོད་བྱ་ཡུལ་ཧ་ཅང་ཆུང་བའི་རྐྱེན་གྱིས་རང་

རང་གི་ཚོར་སྣང་ཁོ་ནར་བརྟེན་ནས་འཛམ་གླིང་ལ་ངོས་འཛིན་བྱེད་པ་སྟེ།

དཔེ་རིས། ༢་༡ སའི་གོ་ལའི་དཔེ་དབྱིབས།

ཁོང་ཚོའི་མིག་མདུན་གྱི་ས་ངོས་ཁོད་སྙོམས་མཐོང་བར་བརྟེན། ས་གཞི་ སི་པན་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ནང་ ཚང་མ་ཁོད་སྙོམས་རེད་སྙམ་ནས་སའི་གོ་ལ་འདི་ལེབ་ལེབ་ཅིག་ཡིན་པར་ ཡོད་པའི་སའི་གོ་ལའི་དཔེ་དབྱིབས། དཔེ་

འདོད་ཀྱི་ཡོད། ཕྱིས་སུ་མི་རྣམས་ཀྱིས་ཕྱོགས་གང་ས་ནས་རྟོག་ཞིབ་བྱས་ དབྱིབས་འདི་ནི་ལོ་ངོ་ ༣༠༠ ཡར་སྔོན་ནས་ པ་བརྒྱུད་སའི་གོ་ལ་ལེབ་མོ་མིན་པ་རིམ་བཞིན་ཤེས་རྟོགས་བྱུང་། ལྷག་ བཟོས་པ་ཞིག་ཡིན་ཞིང་། འདི་ནི་མིའི་རིགས་ པར་དུ་ཕར་ཌི་ནན་ཌི་ མ་གེ་ལཱན་ (Ferdinand Magellan) གྱིས་མཚོ་ཐོག་

འགྲུལ་སྐྱོད་བྱས་ནས་སའི་གོ་ལར་སྐོར་བ་བརྒྱབས་པ་བརྒྱུད་སའི་གོ་ལའི་ དབྱིབས་ཟླུམ་པོ་ཡིན་པ་ར་སྤྲོད་བྱས། དེང་སྐབས་འཁོར་སྐར་གྱིས་བར་

9

ཀྱི ས ་ཆེས་ཐོག་མར་བཟོས་པའི་སའི་གོ་ ལའི་དཔེ་དབྱིབས་ཀྱི་གྲས་ཤིག་ཡིན། དཔེ་

དབྱིབས་འདིའི་བཟོ་ལྟ་ནི་རིལ་གཟུགས་ཡིན།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྣང་ནས་བླངས་པའི་སའི་གོ་ལའི་པར་རིས་ལ་བལྟས་ནས་མི་རྣམས་ཀྱིས་ སའི་གོ་ལའི་དབྱིབས་ནི་རིལ་གཟུགས་ཡིན་པ་མཐོང་བ་ཙམ་གྱིས་ཤེས་

ཐུབ་ཀྱི་ཡོད། འོན་ཀྱང་། སའི་གོ་ལ་འདི་སྤོ་ལོ་ཇི་བཞིན་ཟླུམ་པོ་ཟླུམ་རྐྱང་

དཔེ་རིས། ༢་༢ མ་གེ་ལཱན། (༡༤༨༠-༡༥༢༡)

ཞིག་མིན། ལྷོ་སྣེ་དང་བྱང་སྣེའི་དབར་གྱི་ཚངས་ཐིག་དེ་སའི་གོ་ལའི་དཀྱིལ་ ཐིག་གྱི་ཚངས་ཐིག་ལས་ཅུང་ཟད་ཐུང་བ་ཡོད་པས། སའི་གོ་ལའི་དབྱིབས་

ཟླུམ་གཟུགས་སུ་གྲུབ་ཡོད། འོན་ཀྱང་སའི་གོ་ལ་འདི་ཆེན་པོ་ཡོད་པས་ང་

མ་གེ་ལཱན་ (Ferdinand Magellan) གྱིས་སའི་གོ་ ཚོར་ཟླུམ་གཟུགས་ཡིན་པ་དེ་ཙམ་མངོན་གྱི་མེད། ལར་སྐོར་སྐྱོད་བྱས་པ།

༡༥༡༩ ལོའི་ཟླ་ ༩ པར་མ་གེ་ལཱན་གྱི་སྣེ་ཁྲིད་

སའི་གོ་ལ་འདི་ཧ་ཅང་ཆེན་པོ་ཡོད་པས་དེའི་ཐོག་གི་ས་ཆ་བྱེ་བྲག་པ་ཞིག་

འོག མི་ཉིས་བརྒྱ་ལྷག་ཙམ་གྲུ་གཟིངས་ལྔར་ སའི་གོ་ལའི་དཔེ་དབྱིབས་ཐོག་ནས་ངོས་འཛིན་ཐུབ་རྒྱུ་དཀའོ་སྙམ་ངེས་

བསྡད་དེ་སི་པན་ནས་ཐོན་ཏེ་ནུབ་ཀྱི་རྒྱ་མཚོ་ ཡིན། ཁྱེད་ཀྱིས་ཤེས་གསལ་བཞིན་སའི་གོ་ལའི་དཔེ་དབྱིབས་ཐོག་ཏུ་གོ་

ཆེ ན ་མོ ་ བརྒལ་བ་དང་། ལྷོ་ཨ་མེ ་ རི ་ ཀ་གླི ང ་ ལའི་ཚངས་ཐིག་ (Axis) ཞེས་པའི་ལྕགས་མདའ་ཞིག་བཙུགས་ཡོད། སའི་གོ་ གི་མཐའ་བསྐོར་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་ བཅད། ལམ་བར་དུ་གྲུ་པ་ཚོས་དཀའ་བ་ཚད་

ལའི་དཔེ་དབྱིབས་བསྐོར་བ་ན་སའི་གོ་ལའི་དཔེ་དབྱིབས་དེ་ཉིད་ཚངས་ཐིག་

མེད་སྤྱད་མཐར། ཕྱི་ལོ་ ༡༥༢༡ ཟླ་ ༣ པར་ཕི་ ལ་བརྟེན་ནས་འཁོར་གྱི་ཡོད་པ་ཤེས་ཐུབ། གོ་ལའི་ཚངས་ཐིག་ནི་སའི་གོ་

ལི་པིན་གླིང་ཚོམ་དུ་སླེབས། སྐབས་འདིར་མ་ ལའི་རང་འཁོར་གྱི་འཁོར་མདའ་ཟེར། དེས་སའི་གོ་ལ་རང་འཁོར་བྱེད་པའི་ གེ་ལཱན་ས་གནས་དེ་གའི་ཡུལ་མིའི་ཟིང་འཁྲུག་ ཚངས་ཐིག་མཚོན་གྱི་ཡོད། ཚངས་ཐིག་དེ་ནི་མི་རྣམས་ཀྱིས་བསམ་ཚོད་ ནང་ཚུད་དེ་ ༡༥༢༡ ཟླ་ ༤ ཚེས་ ༢༧ ཉིན་ཚེ་ སྲོག་ཤོར། གྲུ་པ་ཚོས་མུ་མཐུད་ནུབ་ཕྱོགས་

བྱས་པའི་ཐིག་ཅིག་ཡིན་པ་ལས། དོན་དངོས་ཐོག་སའི་གོ་ལར་ཚངས་ཐིག་

སུ་མཚོ་འགྲུལ་བྱ་རྒྱུའི་སེམས་ཐག་བཅད་དེ། དེ་འདྲ་ཞིག་མེད། གོ་ལའི་ཚངས་ཐིག་གིས་ས་སྙིང་ཕུག་རྗེས་སའི་གོ་ལའི་ཕྱི་ དཀའ་བར་མི་འཛེམས་པར་རྒྱ་གར་རྒྱ་མཚོ་ ངོས་སུ་ཚངས་ཐིག་གཉིས་སྦྲེལ་ཅིང་། སྐར་མ་བརྟན་པའི་ (Polestar) ཉེ་འཁོར་ འཕྲེད་བཅད་ཀྱིས་རེ་སྨོན་གླིང་ཟུར་

Good Hope)

(Cape of

བསྐོར་མཐར་གྲུ་གཟིངས་གཅིག་

དང་གྲུ་པ་བཅུ་ཙམ་ལས་མ་ལྷག དེ་དག་ཕྱི་ལོ་

༡༥༢༢ ཟླ་ ༩ པར་སི་པན་དུ་འབྱོར། མ་གེ་

ལཱན་གྲུ་པ་ཚོས་སའི་གོ་ལར་མཚོ་འགྲུལ་སྐོར་

ལ་ཁ་ཕྱོགས་པའི་ཚེག་དེར་བྱང་སྣེ་ (North Pole) ཞེས་བརྗོད་པ་དང་། བྱང་སྣེ་ དང་ལྡོག་པའི་ཚེག་དེར་ལྷོ་སྣེ་ (South Pole) ཞེས་ཟེར།

འཕྲེད་ཐིག (Latitude)

སྐྱོད་ལེགས་གྲུབ་བྱུང་བ་དེས་སའི་གོ་ལ་ཟླུམ་

སའི་གོ་ལའི་དཔེ་དབྱིབས་ཀྱི་སྟེང་དུ་ཤར་ནས་ནུབ་ཏུ་མཐའ་བསྐོར་ནས་

གི་འགོ་བརྩམས།

དང་དྲང་འཕྱང་ (90°) ཡིན་ཞིང་། སའི་གོ་ལར་སྐོར་བ་ཧྲིལ་པོ་བསྐོར་བའི་

གཟུགས་ཡིན་པ་ར་སྤྲོད་བྱས་པ་མ་ཟད། འཛམ་

གླིང་ཤར་ནུབ་དབར་འབྲེལ་ལམ་གསར་པ་ཞིག་

བྲིས་པའི་སྒོར་ཐིག་དེར་འཕྲེད་ཐིག་ཅེས་བརྗོད། དེ་ནི་གོ་ལའི་ཚངས་ཐིག་

སྒོར་མོ་ཞིག་ཡིན། འཕྲེད་ཐིག་དང་གཞུང་ཐིག་དེ་དག་རེ་རེ་བཞིན་དབྱེ་

10


འབྱེད་ཐུབ་ཕྱིར་མི་ཚོས་དེར་ཆ་ཚད་ཌིག་རཱི་

(degree)

ས་ཁམས་རིག་པ།

མི་འདྲ་བ་རེ་བཀོད་

ཡོད་ཅིང་། འདིར་འཕྲེད་ཚད་དང་གཞུང་ཚད་ཅེས་འབོད། དོན་དངོས་ཐོག་

སའི་གོ་ལར་འཁོར་མདའ་ཞིག་མཐོང་རྒྱུ་མེད་ལ་འཕྲེད་ཐིག་དང་གཞུང་ཐིག་ ཀྱང་མེད།

དཔེ་རིས། ༢་༣ སྐར་མ་བརྟན་པ།

དོ་སྣང་བྱ་རྒྱུ།

སྐར་མ་བརྟན་པ་ནི་བྱང་སྣེ་དང་ཐག་ཉེ་ཤོས་

༡། འཕྲེད་ཐིག་ནི་སྒོར་མོ་ཡིན་ནམ་སྒོར་ཕྱེད་ཡིན།

༢། འཕྲེད་ཐིག་སྒོར་མོ་སོ་སོའི་རིང་ཐུང་གཅིག་པ་ཡིན་ནམ་མིན། ༣། འཕྲེད་ཐིག་གིས་ཁ་ཕྱོགས་གང་ཞིག་སྟོན་ནམ།

འཕྲེད་ཐིག་ཐམས་ཅད་སྒོར་མོ་ཡིན་ཞིང་མིང་ལའང་འཕྲེད་ཐིག་སྒོར་མོ་ཞེས་ བརྗོད། འཕྲེད་ཐིག་སྒོར་མོ་སོ་སོའི་རིང་ཐུང་མི་འདྲ་བ་ཡིན་ཏེ། སའི་གོ་

ལའི་དཀྱིལ་ཐིག་རིང་ཤོས་ཡིན་པ་དང་། སའི་གོ་ལའི་དཀྱིལ་ཐིག་ནས་སྣེ་

ཀྱི་སྐར་མ་ཞིག་རེད། ལོ་ངོ་བརྒྱ་ཕྲག་དུ་མའི་

སྔོན་ནས་མཚོ་འགྲུལ་བྱེད་མཁན་ཚོས་སྐར་

མ་བརྟན་པར་བརྟེན་ནས་ཁ་ཕྱོ ག ས་འཚོ ལ ་ ཐབས་བྱས་ཡོད།

བྱང་སྣེ།

འཕྲེད་ཐིག

གཉིས་དབར་རིམ་བཞིན་ཐུང་དུ་སོང་ནས་མཐར་ཚེག་ཐིག་གཅིག་གི་སྟེང་

དུ་འབབ་ཀྱི་ཡོད་ཅིང་། འཕྲེད་ཐིག་ཚང་མས་ཤར་ནུབ་ཀྱི་ཁ་ཕྱོགས་སྟོན་གྱི་ ཡོད། (རི་མོ་ ༢་༤ ལ་གཟིགས།)

སའི་གོ་ལའི་དཀྱིལ་ཐིག ། (Equator)

སའི་གོ་ལའི་དཔེ་དབྱིབས་ཐོག་བཀོད་པའི་བསམ་ཚོད་ཀྱི་ཐིག་གལ་ཆེ་

ཤོས་ཤིག་ནི་སའི་གོ་ལའི་དཀྱིལ་ཐིག་ (Equator) རེད། སའི་གོ་ལའི་དཀྱིལ་

ཐིག་ནི་སའི་གོ་ལའི་དཔེ་དབྱིབས་ཐོག་གི་འཕྲེད་ཐིག་སྒོར་རྒྱ་ཆེ་ཤོས་དེ་ ཡིན། སའི་གོ་ལའི་དཀྱིལ་ཐིག་གྱིས་སའི་གོ་ལ་ཧྲིལ་པོ་དུམ་བུ་གཉིས་སུ་ ཕྱེ་ཡོད་ཅིང་། སའི་གོ་ལའི་བྱང་ཕྱོགས་ཀྱི་གོ་ལའི་ཕྱེད་ཀར་གོ་ལ་ཕྱེད་བྱང་ མ་ (Northern Hemisphere) དང་སའི་གོ་ལའི་ལྷོ་ཕྱོགས་ཀྱི་གོ་ལའི་ཕྱེད་ཀར་

གོ་ལ་ཕྱེད་ལྷོ་མ་

(Southern Hemisphere)

ཞེས་ཟེར།

སའི་གོ་ལའི་དཀྱིལ་ཐིག་གྱི་འཕྲེད་ཚད་ནི་ 0° ཡིན། དཀྱིལ་ཐིག་དང་སའི་གོ་

11

སའི་གོ་ལའི་དཀྱིལ་ཐིག

ལྷོ་སྣེ།

དཔེ་རིས། ༢་༤ འཕྲེད་ཐིག་དང་འཕྲེད་ཚད།

བྱང་སྣེ།

བྱང ་ག

ི་འཕ

ྲེད་ཐ

ིག

སའི་གོ་ལའི་དཀྱིལ་ཐིག

ལྷོ་སྣེ།

དཔེ་རིས། ༢་༥ འཕྲེད་ཚད་ 0° ཡི་དཀྱིལ་ཐིག

་ཐིག

ལྷོའ

ྲེད ི་འཕ


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ལའི་སྣེ་མོ་གཉིས་པོ་གང་རུང་ཞིག་དབར་གྱི་བར་ཐག་ནི་སའི་གོ་ལའི་ཐིག་སྒོར་མོ་ཞིག་གི་བཞི་ཆ་གཅིག་ཡིན་པས། དེའི་ འཕྲེད་ཚད་ཀྱང་ 360° ཡི་བཞི་ཆ་གཅིག་ཡིན། དེར་བརྟེན་བྱང་སྣེ་ཁུལ་གྱི་འཕྲེད་ཐིག་ 90° ཡིས་བྱང་སྣེ་སྟོན་པ་དང་། ལྷོ་སྣེ་

ཁུལ་གྱི་འཕྲེད་ཐིག་ 90° ཡིས་ལྷོ་སྣེ་སྟོན་གྱི་ཡོད།

དཀྱིལ་ཐིག་གྱི་བྱང་ངོས་སུ་བྱང་གི་འཕྲེད་ཐིག་ཅེས་པ སུ་ལྷོའི་འཕྲེད་ཐིག “S” ཡིས་མཚོན་པར་བྱས་ཡོད།

“N”

གྱིས་མཚོན་པར་བྱས་ཡོད་པ་དང་། དཀྱིལ་ཐིག་གྱི་ལྷོ་ངོས་

དོ་སྣང་བྱ་རྒྱུ།

སའི་གོ་ལའི་དཀྱིལ་ཐིག་ 0° དང་། བྱང་སྣེ་ 90° N ལྷོ་སྣེ་ 90° S བཅས་ཕུད་པའི་སའི་གོ་ལའི་དཔེ་དབྱིབས་ཐོག་འཕྲེད་ཐིག་ གལ་ཆེ་བ་བཞི་ཡོད་པ་དེ་དག་ནི། གོ་ལ་ཕྱེད་བྱང་མའི་བྱང་བགྲོད་ཀྱི་མཐའ་ (Tropic of Cancer ) 23½° N དང་། གོ་ལ་ཕྱེད་

ལྷོ་མའི་ལྷོ་བགྲོད་ཀྱི་མཐའ་ (Tropic of Capricorn) 23½° S གོ་ལ་ཕྱེད་བྱང་མའི་བྱང་སྣེའི་མུ་ཁྱུད་ (Arctic Circle) 66½° N གོ་ ལ་ཕྱེད་ལྷོ་མའི་ལྷོ་སྣེའི་མུ་ཁྱུད་ (Antarctic Circle) 66½° S བཅས་ཡིན། དཔེ་རིས་ ༢་༦ འཕྲེད་ཐིག་གཙོ་ཆེ་ཁག་དང་གོ་ལའི་ཁུལ་ལྔ། བྱང་སྣེ། བྱང་སྣེའི་མུ་ཁྱུད།

བྱང་བགྲོད་ཀྱི་མཐའ།

སའི་གོ་ལའི་དཀྱིལ་ཐིག

ལྷོ་བགྲོད་ཀྱི་མཐའ།

ལྷོ་སྣེའི་མུ་ཁྱུད།

བྱང་གྲང་ཁུལ། བྱང་དྲོད་ཁུལ། ཚ་ཁུལ། ལྷོ་དྲོད་ཁུལ།

ལྷོ་གྲང་ཁུལ།

66½° N 23½° N 0° 23½° S 66½° S

ལྷོ་སྣེ།

སའི་གོ་ལའི་ཁུལ་ལྔ། (Heat zones of the Earth)

སའི་གོ་ལས་རང་འཁོར་རྒྱག་སྐབས་བྱང་བགྲོད་ཀྱི་མཐའ་དང་ལྷོ་བགྲོད་ཀྱི་མཐའ་དབར་གྱི་ས་ཁུལ་དུ་ཉི་འོད་དྲང་འཕྲོ་

བྱེད་ཀྱི་ཡོད། བྱང་གི་འཕྲེད་ཐིག་ 23½° N ནི་ཉི་འོད་དྲང་འཕྲོ་བྱེད་སའི་ཆེས་བྱང་ངོས་ཀྱི་མཚམས་ཐིག་ཡིན་པས་དེར་

12


ས་ཁམས་རིག་པ།

བྱང་བགྲོད་ཀྱི་མཐའ་ཅེས་བརྗོད་པ་ཡིན། ལྷོའི་འཕྲེད་ཐིག་ 23½° S ནི་ཉི་འོད་དྲང་འཕྲོ་བྱེད་སའི་ཆེས་ལྷོ་ངོས་ཀྱི་མཚམས་

ཐིག་ཡིན་པས་དེར་ལྷོ་བགྲོད་ཀྱི་མཐའ་ཅེས་བརྗོད། བྱང་བགྲོད་ཀྱི་མཐའ་དང་ལྷོ་བགྲོད་ཀྱི་མཐའ་དབར་གྱི་ས་ཁུལ་ལ་ཉི་

འོད་ཕོག་ཤུགས་ཆེ་ཤོས་ཡིན་པས་ལོ་འཁོར་མོར་གནམ་གཤིས་ཧ་ཅང་ཚ་པོ་ཡོད། དེར་བརྟེན་ཁུལ་དེར་སའི་གོ་ལའི་ ཚ་ཁུལ་ (Torrid Zone) ཞེས་འབོད།

གོ་ལ་ཕྱེད་བྱང་མའི་བྱང་བགྲོད་ཀྱི་མཐའ་དང་བྱང་སྣེའི་མུ་ཁྱུད་དབར་གྱི་ཁུལ་དང་། གོ་ལ་ཕྱེད་ལྷོ་མའི་ལྷོ་བགྲོད་ཀྱི་ མཐའ་དང་ལྷོ་སྣེའི་མུ་ཁྱུད་དབར་གྱི་ས་ཁུལ་ལ་ལོ་ལྟར་ཉི་འོད་དྲང་འཕྲོ་བྱེད་པའི་གོ་སྐབས་གཏན་ནས་མེད། ས་ངོས་ལ་

འཕྲོས་པའི་ཉི་མའི་ཚ་དྲོད་ནི་ཚ་ཁུལ་ལས་ཆུང་ཞིང་གྲང་ཁུལ་ལས་ཆེ་བ་ཡོད་ཅིང་། སའི་གོ་ལར་ཉི་འོད་ཕོག་པའི་ཟུར་

ཁུག་ (Angle) དེ་སྣེ་གཉིས་པོའི་ཕྱོགས་སུ་རིམ་བཞིན་ཆུང་དུ་འགྲོ་ཡི་ཡོད། ཁུལ་དེར་ནམ་དུས་ཀྱི་འགྱུར་ལྡོག་མངོན་ གསལ་དོད་ལ་དྲོད་ཚད་ཚ་གྲང་སྙོམ་པས་དྲོད་ཁུལ་ (Temperate Zone) ཞེས་ཟེར།

བྱང་སྣེའི་མུ་ཁྱུད་དང་བྱང་སྣེའི་དབར་གྱི་ས་ཁུལ་དང་། ལྷོ་སྣེའི་མུ་ཁྱུད་དང་ལྷོ་སྣེ་དབར་གྱི་ས་ཁུལ་གྱི་དྲོད་ཚད་ནི་ཧ་ཅང་

དམའ་པོ་ཡོད། ས་ཁུལ་དེར་ལོ་ལྟར་དུས་སྐབས་གཅིག་གི་ནང་ཉི་མ་རྩ་བ་ནས་ཤར་གྱི་མེད་པས་མཚན་རིང་གི་གནས་

སྐབས་ཁོ་ནར་བསྟུད་མར་གནས་པ་དང་། ཡང་གནས་སྐབས་གཅིག་གི་རིང་ཉི་མ་རྟག་ཏུ་མི་ནུབ་པར་གནས་རུང་ཉི་འོད་

ཤིན་ཏུ་གསེག་ནས་འཕྲོ་བའི་དབང་གིས་ས་ངོས་ལ་ཉི་མའི་ཚ་ནུས་ཧ་ཅང་ཆུང་ངུ་ལས་འཕྲོ་ཐུབ་ཀྱི་མེད། དེར་བརྟེན་ལོ་

འཁོར་མོའི་གནམ་གཤིས་ཤིན་ཏུ་གྲང་ངར་ཆེ་བས་ཁུལ་དེར་གྲང་ཁུལ་ (Frigid Zone) ཞེས་བརྗོད།

གཞུང་ཐིག (Longitude)

སའི་གོ་ལའི་དཔེ་དབྱིབས་སྟེང་ལྷོ་བྱང་སྣེ་གཉིས་འབྲེལ་བ་མ་ཟད། འཕྲེད་ཐིག་དང་དྲང་འཕྱང་དུ་སྣོལ་བའི་ཐིག་ལ་གཞུང་

ཐིག་ཅེས་བརྗོད་པ་ཡིན།

གཞུང་ཐིག

༡། གཞུང་ཐིག་ནི་སྒོར་མོ་ཡིན་ནམ་སྒོར་ཕྱེད་ཡིན།

༢། གཞུང་ཐིག་ཐམས་ཅད་རིང་ཐུང་གཅིག་པ་ཡིན་ནམ། ༣། གཞུང་ཐིག་གིས་ཁ་ཕྱོགས་གང་ཞིག་སྟོན་ནམ།

དཔེ་རིས་ ༢་༧ ལ་ལྟ་ཞིབ་བྱས་པ་བརྒྱུད་གཞུང་ཐིག་ཡོད་ཚད་སྒོར་ཕྱེད་ཡིན་

པ་དང་། རིང་ཚད་ཀྱང་གཅིག་པ་ཡིན་པ། ལྷོ་བྱང་གི་ཁ་ཕྱོགས་སྟོན་གྱི་ཡོད་

པ་བཅས་ཤེས་རྟོགས་བྱུང་། སའི་གོ་ལའི་དཔེ་དབྱིབས་ཀྱི་སྟེང་དུ་གཞུང་ ཐིག་གྲངས་མེད་འབྲི་ཐུབ་པ་ཡིན། གཞུང་ཐིག་རེ་རེ་བཞིན་དབྱེ་འབྱེད་

13

ནུབ།

ཐོག་ མའི་

གཞུང་ ཐིག

དཔེ་རིས། ༢་༧

ཤར།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཐུབ་རྒྱུའི་ཆེད་དུ་མི་རྣམས་ཀྱིས་གཞུང་ཐིག་སོ་སོར་ཌིག་རཱི་མི་འདྲ་བ་རེ་ བཀོད་ཡོད་པ་དེ་ནི་གཞུང་ཐིག་ཌིག་རཱི་ཞེས་པ་དེ་ཡིན་ནོ།

སའི་གོ་ལའི་དཀྱིལ་ཐིག

ཐོག་མའི་གཞུང་ཐིག (Prime Meridian)

སའི་གོ་ལའི་དཔེ་དབྱིབས་སྟེང་གི་གྲངས་ཚད་ཀླད་ཀོར་ཡིན་པའི་གཞུང་ གོ་ལ་ཕྱེད་བྱང་མ།

ཐོག་

གོ་ལ་ཕྱེད་ལྷོ་མ།

མའི་

གྲངས་ཚད་

180°

180°

བགོས་ཡོད་པ་ལས་ཤར་གྱི་

ནི་ཤར་གཞུང་གི་ཁོངས་སུ་གཏོགས་ཤིང་ནམ་རྒྱུན

“E”

ཡིས་མཚོན་པར་བྱེད་པ་ཡིན། ནུབ་ཀྱི་གྲངས་ཚད་ 180° ནི་ནུབ་གཞུང་ བྱེད་པ་ཡིན།

ཐིག

དཔེ་རིས། ༢་༨

ནས་ཤར་ནུབ་སོ་སོར་གྲངས་ཚད་

གྲངས་ཚད་ཀྱི་ཁོངས་སུ་གཏོགས་ཤིང་། ནམ་རྒྱུན “W” ཡིས་མཚོན་པར་

གཞུང་

གོ་ལ་ཕྱེད་ནུབ་མ།

ཐིག་དེ་ལ་ཐོག་མའི་གཞུང་ཐིག་ཅེས་བརྗོད་པ་ཡིན། ཐོག་མའི་གཞུང་ཐིག་

གོ་ལ་ཕྱེད་ཤར་མ།

འཕྲེད་གཞུང་ཐིག་སྒོར་མོ་ལས་གོ་ལ་ཕྱེད་གྲུབ་ཚུལ།

གྲངས་ཚད་ 180° ཡི་གཞུང་ཐིག

སའི་གོ་ལའི་དཔེ་དབྱིབས་ལ་ལྟ་ཞིབ་བྱེད་སྐབས་ང་ཚོས་ཐོག་མའི་གཞུང་

ཐིག་ནས་ཤར་ནུབ་སོ་སོར་གྲངས་ཚད་མཉམ་པའི་གཞུང་ཐིག་གཉིས་ཡོད་ པ་ཤེས་ཐུབ། དཔེར་ན་ཤར་གཞུང་ཌིག་རཱི་ 20° E དང་། ནུབ་གཞུང་ཌིག་

རཱི་ 20° W ལྟ་བུ་ཡིན་ཞིང་། ཤར་གཞུང་ཌིག་རཱི་ 180° དང་ནུབ་གཞུང་ཌིག་

རཱི་ 180° གཉིས་ཁོ་ན་ཕན་ཚུན་གཞུང་ཐིག་གཅིག་གི་སྟེང་དུ་མཉམ་རྩེག་བྱས་ཡོད་པ་དེ་ནི་གྲངས་ཚད་ 180° ཡི་གཞུང་

ཐིག་ཅེས་པ་དེ་ཡིན།

དོ་སྣང་བྱ་རྒྱུ།

ཐོག་མའི་གཞུང་ཐིག་དང་གྲངས་ཚད་ 180° ཡི་གཞུང་ཐིག་གཉིས་ཀྱིས་སའི་གོ་ལ་ཧྲིལ་པོ་གོ་ལ་ཕྱེད་ཤར་མ་ Hemisphere)

དང་གོ་ལ་ཕྱེད་ནུབ་མ་ (Western

Hemisphere)

(Eastern

གཉིས་སུ་དུམ་བུར་དབྱེ་ཡོད། ཁ་སྤྲོད་དུ་གནས་པའི་གཞུང་

ཐིག་གཉིས་ཕན་ཚུན་སྦྱར་བ་ལས་སྒོར་མོ་ཆེན་པོ་ཞིག་གྲུབ་ཅིང་། སྒོར་མོ་ཆེན་པོ་དེ་ལ་གཞུང་ཐིག་སྒོར་མོ་ཞེས་བརྗོད་ པ་ཡིན། གཞུང་ཐིག་སྒོར་མོ་གང་རུང་གིས་ཀྱང་སའི་གོ་ལ་དེ་ཉིད་ཕྱེད་གཉིས་སུ་བགོ་ཐུབ་བོ། །

14


འཕྲེད་གཞུང་དྲྭབ།

(Grid)

བྱང་སྣེ།

སའི་གོ་ལའི་དཔེ་དབྱིབས་ཀྱི་སྟེང་དུ་གཞུང་ཐིག་དང་འཕྲེད་ཐིག་གཉིས་

ས་ཁམས་རིག་པ།

ཕན་ཚུན་རྒྱུ་དང་སྤུན་ལྟར་འབྲེ ལ ་བའི ་ རྐྱེ ན ་གྱི ས ་འཕྲེ ད ་གཞུང་གི ་ དྲྭ་བ་

ཆགས་པ་རེད། སའི་གོ་ལའི་སྟེང་ལ་ཐིག་དང་དྲྭ་བ་དེ་རྣམས་རྩ་བ་ནས་ མེད་ཀྱང་མི་རྣམས་ཀྱིས་འཕྲེད་གཞུང་གི་དྲྭ་བ་འབྲི་དགོས་དོན་ནི་སའི་

གོ་ལའི་ཕྱི་ངོས་ཀྱི་ས་ཆ་གང་རུང་ཞིག་གི་གནས་ཡུལ་གཏན་འཁེལ་བྱེད་

རྒྱུའི་ཆེད་དུ་ཡིན། མཐའ་ཡས་རྒྱ་མཚོར་སྐྱོད་པའི་གྲུ་གཟིངས་དང་། མུ་

ནུབ།

ཤར།

མཐའ་མེད་པའི་ནམ་མཁའི་མཐོངས་སུ་འཕུར་བའི་གནམ་གྲུ་སོགས་ཀྱིས་

འཕྲེད་གཞུང་དྲྭ་བར་བརྟེན་ནས་གནས་གཏན་འཁེལ་བྱེད་ཐུབ་པ་མ་ཟད།

ཁ་ཕྱོགས་ཀྱང་སྟོན་བདེ་པོ་ཡོད་སྟབས་འཕྲེད་གཞུང་དྲྭ་བ་དེ་དམག་དོན་ དང་མཚོ་འགྲུལ། མཁའ་འགྲུལ། ས་ཐོག་འགྲིམ་འགྲུལ། དེ་བཞིན་གནམ་ གཤིས་བརྟག་དཔྱད་སོགས་གང་ཅིར་སྤྱོད་སྒོ་ཤིན་ཏུ་ཆེན་པོ་ཡོད།

གཞུང་ཐིག་དང་དུས་འཁོར།

སའི་གོ་ལ་དང་། ཟླ་བ། གཟའ་སོགས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དུས་

ཚོད་རྩི་བ་ནི་ཐབས་ལམ་ལེགས་པོ་ཞིག་རེད། ཞོགས་པར་ཉི་མ་ཤར་ནས་

ནུབ

་གཞུ ང་།

ལྷོ་སྣེ།

ང་།

ཞུ ར་ག

དཔེ་རིས། ༢་༩ གྲངས་ཚད་ 180° ཡི་གཞུང་ཐིག

བྱང་སྣེ།

ཤར་ཞིང་དགོང་དྲོ་ཉི་མ་ནུབ་ཏུ་བཞུད་པའི་བརྒྱུད་རིམ་དེ་ནི་རང་བྱུང་གི་

དུས་ཚོད་རྩི་ཐབས་ལེགས་ཤོས་ཡིན་པ་མ་ཟད། འཛམ་གླིང་ས་ཕྱོགས་

ཀུན་གྱིས་དེ་དུས་ཚོད་རྩི་ཐབས་བཟང་ཤོས་ཤིག་ཡིན་པར་ངོས་འཛིན་ བྱེད། ཉི་འོད་ཀྱི་གྲིབ་གཟུགས་ལ་བརྟེན་ནས་ས་ཁུལ་གཅིག་གི་དུས་ཚོད་ བརྩི་ཐུབ་ཅིང་། ཉིན་གུང་གི་སྐབས་སུ་གྲིབ་གཟུགས་ཐུང་ཤོས་མཐོང་

བ་དང་། སྔ་དགོང་གཉིས་ལ་གྲིབ་གཟུགས་རིང་པོ་མཐོང་། གྷི་རིན་ཝི་ཆི་

(Greenwich)

ཡི་ཐོག་མའི་གཞུང་ཐིག་ཐོག་ཉི་མ་མཐོ་ཤོས་སུ་སླེབས་དུས།

གཞུང་ཐིག་དེའི་ཁུལ་གྱི་ས་ཁུལ་ཡོངས་ལ་ཉིན་གུང་ཏག་ཏག་སླེབས་ཡོད།

སའི་གོ་ལས་ནུབ་ནས་ཤར་དུ་རང་སྐོར་རྒྱག་སྐབས་གྷི་རིན་ཝི་ཆི་ཡི་ཤར་

15

འཕྲེད་ཐིག

གཞུང་ཐིག

དཔེ་རིས། ༢་༡༠ འཕྲེད་གཞུང་དྲྭ་བ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། གཤམ་དུ་སྲུ་མོ ་ལགས་ཀྱི ས ་ཨ་རི ་ནས་ བུ་བློ་བཟང་ལ་ཁ་པར་བརྒྱུད་འཚམས་ འདྲི་ཞུས་པའི་སྐད་ཆའི་དུམ་བུ་ཞིག་ བཀོད་ཡོད། སློབ་ཕྲུག་འགའ་ཤས་ཀྱིས་ བུ་བློ་བཟང་གི ས ་སྲུ་མོ ་ ལགས་ལ་ལན་ ཞུ་སྟངས་ནོར་འདུག་ཟེར་བ་དང་། ཡང་ འགའ་རེ ས ་ལན་དེ ་ འགྲི ག ་འདུག་ཟེ ར ། ཁྱེད་ཀྱི ས ་བལྟས་ན་གོ ང ་གི ་ འདོ ད ་ཚུལ་ གང་ཞིག་བདེན་པ་རེད་དམ།

ཕྱོགས་ས་ཁུལ་རྣམས་གྷི་རིན་ཝི་ཆི་ཡི་ས་གནས་དུས་ཚོད་ཕྱོགས་སུ་ཁ་

ཕྱོགས་ཡོང་བ་དང་། ནུབ་ཕྱོགས་ས་ཁུལ་རྣམས་གྷི་རིན་ཝི་ཆི་ས་གནས་

དུས་ཚོད་ཀྱི་རྒྱབ་ཕྱོགས་སུ་ཁ་ཕྱོགས་ཀྱི་ཡོད།

དུས་ཚོད་རྩི་ཐབས་ཀྱི་སྡུར་ཚད།

སའི་གོ་ལས་ཆུ་ཚོད་ ༢༤ ནང་ 360° ཅན་གྱི་རང་འཁོར་རེ་རྒྱག་གི་ཡོད་ ཅིང་། ཆུ་ཚོད་གཅིག་ནང་ ༡༥༠ འཁོར་བ་དང་། སྐར་མ་བཞི་རེར་ ༡༠ འཁོར་

གྱི་ཡོད། དེར་བརྟེན་གྷི་རིན་ཝི་ཆི་རུ་ཉིན་གུང་ཆུ་ཚོད་ ༡༢ ཡིན་སྐབས་གྷི་

རིན་ཝི་ཆི་ཡི་ཤར་ཕྱོགས་ 15° ཁུལ་གྱི་དུས་ཚོད་ནི་ 15

x 4

= 60 སྟེ་

ཆུ་ཚོད་ ༡ ཡིན་ཞིང་དེ་ནི་ཉིན་གུང་གི་ཆུ་ཚོད་དང་པོ་ཡིན་པ་དང་། གྷི་རིན་ ཝི་ཆི་ཡི་ནུབ་ཕྱོགས་ ༡༥༠ ཁུལ་གྱི་དུས་ཚོད་ནི་གྷི་རིན་ཝི་ཆི་དུས་ཚོད་

ཀྱི་ཆུ་ཚོད་ ༡ རྗེས་ལ་ཡིན་པས། ས་ཁུལ་དེའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་ 11.00 a.m

བུ་བློ་བཟང་། ཞོགས་པ་བདེ་ལེགས། སྲུ་མོ་ལགས། དགོང་མོ་བདེ་ལེགས།

ཡིན། དེ་བཞིན་གྷི་རིན་ཝི་ཆི་རུ་ཉིན་གུང་ཆུ་ཚོད་ ༡༢ ཡིན་སྐབས་

གཞུང་ཐིག་ 180° ཡི་ས་ཁུལ་དུ་མཚན་མོའི་ཆུ་ཚོད་ ༡༢ ཏག་ཏག་འཁེལ་གྱི་ ཡོད།

ང་ཚོར་ཚད་འཛིན་དུས་ཚོད་ཅིག་ཡོད་དགོས་དོན་གང་ཡིན་ནམ།

གོང་དུ་ང་ཚོས་འཛམ་གླིང་སྤྱི་ཡོངས་ཀྱི་དུས་ཚོད་རྩི་ཐབས་ཀྱི་སྡུར་ཚད་

དེ ར ་བལྟས་ནས་གཞུང་ཐི ག ་མི ་ འདྲ་བའི ་ ཐོ ག ་ཡོ ད ་པའི ་ ས་ཁུལ་གྱི ་ དུས་ ཚོད་མི་འདྲ་བ་ཡོད་པ་ཤེས་རྟོགས་བྱུང་། དཔེར་ན། མེ་འཁོར་ཞིག་གཞུང་

ཐིག་གཅིག་ནས་གཞུང་ཐིག་གཞན་ཞིག་གི་ཐོག་སྐྱོད་བཞིན་ཡོད་ན་དེའི་

དུས་ཚོད་རེའུ་མིག་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། རྒྱུ་མཚན་ནི་གཞུང་ ཐིག་གཅིག་ནས་གཞུང་ཐིག་གཞན་ཞིག་གི་ཐོག་སྐྱོད་སྐབས་དུས་ཚོད་རེའུ་ དཔེ་རིས། ༢་༡༡ དུས་ཀྱི་ཁྱད་པར།

མིག་འགྱུར་བ་འགྲོ་ཡི་ཡོད། དཔེ་མཚོན་གཞན་ཞིག་དྲངས་ན། རྒྱ་གར་ གྱི་གུཇ་རཱཏ་མངའ་སྡེའི་དུ་ཝཱར་ཀ་ (Dwarka) དང་ཨ་སམ་གྱི་དེབ་རུ་གར་

(Dibrugarh)

གཉིས་གཞུང་ཐིག་མི་འདྲ་བ་གཉིས་ཀྱི་སྟེང་གནས་ཡོད་པས་ས་

16


ཁུལ་དེ་གཉིས་དབར་ཆུ་ཚོད་ ༡ དང་སྐར་མ་ ༤༥ ཡི་ཁྱད་པར་ཡོད། གལ་

ཏེ་ས་གནས་དུས་ཚོད་གཏན་འཁེལ་མེད་ཚེ་གོང་གི་ས་གནས་གཉིས་པོར་

དུས་ཚོད་གཅིག་གྱུར་ཞིག་ཡོང་ཐབས་མེད། དེར་བརྟེན་རྒྱལ་ཁབ་གཅིག་

གི་དུས་ཚོད་གཏན་འཁེལ་བྱེད་དགོས་ན་རྒྱལ་ཁབ་དེའི་གཞུང་ཐིག་དབུས་ མ་དེ་གཞིར་བཞག་ནས་ས་གནས་དུས་ཚོད་ བྱ་དགོས།

རྒྱ་གར་ལ་ཆ་མཚོན་ན། གཞུང་ཐིག་

(Local Time)

82½° E

གཏན་འཁེལ་

(IST)

རྒྱལ་ཁབ་ཀྱི་གཞུང་ཐིག་དབུས་མ་གཞིར་

བཞག་ནས་ས་གནས་དུས་ཚོད་གཏན་ཁེལ་ 78°E

བྱ་དགོས།

91½° E

105°E

ཐོག་གི་དུས་ཚོད་དེ་རྒྱ་

གར་རྒྱལ་ཡོངས་ཀྱི་ཚད་འཛིན་དུས་ཚོད་ལ་ངོས་འཛིན་བྱེད་ཅིང་། དེར་ རྒྱ་གར་གྱི་ཚད་འཛིན་དུས་ཚོད་

ས་ཁམས་རིག་པ།

ཅེས་བརྗོད་པ་ཡིན། རྒྱལ་ཁབ་

རེ་ཟུང་ལ་ཚད་འཛིན་དུས་ཚོད་གཅིག་ལས་མང་བ་ཡོད། དཔེར་ན། ཨུ་

རུ་སུའི་རྒྱལ་ཁབ་ལྟ་བུར་ཆ་མཚོན་ན། གཞུང་ཐིག་མང་པོའི་ཐོག་གནས་ ཡོད་པར་བརྟེན་ཚད་འཛིན་དུས་ཚོད་མི་འདྲ་བ་ ༡༡ ཡོད། སའི་གོ་ལ་འདི་

དཔེ་རིས། ༢་༡༢ བོད་རྒྱལ་ཁབ་ཀྱི་ཚད་འཛིན་དུས་ཚོད།

68°E

82½° E

97°E

ཆུ་ཚོད་ ༡ ཅན་གྱི་དུས་ཚོད་རེའུ་མིག་ ༢༤ ལ་ཆ་བགོས་བྱས་ཡོད། བསྐྱར་སྦྱོང་།

༡། དོན་དངོས་སུ་སའི་གོ་ལར་འཕྲེད་ཐིག་དང་གཞུང་ཐིག་མེད་ཀྱང་མི་ཚོས་ དེ་ལྟར་འབྲི་དགོས་དོན་གང་ཡིན་ནམ།

༢། སའི་གོ་ལའི་ཐོག་ཁུལ་ལྔ་དབྱེ་ཡོད་པ་རྣམས་གང་དང་གང་ཡིན། ཁུལ་ལྔ་ དེ་དབྱེ་མཚམས་ཐིག་གང་གིས་བཅད་ཡོད་དམ།

༣། འཕྲེད་ཐིག་གིས་ཤར་ནུབ་སྟོན་སྟངས་དང་གཞུང་ཐིག་གིས་ལྷོ་བྱང་སྟོན་ སྟངས་ལ་དུས་རྒྱུན་མཚོན་བྱེད་ཡི་གེ་འགོད་སྟངས་གང་འདྲ་རེད་དམ།

༤། གཞུང་ཐིག་ལ་བརྟེན་ནས་ཚད་འཛིན་དུས་ཚོད་གཏན་འཁེལ་བྱེད་སྟངས་ ཇི་ལྟར་རེད་དམ།

༥། ས་གནས་དུས་ཚོད་གཏན་འཁེལ་བྱེད་དགོས་པའི་རྒྱུ་མཚན་གང་རེད།

17

དཔེ་རིས། ༢་༡༣ རྒྱ་གར་གྱི་ཚད་འཛིན་དུས་ཚོད།

ཚིག་ གསར།

བྱང་བགྲོད་ཀྱི་མཐའ།- Tropic of Cancer ལྷོ་བགྲོད་ཀྱི་མཐའ།-Tropic of Capricon ཟུར་ཁུག-Angle

གོ་ལའི་ཚངས་ཐིག-Axis


དུས་ཚོད་རེའུ་མིག་གི་གྲངས་ཀའི་ཐོག་ས་གནས་དུས་ཚོད་སྣོན་དགོས།

གྷི་རིན་ཝི་ཆི་དུས་ཚོད་རྩི་ཐབས།

གྷི་རིན་ཝི་ཆི་དུས་ཚོད་ལས་དུས་ཚོད་རེའུ་མིག་གི་གྲངས་ཀ་འཐེན་དགོས།

ས་གནས་དུས་ཚོད་རྩི་ཐབས།

ནུབ་ ཕྱོགས།

ས་གནས་དུས་ཚོད་ལས་དུས་ཚོད་རེའུ་མིག་གི་གྲངས་ཀ་འཐེན་དགོས།

ས་གནས་དུས་ཚོད་རྩི་ཐབས། ཤར་ དུས་ཚོད་རེའུ་མིག་གི་གྲངས་ཀའི་སྟེང་གྷི་རིན་ཝི་ཆི་དུས་ཚོད་སྣོན་དགོས། ཕྱོགས། གྷི་རིན་ཝི་ཆི་དུས་ཚོད་རྩི་ཐབས།

རྒྱལ་སྤྱིའི་ཚད་འཛིན་དུས་ཚོད་རེའུ་མིག


ས་ཁམས་རིག་པ།

སྦྱོང་ཚན། དང་པོ། གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས། ༡།

༢།

སའི་གོ་ལའི་དབྱིབས་གང་འདྲ་ཡོད་དམ།

སའི་གོ་ལའི་དཔེ་དབྱིབས་ཞེས་པ་དེ་གང་རེད།

༣། བྱང་བགྲོད་ཀྱི་མཐའི་འཕྲེད་ཚད་ག་ཚོད་རེད་དམ། ༤།

འཕྲེད་ཐིག་སྒོར་མོ་སོ་སོའི་རིང་ཐུང་གཅིག་པ་རེད་དམ།

༦།

རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ 5.30p.m སྐབས་ལོན་ཊོན་དུ་ཉིན་གུང་གི་ཆུ་ཚོད་ 12.00 ཡིན་དགོས་དོན་གང་ཡིན་ནམ།

༨།

འཕྲེད་གཞུང་དྲྭ་བ་འབྲི་དགོས་དོན་གང་རེད།

༡།

སའི་གོ་ལའི་རང་འཁོར་འཁོར་མདའ་ལ་

༥།

༧།

ཚ་ཁུལ་ལ་དྲོད་ཚད་མཐོ་པོ་ཡོད་དགོས་དོན་གང་ཡིན་ནམ།

དུས་ཚོད་རྩི་ཐབས་ཀྱི་སྡུར་ཚད་ཅི་འདྲ་རེད།

གཉིས་པ། ལན་འགྲིགས་པ་དེ་འདེམས་དགོས།

༢།

ཀ) སའི་གོ་ལའི་དཀྱིལ་ཐིག

ཁ) སའི་གོ་ལའི་ལྕགས་མདའ།

ཀ)

ཁ)

ཐོག་མའི་གཞུང་ཐིག་གི་ཚད་གཞི་ནི་ 90°

སའི་གོ་ལའི་གྲང་ཁུལ་ནི་

༤།

འཕྲེད་གཞུང་དྲྭ་བ་ཞེས་པ་ནི་

༦།

ཀ) སའི་གོ་ལའི་དཀྱིལ་ཐིག

ཀ) ལྷོ་སྣེ་དང་བྱང་སྣེ། འཕྲེད་ཐིག་ནི་

........................................... 0°

...........................................

༣།

༥།

.........................................................

ཁ) སྣེ་གཉིས།

རེད།

ཕྱོགས་སུ་ཡོད།

ཟེར།

ག) སའི་གོ་ལའི་ཚངས་ཐིག

ག)

60°

ག) བྱང་བགྲོད་ཀྱི་མཐའ།

.....................................................................................

ལས་གྲུབ།

ཁ) ལྷོ་བགྲོད་ཀྱི་མཐའ་དང་བྱང་བགྲོད་ཀྱི་མཐའ།

...........................................

ཡིན།

ཀ) ཟུར་གསུམ།

ཁ) སྒོར་མོ།

ཀ) གཞུང་ཐིག

ཁ) སའི་གོ་ལའི་ཚངས་ཐིག

འཕྲེད་ཐིག་སྒོར་རྒྱ་ཆེ་ཤོས་ཀྱི་མིང་ལ་

...........................................

19

ཟེར།

ག) འཕྲེད་ཐིག་དང་གཞུང་ཐིག

ག) སྒོར་ཕྱེད། ག) སའི་གོ་ལའི་དཀྱིལ་ཐིག


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ༧། ༨།

གཞུང་ཐིག་གིས་

ཀ) ཤར་ནུབ།

......................................................

སའི་གོ་ལས་ཆུ་ཚོད་གཅིག་ནང་

ཀ)

15°

གསུམ་པ། བྱེད་སྒོ། ༡།

ཁ) ལྷོ་བྱང་།

གི་ཁ་ཕྱོགས་སྟོན།

...........................................

ཁ)

90°

ག) ནུབ་བྱང་།

ཅན་གྱི་རང་འཁོར་རྒྱག་གི་ཡོད། ག)

60°

སའི་གོ་ལའི་ཚངས་ཐིག་དང་དཀྱིལ་ཐིག བྱང་བགྲོད་ཀྱི་མཐའ་དང་ལྷོ་བགྲོད་ཀྱི་མཐའ་བཅས་འཁོད་པའི་སའི་གོ་ལའི་

༢། ༣།

དཔེ་དབྱིབས་ཤིག་འབྲི་དགོས།

མི་ལ་ལས་འཕྲེད་གཞུང་གི་དྲྭ་བར་བརྟེན་ནས་ས་གནས་ཤིག་འཚོལ་ཐབས་བྱ་རྒྱུ་དེ་གློག་བརྙན་ཁང་དུ་རྐུབ་སྟེགས་འཚོལ་

བ་དང་འདྲ་པོ་ཡོད་ཟེར། ཁྱེད་ཀྱིས་བལྟས་ན་དེ་ལྟར་རེད་དམ། རྒྱུ་མཚན་གང་ཡིན་ཤོད་དང་།

སྒོར་ཐིག་ཅིག་བྲིས་ནས་སའི་གོ་ལའི་དཀྱིལ་ཐིག་གིས་སྒོར་ཐིག་དེ་དུམ་བུ་གཉིས་སུ་བགོད་དགོས། སྒོར་ཕྱེད་རེར་ཚོན་

ཁྲ་མི་འདྲ་བ་རེ་བཏང་སྟེ་གོ་ལ་ཕྱེད་བྱང་མ་དང་གོ་ལ་ཕྱེད་ལྷོ་མ་མཚོན་པ་བྱེད་དགོས། གོང་གི་སྒོར་ཐིག་གི་ཆེ་ཆུང་གཅིག་ པའི་སྒོར་ཐིག་གཞན་ཞིག་བྲིས་ནས་ཐོག་མའི་གཞུང་ཐིག་གིས་སྒོར་ཐིག་དེ་དུམ་བུ་གཉིས་སུ་བགོད་དགོས། སྒོར་ཕྱེད་

༤།

རེར་ཚོན་ཁྲ་མི་འདྲ་བ་རེ་བཏང་ནས་གོ་ལ་ཕྱེད་ནུབ་མ་དང་གོ་ལ་ཕྱེད་ཤར་མ་མཚོན་པ་བྱེད་དགོས།

སའི་གོ་ལའི་དཔེ་དབྱིབས་ཐོག་གཤམ་གྱི་རེའུ་མིག་ནང་བཀོད་པའི་འཕྲེད་གཞུང་གི་ཚད་གཞིར་བཟུང་ནས་དེ་དང་ཉེ་

བའི་གྲོང་ཁྱེར་ཆེ་ཤོས་ཀྱི་མིང་འཚོལ་དགོས་པ་དང་། ཡང་ན། རེའུ་མིག་ནང་བཀོད་པའི་ས་མིང་གཞིར་བཟུང་ས་ཆ་ དེའི་འཕྲེད་གཞུང་གི་ཚད་རགས་ཙམ་ཞིག་འགོད་དགོས།

འཕྲེད་ཚད།

གཞུང་ཚད།

46°N

06°E

33°S

151°E

29°N

91°E

ས་མིང་། ལྷ་ས།

ས་མིང་།

ལོན་ཌོན། ནེའུ་ཡོག དིལླི།

20

འཕྲེད་ཚད།

གཞུང་ཚད།


སའི་གོ་ལའི་འགུལ་སྐྱོད།

ས་ཁམས་རིག་པ།

༄༅། །སའི་གོ་ལའི་སྟེང་དུ་འཚོ་གནས་བྱེད་མཁན་སྐྱེ་བོ་ཀུན་གྱིས་སའི་གོ་ལ་དེ་ཉིད་འཁོར་སྐྱོད་བྱེད་བཞིན་ཡོད་པའི་

སྣང་བ་ཚོར་གྱི་མེད། འོན་ཀྱང་ཉི་མ་དང་སྐར་མ་སོགས་ཉིན་ལྟར་ཤར་ནས་ཤར་ཏེ་ནུབ་ཕྱོགས་སུ་བཞུད་ཀྱི་ཡོད་པའི་ སྣང་ཚུལ་མཐོང་སྟེ། ཉི་མ་དང་སྐར་མ་ནི་སའི་གོ་ལར་སྐོར་བ་རྒྱག་གི་ཡོད་པ་ལྟ་བུའི་ཚོར་སྣང་སྐྱེ་བཞིན་ཡོད། དེའི་རྒྱུ་

མཚན་ཅི་ཡིན་ནམ། མེ་འཁོར་དང་སྣུམ་འཁོར་ནང་བསྡད་མྱོང་བའི་མི་ཚང་མར་ཚོར་སྣང་འདི་འདྲ་ཞིག་འཆར་གྱི་ཡོད་

དེ། རང་ཉིད་ཞུགས་སའི་མེ་འཁོར་དང་སྣུམ་འཁོར་མདུན་དུ་སྐྱོད་བཞིན་ཡོད་པའི་སྣང་བ་མི་འཆར་བར་འཁོར་སྒྲོམ་དང་

སྒེའུ་ཁུང་ཕྱི་རོལ་གྱི་ཁང་པ་དང་ལྗོན་ཤིང་སོགས་མྱུར་བགྲོད་བྱེད་ཀྱིན་ ཡོད་པའི་སྣང་བ་འཆར་གྱི་ཡོད། དེ་མཚུངས་ང་ཚོས་སའི་གོ་ལའི་སྟེང་དུ་

སྡོད་ཀྱིན་སའི་གོ་ལ་དེ་ཉིད་འགུལ་སྐྱོད་བྱེད་པའི་སྣང་བ་མི་སྐྱེ་བར། ཉི་མ་ དང་སྐར་མ་ནི་ཉིན་ལྟར་སའི་གོ་ལར་སྐོར་བ་རྒྱག་བཞིན་ཡོད་པར་མཐོང་།

སའི་གོ་ལའི་རང་འཁོར།

སའི་གོ་ལས་སའི་གོ་ལའི་ཚངས་ཐིག་ལ་བརྟེན་ནས་རྒྱུན་ཆད་མེད་པར་སྐོར་

བ་རྒྱག་པའི་ཚུལ་དེ་ལ་སའི་གོ་ལའི་རང་འཁོར་ (Rotation) ཞེས་བརྗོད་པ་ ཡིན། སའི་གོ་ལའི་རང་འཁོར་གྱི་ཁ་ཕྱོགས་ནི་ནུབ་ནས་ཤར་ལ་ཡིན་པ་དང་།

རང་འཁོར་ཐེངས་གཅིག་འཁོར་བའི་དུས་ཚོད་ནི་ཆུ་ཚོད་ ༢༤ སྟེ་ཉིན་མཚན་ བྱང

སའ ི ་ གོ ཚངས ་ ལ འི ་ ་ཐིག ་།

་སྣེ།

དཀ

ཉི་མ།

ྱིལ་ཐ

ིག

ལྷོ་ས

ྣེ།

དཔེ་རིས། ༣་༢ སའི་གོ་ལའི་རང་འཁོར་ལ་བརྟེན་ནས་ཉིན་མཚན་བྱུང་ཚུལ།

21

ཚིག་ གསར། དྲང་ འཕྲོ་

རང་འཁོར།- Rotation

གཞན་འཁོར།-Revolution བཤོལ་ལོ།-Leap Year

དབྱར་ཉི་ལྡོག-Summer Solstice དགུན་ཉི་ལྡོག-Winter Solstice

གསེག་ འཕྲོ་

དཔེ་རིས།༣་༡ ཉི་འོད་ཀྱི་དྲང་འཕྲོ་དང་གསེག་འཕྲོ།

ཉི་འོད་དྲང་འཕྲོ་བྱེད་སྐབས་འོད་མདངས་རྡོག་ སྒྲིལ་པོ་ཡོད་པ་དང་། སའི་སྟེང་དུ་ཉི་འོད་ཀྱི་ ཚ་དྲོད་ཆེན་པོ་ཡོད་སྟབས། ས་ངོས་ཀྱི་དྲོད་ ཚད་ཀྱང་མཐོ་ཙམ་ཡོད། ཉི་འོད་གསེག་འཕྲོ་ བྱེ ད ་སྐབས་ཉི ་ ཟེ ར ་ཁ་གྲམ་གྱི ་ ཡོ ད ་པ་དང་། སའི ་ སྟེ ང ་དུ་ཉི ་ འོ ད ་ཀྱི ་ ཚ་དྲོད་ཅུང་ཆུང་ཙམ་ ཡོད་པས། ས་ངོས་ཀྱི་དྲོད་ཚད་ཀྱང་དམའ་ ཙམ་ཡོད་དོ། །


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། སའི་གོ་ལའི་གཞན་ འཁོ ར ་འཁོ ར ་ལམ་གྱི ་ ལེ བ ་ངོ ས ་ནས་གཞུང་ ཐིག་དྲང་མོ།

གཅིག་གི་དུས་ཚོད་ཡིན། སའི་གོ་ལའི་གཞན་འཁོར་འཁོར་ལམ་གྱི་ལེབ་

བྱང

་བག

དཀ

་སྣེ།

ལྷོ་བ

ྲོད་ཀ

ྱིལ་ཐ

66

ྱི་མཐ

ིག

གྲོད

°5

འ།

ཡི་ཟུར་ཁུག་ཅིག་ཆགས་ཀྱི་ཡོད། སའི་གོ་ལའི་དབྱིབས་རིལ་གཟུགས་

བྱང

23°5

ངོས་ (Orbital plane) དང་། སའི་གོ་ལའི་ཚངས་ཐིག་གཉིས་ཟུར་ཚད་ 66°5’

་ཀྱི་མ

ཐའ།

སའི་གོ་ལའི་གཞན་ འ ཁོ ར ་ འ ཁོ ར ་ ལ མ ་ ལེབ་ངོས།

ལྷོ་ས

ྣེ།

དཔེ་རིས། ༣་༣ སའི་གོ་ལའི་ཚངས་ཐིག་དང་སའི་གོ་ལའི་ གཞན་འཁོར་འཁོར་ལམ་ལས་གྲུབ་པའི་ཟུར་ཁུག །

? ?

ཁྱེད་ཀྱིས་ཤེས་སམ་།

? ?

སའི་གོ་ལའི་བྱང་ཕྱོགས་ཀྱི་ས་ཁུལ་ཁག་ལ་

དགུན་ཁ་ཤར་ནས་ས་གཞི་ཚང་མ་ཁ་བའི་གོས་

དཀར་གྱིས་བཀླུབས་དུས། སའི་གོ་ལའི་ལྷོ་ ཕྱོགས་ཀྱི་ས་ཁུལ་ཁག་ལ་ས་གཞི་ལྗང་ཐིང་ཐིང་

དང་མེ་ཏོག་ཁྲ་ལམ་མེར་བཞད་པའི་དབྱར་དུས་ ལ་ཁེལ་ཡོད། དཔེར་ན། ཨ་རི་བ་ཚོས་ཡི་ཤུ་

འཁྲུངས་སྟོན་ (ཕྱི་ཟླ་ ༡༢ ཚེས་ ༢༥) དེ་ཁ་བ་སྟུག་

པའི་དགུན་དུས་ལ་སྲུང་བརྩི་བྱེད་སྐབས་ཨོསྟྲེ་ ལི་ཡཱའི་ (Australia) ལུང་པར་ཡི་ཤུ་འཁྲུངས་

སྟོན་དེ་སྦྲང་ཆར་ཟིམ་ཟིམ་འབབ་པའི་དབྱར་ དུས་སྐབས་སྲུང་བརྩི་བྱེད་ཀྱི་ཡོད།

ཡིན་པར་བརྟེན་དུས་གཅིག་ཏུ་སའི་གོ་ལ་ཧྲིལ་པོར་ཉི་འོད་འཕྲོ་ཐུབ་ཀྱི་

མེད། སའི་གོ་ལའི་རང་འཁོར་བརྒྱུད་རིམ་ནང་ཉི་མར་ཁ་ཕྱོགས་པའི་གོ་ ལའི་ཕྱེད་ནི་ཉིན་མོ་ཡིན་པ་དང་། ཉི་མར་རྒྱབ་གཏད་པའི་གོ་ལའི་ཕྱེད་ནི་

མཚན་མོ་ཡིན། སའི་གོ་ལ་རྒྱུན་ཆད་མེད་པར་རང་འཁོར་རྒྱག་པའི་རྐྱེན་ གྱིས་ད་གཟོད་སའི་གོ་ལའི་ངོས་སུ་ཉིན་མཚན་རེས་མོས་བྱེད་པའི་སྣང་

ཚུལ་ཐོན་པ་རེད།

སའི་གོ་ལའི་གཞན་འཁོར།

སའི་གོ་ལས་རང་འཁོར་བྱེད་པ་དང་ཆབས་ཅིག་འཁོར་ལམ་གཏན་འཁེལ་

ཞིག་གི་ནང་ཉི་མར་སྐོར་བ་རྒྱག་པ་ལ་གཞན་འཁོར་ (Revolution) ཞེས་ཟེར།

སའི ་ གོ ་ ལའི ་ གཞན་འཁོ ར ་གྱི ་ ཁ་ཕྱོ ག ས་དེ ་ ཡང་ནུབ་ནས་ཤར་དུ་ཡི ན ་

ཞིང་། གཞན་འཁོར་སྐོར་བ་གཅིག་འཁོར་བའི་དུས་ཚོད་ནི་ཉིན་ ༣༦༥ དང་ ཆུ་ཚོད་ ༦ སྟེ་ལོ་གཅིག་ཡིན། ང་ཚོས་དུས་རྒྱུན་ལོ་གཅིག་གི་དུས་ཡུན་ ནི་ཉིན་ ༣༦༥ ཁོ་ནར་བརྩིས་ཏེ་སྟབས་བདེའི་ཆེད་དུ་ཆུ་ཚོད་ ༦ ཟུར་དུ་

འཇོག་པ་དང་། ལོ་རེར་ལྷག་པའི་ཆུ་ཚོད་ ༦ པོ་དེ་དག་བསྡོམས་ནས་ཉིན་ གཅིག་སྟེ་ཆུ་ཚོད་ ༢༤ ལོན་སྐབས་ཉི་མ་དེ་ཕྱི་ཟླ་ ༢ པའི་ཐོག་སྣོན་གྱི་

ཡོད། དེར་བརྟེན་ལོ་བཞི་རེའི་མཚམས་སུ་ཕྱི་ཟླ་གཉིས་པར་ཉིན་ ༢༩ ཡོད་

པ་ལས་དུས་རྒྱུན་ཕྱི་ཟླ་གཉིས་པར་ཉིན་ ༢༨ ལས་མེད། ཕྱི་ཟླ་གཉིས་པར་ ཉིན་ ༢༩ ཡོད་པའི་ལོ་དེའི་དུས་ཡུན་ནི་ཉིན་ ༣༦༦ ཡིན་ཞིང་དེར་བཤོལ་

ལོ་

(Leap Year)

ཞེས་ཟེར།

དཔེ་རིས་ ༣་༤ ནས་མཐོང་གསལ་བཞིན་གཞན་འཁོར་གྱི་འཁོར་ལམ་ནི་

སྒོང་དབྱིབས་དང་འདྲ་ལ། དོ་སྣང་བྱས་པ་བརྒྱུད་འཁོར་ལམ་ཆ་ཚང་ནང་ སའི་གོ་ལ་ཕྱོགས་གཅིག་ལ་འཁྱོག་ཡོད་པ་ཤེས་ཐུབ། དེ་ནི་སའི་གོ་ལའི་

22


ས་ཁམས་རིག་པ།

བསམ་གཞིགས་གྱིས་དང་། གལ་ཏེ་སའི་གོ་ལས་རང་འཁོར་མི་རྒྱག་ན་གནས་སྟངས་ཅི་འདྲ་ཞིག་ཡོང་སྲིད་དམ།

གལ་ཏེ་སའི་གོ་ལས་རང་འཁོར་མ་བརྒྱབ་ན། ཉི་མར་ཁ་ཕྱོགས་པའི་སའི་གོ་ལའི་ངོས་ཀྱི་ས་ཁུལ་ཁག་ལ་རྟག་ཏུ་ཉི་འོད་འཕྲོ་བས།

ས་ཁུལ་དེར་ཉིན་མོ་མ་གཏོགས་མཚན་མོ་ཡོང་མི་སྲིད། ལོ་འཁོར་མོར་ཉི་འོད་འཕྲོས་ན་ས་ཁུལ་དེར་ཚ་དྲོད་ཧ་ཅང་ཆེ་བས་ཚེ་སྲོག་ འཚོ་གནས་ཐུབ་ཐབས་མེད།

དེ་བཞིན་སའི་གོ་ལའི་ཕྱོགས་གཞན་དེར་ལོ་འཁོར་མོར་ཉི་འོད་གཏན་ནས་མི་འཕྲོ་བས་རྟག་ཏུ་མཚན་མོར་གནས་པ་དང་། གནམ་

གཤིས་གྲང་ངར་ཆེ་ཞིང་། ས་གཞི་ཡོད་ཚད་འཁྱགས་རོམ་གྱིས་བཏུམས་པར་གྱུར་ན། ས་ཁུལ་དེར་ཡང་ཚེ་སྲོག་གཏན་ནས་འཚོ་

གནས་ཐུབ་ཐབས་མེད། དེར་བརྟེན་སའི་གོ་ལས་རང་འཁོར་མ་བརྒྱབ་ན་ད་ལྟའི་ཚ་གྲང་སྙོམ་ཞིང་ཚེ་སྲོག་འཚོ་གནས་ཐུབ་པའི་ཁྱིམ་ གཞིས་ཆེན་པོ་འདི་འདྲ་ཞིག་ཡོང་ཐབས་མེད།

གཞན་འཁོར་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ཞིང་། སའི་གོ་ལས་གཞན་འཁོར་རྒྱག་པར་བརྟེན་

བྱང་སྣེ།

ད་གཟོད་དུས་བཞིའི་འགྱུར་ལྡོག་བྱུང་བ་ཡིན། ལོ་གཅིག་སྟེ་ནམ་དུས་བཞིར་བགོས་ཡོད་པ་དེ་

དག་ནི། དཔྱིད་ཀ་དང་། དབྱར་ཁ། སྟོན་ཀ དགུན་ཁ་བཅས་ཡིན།

ཕྱི་ཟླ་ ༦ ཚེས་ ༢༡ ཉིན་གོ་ལ་ཕྱེད་བྱང་མའི་ཁུལ་དེ་ཉི་མའི་ཕྱོགས་སུ་འཁྱོག་ཅིང་། ཉི་མའི་འོད་ བྱང་བགྲོད་ཀྱི་མཐའི་སྟེང་དུ་དྲང་འཕྲོ་བྱེད་ཀྱི་ཡོད་པས། ས་ཁུལ་དེར་ཚ་དྲོད་ཆེན་པོ་སླེབས་ཀྱི་

ལྷོ་སྣེ།

དབྱར་ཉི་ལྡོག བྱང་སྣེ།

ཡོད། གནས་སྐབས་དེར་གོ་ལ་ཕྱེད་བྱང་མའི་ས་ཁུལ་ཁྱོན་ཆེན་པོར་ཉི་མ་ཡུན་རིང་ཤར་བས། ནམ་དུས་དེ་ནི་དཀྱིལ་ཐིག་གི་བྱང་ངོས་ས་ཁུལ་གྱི་དབྱར་དུས་རེད། དུས་ཚོད་དེའི་སྐབས་གོ་ལ་

ཕྱེད་བྱང་མར་ཉིན་མོ་རིང་ཞིང་མཚན་མོ་ཐུང་བ་ཡིན། འོན་ཀྱང་གོ་ལ་ཕྱེད་ལྷོ་མའི་ནམ་དུས་ནི་ དེ་དང་ཡོངས་སུ་ཐ་དད་རེད། དུས་ཚོད་དེ་ནི་གོ་ལ་ཕྱེད་ལྷོ་མའི་དགུན་དུས་ཡིན་པ་དང་། ཉིན་མོ་

ལྷོ་སྣེ།

དགུན་ཉི་ལྡོག བྱང་སྣེ།

ཐུང་ཞིང་མཚན་མོ་རིང་པོ་ཡོད། གོ་ལ་ཕྱེད་བྱང་མ་ཉི་མའི་ཕྱོགས་སུ་འཁྱོག་པའི་གནས་སྐབས་ དེར་དབྱར་ཉི་ལྡོག་

(Summer Solstice)

ཅེས་བརྗོད།

ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་གོ་ལ་ཕྱེད་ལྷོ་མ་ཉི་མའི་ཕྱོགས་སུ་འཁྱོག་པར་བརྟེན་ལྷོ་བགྲོད་ཀྱི་

མཐའི་སྟེང་དུ་ཉི་འོད་དྲང་འཕྲོ་བྱེད་ཀྱི་ཡོད། ནམ་དུས་དེ་ནི་གོ་ལ་ཕྱེད་ལྷོ་མའི་དབྱར་དུས་དང་གོ་

ལྷོ་སྣེ།

དཔྱིད་མཉམ། བྱང་སྣེ།

ལ་ཕྱེད་བྱང་མའི་དགུན་དུས་རེད། གོ་ལ་ཕྱེད་ལྷོ་མ་ཉི་མའི་ཕྱོགས་སུ་འཁྱོག་པའི་གནས་སྐབས་ དེར་དགུན་ཉི་ལྡོག་

(Winter Solstice)

ཅེས་ཟེར།

ཕྱི་ཟླ་ ༣ ཚེས་ ༢༡ དང་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཉི་མའི་འོད་དཀྱིལ་ཐིག་གི་སྟེང་དྲང་འཕྲོ་བྱེད་

23

ལྷོ་སྣེ།

སྟོན་མཉམ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

པའི་ཉིན་དེར་ཉིན་མཚན་མཉམ་དུས་

(Equinox)

ཞེས་ཟེར། གནས་སྐབས་དེར་སའི་གོ་ལའི་སྣེ་གཉིས་ཀ་ཉི་མའི་ཕྱོགས་སུ་

འཁྱོག་གི་མེད་ལ། ཉིན་མཚན་གཉིས་ཀྱི་དུས་ཡུན་རིང་ཐུང་གཅིག་པར་སྣང་གི་ཡོད། ཕྱི་ཟླ་ ༩ ཚེས་ ༢༣ ཉིན་གོ་ལ་ཕྱེད་ བྱང་མའི་ཁུལ་དུ་སྟོན་ཀ་ཤར་བ་དང་། གོ་ལ་ཕྱེད་ལྷོ་མར་དཔྱིད་ཀ་ཤར་འགོ་ཚུགས་ཀྱི་ཡོད། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༡

ཉིན་གོ་ལ་ཕྱེད་བྱང་མར་དཔྱིད་ཀ་ཤར་སྐབས་གོ་ལ་ཕྱེད་ལྷོ་མར་སྟོན་ཀ་ཤར་བ་ཡིན། དེ་ལྟར་སའི་གོ་ལའི་རང་འཁོར་ལ་ བརྟེན་ནས་ཉིན་མཚན་བྱུང་བ་དང་སའི་གོ་ལས་གཞན་འཁོར་རྒྱག་པར་བརྟེན་དུས་བཞིའི་འགྱུར་ལྡོག་བྱུང་བ་རེད། ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ཉི་འོད་དཀྱིལ་ཐིག་སྟེང་ལ་ དྲང་འཕྲོ་བྱས་པའི་ཉིན་དེར་དཔྱིད་མཉམ་ (Spring ཉིན་མོ་ཞེས་འབོད། དཔྱིད་མཉམ་ཉིན་ Equinox) མོའི་སྔ་རྗེས་ཀྱི་ཟླ་བ་ ༣ པ་དང་། ༤,༥ བཅས་ནི་གོ་ ལ་ཕྱེད་བྱང་མའི་དཔྱིད་ཀ་ཡིན།

དཔྱིད་མཉམ།

བྱང་སྣེ།

ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་ཉི་འོད་ལྷོ་བགྲོད་ཀྱི་མཐའི་ སྟེ ང ་ལ་དྲང་འཕྲོ ་ བྱེ ད ་པའི ་ ཉི ན ་དེ ར ་དགུན་ཉི ་ ལྡོག་ ཐིག་ཉིན་ཞེས་འབོད། དགུན་ཉི་ལྡོག་ཐིག་གི་སྔ་རྗེས་ ཕྱི་ཟླ་ ༡༢ དང་། ༡,༢ བཅས་གསུམ་ནི་གོ་ལ་ཕྱེད་བྱང་ མའི་དགུན་དུས་ཡིན།

ལྷོ་སྣེ།

དགུན་ཉི་ལྡོག བྱང་སྣེ།

བྱང་སྣེ།

ཉི་མ། ལྷོ་སྣེ།

ལྷོ་སྣེ།

དབྱར་ཉི་ལྡོག

བྱང་སྣེ།

ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཉི་འོད་བྱང་བགྲོད་ཀྱི་མཐའི་ སྟེང་དུ་དྲང་འཕྲོ་བྱས་པའི་ཉིན་དེར་དབྱར་ཉི་ལྡོག་ཉིན་ ཞེས་འབོད། དབྱར་ཉི་ལྡོག་ཉིན་མོའི་སྔ་རྗེས་ཀྱི་ཟླ་བ་ ༦ པ་དང་། ༧,༨ བཅས་ནི་གོ་ལ་ཕྱེད་བྱང་མའི་དབྱར་ དུས་ཡིན།

སྟོན་མཉམ།

ལྷོ་སྣེ།

ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཉི་འོད་དཀྱིལ་ཐིག་ སྟེ ང ་ ལ ་ དྲ ང ་ འ ཕྲོ ་ བྱ ས ་ པ འི ་ ཉི ན ་ དེ ར ་ སྟོ ན ་ མཉམ་ (Autumn Equinox) ཉིན་མོ་ཞེས་འབོད། སྟོན་ མཉམ་ཉིན་མོའི་སྔ་རྗེས་ཀྱི་ཟླ་བ་ ༩ པ་དང་། ༡༠,༡༡ བཅས་ནི་གོ་ལ་ཕྱེད་བྱང་མའི་སྟོན་ཁ་ཡིན།

དཔེ་རིས། ༣་༤ སའི་གོ་ལའི་གཞན་འཁོར་དང་དུས་བཞིའི་འགྱུར་ལྡོག

24


ས་ཁམས་རིག་པ།

བྱེད་

སྒོ་།

སྤོ་ལོ་ཞིག་དང་སྒྲོན་མེ་ཞིག་གྲ་སྒྲིག་བྱས་ཏེ། སྤོ་ལོས་སའི་གོ་ལའི་ཚབ་བྱེད་པ་དང་། སྒྲོན་མེས་ཉི་མའི་ཚབ་བྱེད་དགོས། གྲོང་ ཚོ་

མཚོན་ཆེད་སྤོ་ལོའི་སྟེང་ཡི་གེ་ ཀ ཞིག་བྲིས་ནས་དེའི་ཁ་ཕྱོགས་ནག་ཁུང་དུ་

སྟོན་དགོས། ཁྱེད་ཀྱིས་སྤོ་ལོ་དེ་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་ག་ལེར་སྐོར་

སྐབས་གྲོང་ཚོ་ ཀ ལ་ཉི་མ་ཤར་ཡོང་བ་དང་། སྤོ་ལོ་མུ་མཐུད་སྐོར་སྐབས་རིམ་བཞིན་

ཉི་མ་བཞུད་ནས་ནག་ཁུང་ཆགས་པའི་སྣང་ཚུལ་མཐོང་ཐུབ།

བསྐྱར་སྦྱོང་།

༡། སའི་གོ་ལ་སྐོར་བ་རྒྱག་པ་དེ་ང་ཚོས་མི་ཚོར་བའི་རྒྱུ་མཚན་ཅི་ཡིན།

༢། སའི་གོ་ལའི་ཐོག་ཉིན་མཚན་རེ་མོས་ཀྱི་རྣམ་པ་མཐོང་བའི་རྒྱུ་རྐྱེན་གང་རེད།

༣། དུས་གཅིག་ཏུ་སའི་གོ་ལ་ཧྲིལ་པོར་ཉི་འོད་འཕྲོ་མི་ཐུབ་པའི་རྒྱུ་མཚན་གང་རེད།

༤། བཤོལ་ལོར་ཉིན་ ༣༦༦ ཡོད་དགོས་པའི་རྒྱུ་མཚན་ཤོད་དང་།

༥། སའི་གོ་ལའི་གཞན་འཁོར་ལ་བརྟེན་ནས་དུས་བཞིའི་འགྱུར་ལྡོག་བྱུང་ཚུལ་ཅི་འདྲ་རེད་དམ།

༦། གོ་ལ་ཕྱེད་ལྷོ་མར་དབྱར་ཁ་ཤར་སྐབས་གོ་ལ་ཕྱེད་བྱང་མར་དགུན་ཁ་ཡིན་དོན་ཅི་ཡིན།

སྦྱོང་ཚན།

དང་པོ། གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས། ༡།

སའི་གོ་ལའི་གཞན་འཁོར་འཁོར་ལམ་གྱི་ལེབ་ངོས་དང་སའི་གོ་ལའི་ཚངས་ཐིག་གཉིས་ཀྱིས་ཟུར་ཁུག་ཅི་འདྲ་ཞིག་གྲུབ་ཀྱི་

༢།

ཅི་ཞིག་ལ་སའི་གོ་ལའི་རང་འཁོར་དང་གཞན་འཁོར་ཟེར།

༣།

༤། ༥།

༦།

ཡོད་དམ།

ཅི་ཞིག་ལ་བཤོལ་ལོ་ཟེར།

དབྱར་ཉི་ལྡོག་དང་དགུན་ཉི་ལྡོག་དབར་ལ་ཁྱད་པར་གང་ཡོད་དམ།

གོ་ལ་ཕྱེད་བྱང་མར་དབྱར་ཁ་ཤར་སྐབས་གོ་ལ་ཕྱེད་ལྷོ་མར་ནམ་དུས་གང་ཁེལ་ཡོད། ཉིན་མཚན་མཉམ་དུས་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་རམ།

25


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། གཉིས་པ། འོས་འཚམ་གྱི་ལན་འདེམས་དགོས། ༡། སའི་གོ་ལས་ཉི་མར་སྐོར་བ་རྒྱག་པ་དེར་

.....................................................

ཀ) རང་འཁོར།

ཁ) དུས་འཁོར།

ཀ) ཕྱི་ཟླ་ ༣ ཚེས་ ༢༡

ཁ) ཕྱི་ཟླ་ ༦ ཚེས་ ༢༡

ཀ) སའི་གོ་ལའི་རང་འཁོར།

ཁ) སའི་གོ་ལའི་གཞན་འཁོར།

ཀ) ཤར་ནས་བྱང་།

ཁ) ལྷོ་ནས་ཤར།

༢། ཉི་མའི་འོད་དཀྱིལ་ཐིག་གི་སྟེང་དྲང་འཕྲོ་བྱེད་པའི་དུས་ཚེས་ནི་ ༣། ནམ་དུས་ནི་

.....................................................

༤། རང་འཁོར་གྱི་ཁ་ཕྱོགས་ནི་

ཀ) གཞན་འཁོར།

.....................................................

ག) ཕྱི་ཟླ་ ༩ ཚེས་ ༢༢

ག) སའི་གོ་ལའི་འཐེན་ཤུགས།

དུ་ཡིན

ག) ནུབ་ནས་ཤར།

.....................................................

ཀ) རིང་།

ཁ) ཐུང་།

ཀ) ཆུ་ཚོད་ ༡༢

ཁ) ཆུ་ཚོད་ ༢༤

ག) ཆུ་ཚོད་ ༡

ཁ) གྲུ་བཞི།

ག) ཟུར་གསུམ།

༦། རང་འཁོར་ཐེངས་གཅིག་འཁོར་བའི་དུས་ཚོད་ནི་ ༧། གཞན་འཁོར་གྱི་འཁོར་ལམ་ནི་ ཀ) སྒོང་དབྱིབས།

གསུམ་པ། བྱེད་སྒོ། ༡།

རེད།

ལ་བརྟེན་ནས་འབྱུང་གི་ཡོད།

.....................................................

༥། དགུན་དུས་མཚན་མོ་ལས་ཉིན་མོ་

ཞེས་ཟེར།

ག) རིང་ཐུང་མཉམ།

.....................................................

.....................................................

རེད།

དང་འདྲ་པོ་ཡོད།

སའི་གོ་ལས་རང་འཁོར་རྒྱག་པའི་དཔེ་མཚོན་རི་མོ་ཞིག་བྲིས།

༢། ཁྱེད་ཀྱི་སློབ་གྲྭའི་གནས་ཡུལ་དུ་ལོ་གཅིག་གི་རིང་ཉིན་ལྟར་ཉིན་གུང་སྐབས་ཀྱི་ཉི་མའི་མཐོ་ཚད་གཅིག་པ་རེད་དམ། གལ་ ༣།

སྲིད་མིན་ན་ག་དུས་མཐོ་ཙམ་དང་ག་དུས་དམའ་ཙམ་ཡོད་མེད་ལྟ་ཞིབ་ཅིག་གྱིས།

གཤམ་གྱི་རི་མོར་བལྟས་རྗེས་སའི་གོ་ལའི་དཔེ་དབྱིབས་ལ་བརྟེན་ནས་སའི་གོ་ལ་ གཞན་འཁོར་རྒྱག་སྟངས་ཡང་དག་ཅིག་དཔེ་སྟོན་གྱིས་དང་།

26


ས་ཁམས་རིག་པ།

ས་ཁྲ། ས་ཁྲ་ངོ་སྤྲོད།

༄༅། །གོང་གི་སློབ་ཚན་ནང་དུ་ཁྱེད་ཀྱིས་སའི་གོ་ལའི་དཔེ་དབྱིབས་བཀོལ་ བའི་ཕན་ཡོན་མང་པོ་ཞིག་སྦྱངས་ཟིན་པ་རེད། སའི་གོ་ལའི་དཔེ་དབྱིབས་ནི་

སའི་གོ་ལའི་རྣམ་པ་སྤྱིའི་ཆ་ལ་སློབ་གཉེར་བྱེད་དུས་ཕན་ཐོགས་ཆེན་པོ་ ཡོད། འོན་ཀྱང་། ང་ཚོས་རྒྱལ་ཁབ་དང་། མངའ་སྡེ། རྫོང་། གྲོང་རྡལ། གྲོང་ གསེབ་ལྟ་བུའི་སའི་གོ་ལའི་ངོས་ཀྱི་ཆ་ཤས་ཆུང་ངུ་ཞིག་ལ་དབྱེ་ཞིབ་བྱེད་

དགོས་ཚེ། སའི་གོ་ལའི་དཔེ་དབྱིབས་ཀྱིས་ང་ཚོར་དེ་ཙམ་གྱིས་གཞོགས་ འདེགས་ཆེན་པོ་བྱེད་ཐུབ་ཀྱི་མེད། སྐབས་འདི་འདྲ་ལ་ང་ཚོས་ས་ཁྲ་

(Map)

བཀོལ་དགོས་ཀྱི་ཡོད། ས་ཁྲ་ནི་ངོས་སྙོམས་པོ་ཞིག་ལ་སྡུར་ཚད་འཇལ་ བྱེད་ཅིག་གིས་ཚད་འཇལ་ཏེ་སའི་གོ་ལའི་ངོས་ཆ་ཚང་ངམ་སའི་གོ་ལའི་

ངོས་ཀྱི་ཆ་ཤས་གང་རུང་ཞིག་མཚོན་པར་བྲིས་པའི་དཔེ་རིས་ཤིག་ཡིན།

ས་ཁྲ་ནི་ཕྱོགས་མང་པོ་ཞིག་ནས་ང་ཚོ་ལ་བེད་སྤྱོད་ཆེན་པོ་ཡོད། ས་ཁྲ་ཁ་ ཤས་ལས་ང་ཚོས་ས་ཁུལ་ཆུང་ཆུང་ཞིག་དང་གནས་ཚུལ་ཉུང་ཉུང་ཞིག་

ཤེས་ཀྱི་ཡོད་ལ། ཡང་ས་ཁྲ་ཁ་ཤས་ལས་གནས་ཚུལ་ཧ་ཅང་མང་པོ་ཤེས་ ཐུབ་ཀྱི་ཡོད།

(Atlas)

ས་ཁྲ་མང་པོ་ཞིག་ཕྱོགས་བསྡུས་བྱས་པ་ན་ས་ཁྲའི་དེབ་

ཅིག་འགྲུབ་ཀྱི་ཡོད། ས་ཁྲའི་དེབ་ལ་ཡང་ཆེ་ཆུང་མི་འདྲ་བ་དང་།

སྡུར་ཚད་འཇལ་བྱེད་ (Scale) ཀྱི་ཚད་གཞི་མི་འདྲ་བ་སོགས་སྣ་ཚོགས་ཡོད་

པ་རེད། སའི་གོ་ལའི་དཔེ་དབྱིབས་དང་བསྡུར་ན་ས་ཁྲ་ཡིས་གནས་ཚུལ་ མང་བ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད། ས་ཁྲ་ལ་རྣམ་པ་མི་འདྲ་བ་མང་པོ་ཡོད་ པ་དང་། ཁ་ཤས་ཤིག་གཤམ་དུ་འགྲེལ་བརྗོད་མདོར་ཙམ་བྱས་པར་ཞིབ་ལྟ་

བྱོས་དང་།

27

དཔེ་རིས། ༤་༡ ལོ་ངོ་ ༡༨༠༠ སྔོན་ལ་བྲིས་པའི་འཛམ་གླིང་ས་ཁྲ།

བསམ་བློ་ཐོངས་དང་།

དཔེ་རིས་ ༤་༡ ལ་འཁོད་པའི་ས་ཁྲ་འདི་ནི་ཕྱི་ལོ་

དུས་རབས་གཉིས་པའི་སྐབས་སུ་གྷི་རིག་གི་ས་

ཁམས་རིག་པ་དང་སྐར་དཔྱད་རིག་པ་མཁས་ཅན་ ཊོ་ལེ་མི་(Ptolemy) མཆོག་གིས་བྲིས་པའི་འཛམ་

གླིང་གི་ས་ཁྲ་ཞིག་ཡིན། དེ་ནི་ཁོང་གིས་སྐབས་དེར་

ཡུ་རོབ་དང་། ཨེ་ཤི་ཡ། ཨཕ་རི་ཁ་སོགས་སུ་མཚོ་

འགྲུལ་དང་། ཚོང་འགྲུལ། དམག་དཔུང་བསྐྱོད་པ་ སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྲིས་པ་ཞིག་

ཡིན། ས་ཁྲ་འདི་བྲིས་ནས་ད་བར་ལོ་ངོ་ཆིག་སྟོང་

བརྒྱད་བརྒྱ་ཙམ་འགོར་ཡོད། འདི་ལས་ང་ཚོས་ ལོ་ངོ་སྟོང་ཕྲག་འདས་པའི་སྔོན་ལ་མི་རྣམས་ཀྱིས་ འཛམ་གླིང་ཆགས་སྟངས་ཀྱི་རྣམ་པ་ལ་བསམ་བློ་ གཏོང་སྟངས་ཅི་འདྲ་ཞིག་ཡིན་པ་ཤེས་ཐུབ།

ཚིག་ གསར།

ས་ཁྲའི་དེབ།- Atlas

སྡུར་ཚད་འཇལ་བྱེད།- Scale

ཕྱོགས་སྟོན་འཁོར་ལོ།- Compass



ས་ཁམས་རིག་པ།

ས་ཁྲའི་རིགས་ཚན།

ས་ཁྲ་ལ་རིགས་ཧ་ཅང་མང་པོ་ཡོད། དུས་རྒྱུན་ང་ཚོས་མཐོང་བའི་ས་ཁྲའི་

རིགས་ནི། སྲིད་དོན་གྱི་ས་ཁྲ་དང་། དབྱིབས་མཚོན་ས་ཁྲ། བྱེ་བྲག་སྟོན་པའི་ ས་ཁྲ་སོགས་ཡིན།

དབྱིབས་མཚོན་ས་ཁྲ། (Physical Map) སའི་གོ་ལའི་ངོས་ཀྱི་བཀོད་པ་མཚོན་ པའི་ས་ཁྲའི་རིགས་ལ་དབྱིབས་མཚོན་ས་ཁྲ་ཟེར། ས་ཁྲ་དེས་རི་རྒྱུད་དང་།

ཐང་། མཐོ་སྒང་། གཙང་པོ། རྒྱ་མཚོ་སོགས་སའི་གོ་ལའི་ངོས་ཀྱི་རང་བྱུང་ གི་བཀོད་པ་ཆགས་སྟངས་སྟོན་གྱི་ཡོད། སྲིད་དོན་གྱི་ས་ཁྲ།

དཔེ་རིས། ༤་༢ དེང་སང་བྲིས་པའི་འཛམ་གླིང་ས་ཁྲ།

དབྱེ་སྡུར་བྱ་རྒྱུ།

དཔེ་རིས། ༤་༢ དང་དཔེ་

རིས། ༤་༡ གཉིས་བསྡུར་

འཛམ་གླིང་ནང་གི་རྒྱལ་ཁབ་དང་། སྲིད་ དང་། དེ་གཉིས་དབར་མི་འདྲ་བའི་ཁྱད་པར་ གཞུང་། གྲོང་གསེབ། གྲོང་རྡལ། གྲོང་ཁྱེར་སོགས་ཆགས་སྟངས་ཀྱི་རྣམ་པ་ ཆེན་པོ་འདུག་གམ། གཅིག་ནི་དེང་སྐབས་སྤྱོད་ (Political Map)

གསལ་པོར་སྟོན་པའི་ས་ཁྲའི་རིགས་ལ་སྲིད་དོན་གྱི་ས་ཁྲ་ཟེར། བྱེ་བྲག་སྟོན་པའི་ས་ཁྲ།

(Thematic Map)

ས་ཁྲ་ཁ་ཤས་ཀྱིས་གནས་ཚུལ་བྱེ་

བྲག་པ་སྟོན་གྱི་ཡོད་པ་དང་། དེ་ལྟ་བུའི་ས་ཁྲ་ལ་བྱེ་བྲག་སྟོན་པའི་ས་ཁྲ་ཟེར།

དཔེར་ན། གཞུང་ལམ་གྱི་ས་ཁྲ་དང་། ཆར་ཆུ་འབབ་ཚད་མཚོན་པའི་ས་ཁྲ།

ནགས་ཚལ་ཁྱབ་སྟངས་མཚོན་པའི་ས་ཁྲ། བཟོ་གྲྭ་ཁྱབ་བརྡལ་མཚོན་པའི་ ས་ཁྲ་སོགས་ཡིན།

ས་ཁྲའི་གྲུབ་ཆ་གཙོ་བོ་གསུམ། (Three Components of Maps)

ས་ཁྲ་ཞིག་འབྲི་བའམ་ཀློག་པའི་སྐབས་དོ་སྣང་བྱེད་ས་གཙོ་བོ་གསུམ་ཡོད་

པ་ནི། རྒྱང་ཐག་དང་། ཁ་ཕྱོགས། མཚོན་རྟགས་བཅས་ཡིན། འདི་ལ་ས་

ཁྲ་ཡི་གྲུབ་ཆ་གཙོ་བོ་གསུམ་ཡང་ཟེར། ས་ཁྲའི་ངོར་བཀོད་པའི་རྒྱང་ཐག་

པའི་འཛམ་གླིང་ས་ཁྲ་ཡིན་པ་དང་། གཅིག་ནི་ལོ་ ངོ་ ༡༨༠༠ གོང་གི་འཛམ་གླིང་ས་ཁྲ་རེད།

དུས་རྒྱུན་སའི ་ གོ ་ ལའི ་ དཔེ ་ དབྱི བ ས་ནི ་ ཟླུམ་གཟུགས་ལྟར་འབྲི་མོད། ང་ཚོས་ཟླུམ་ གཟུགས་ཀྱི ་ རྣམ་པ་དེ ་ ལེ བ ་མོ ་ རུ་བཅོ ས ་ ཚེ་དཔེ་རིས ༤་༣ ལྟ་བུ་ཞིག་ཏུ་འགྱུར་ངེས།

དེས་ན་ཁྱེད་ཀྱིས་སྤོ་ལོ་ཞིག་གི་ངོས་ལ་སའི་

གོ་ལའི་དཔེ་རིས་བྲིས་རྗེས། སྤོ་ལོ་དེ་ཁ་

གཤགས་ནས་ལེབ་ལེབ་བཟོས་ཏེ་ཅི་འདྲ་ རེད་ལྟོས་དང་།

དང་། ཁ་ཕྱོགས། མཚོན་རྟགས་བཅས་ཀྱི་བསྟན་དོན་ཡང་དག་པ་ཞིག་ཤེས་

རྟོགས་ཐུབ་ཚེ། ཁྱེད་ཀྱིས་ས་ཁྲ་ཡི་གོ་དོན་དང་བེད་སྤྱོད་བྱེད་སྟངས་ལེགས་

པོ་ཤེས་ཐུབ་ཀྱི་ཡོད་པའི་རྟགས་རེད།

29

དཔེ་རིས། ༤་༣ སའི་གོ་ལའི་དཔེ་དབྱིབས་ཤིག་ངོས་སྙོམས་ ས་ཁྲའི་རྣམ་པར་བཅོས་པ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། གླི ང ་ཆེ ན ་དང་རྒྱལ་ཁབ་ལྟ་བུའི ་ ས་ཁྱོན་ཆེ ན ་ པོའི་རིགས་ས་ཁྲར་འབྲི་སྐབས། འཇལ་བྱེད་ བསྡུར་ཚད་ཆུང་བ་བཀོལ་གྱི་ཡོད། དཔེར་ན། ས་ ཁྲའི་ངོས་ཀྱི་སེན་ཊི་མི་ཊར་ ༥ ཡིས་ས་ངོས་ཀྱི་ ཀི་ལོ་མི་ཊར་ ༥༠༠ མཚོན་པ་ལྟ་བུ་རེད། འདིའི་ རིགས་ཀྱི་ས་ཁྲ་ལ་བསྡུར་ཚད་ཆུང་བའི་ས་ཁྲ་ (Small scale map) ཟེར། གྲོང་རྡལ་ལྟ་བུའི་ས་ཁྱོན་ཆུང་བའི་རིགས་ས་ཁྲར་ འབྲི་སྐབས། འཇལ་བྱེད་བསྡུར་ཚད་ཆེ་བ་བཀོལ་ གྱི་ཡོད། དཔེར་ན། ས་ཁྲའི་ངོས་ཀྱི་སེན་ཊི་མི་ཊར་ ༥ ཡིས་ས་ངོས་ཀྱི་མི་ཊར་ ༥༠༠ མཚོན་པ་ལྟ་བུ་ རེད། འདིའི་རིགས་ཀྱི་ས་ཁྲ་ལ་བསྡུར་ཚད་ཆེ་བའི་ ས་ཁྲ་(Large scale map) ཟེར། སྦྱོང་བརྡར་བྱ་རྒྱུ། དཔེ ་ རི ས ། ༤་༤ ལ་ལྟོས་དང་། འཇལ་བྱེད་ཅི ག་གི ས་ས་ཆ་ཕན་

ཚུན་གྱི་བར་ཐག་འཇལ་ཚད་བྲིས་ཡོད། དཔེར་

ན། ཁྲོན་པ་དང་ཟ་ཁང་བར་རྒྱང་ཐག་རིང་ཚད་ལ་

སེན་ཊི་མི་ཊར་ ༥ ཡོད་ན། དེས་རྒྱང་ཐག་དངོས་ མི་ཊར་ ༥༠ མཚོན་པ་ལྟ་བུ་རེད། དེ་བཞིན་སློབ་

གྲྭ་དང་རྩེད་ཐང་། ཚོང་ཁང་། ཤིང་སྡོང་། སྤང་ཐང་། ཁང་པ། (ཀ) ཁང་པ། (ཁ) ཁང་པ། (ག) ཟ་ཁང་།

སྦྲག་ཁང་བཅས་ཀྱི་རྒྱང་ཐག་རིང་ཚད་རེ་རེ་བཞིན་

བརྩི་བའམ། ཡང་ན་རྒྱང་ཐག་ཡོངས་རྫོགས་སྤྱི་ བསྡོམས་བྱས་ན་རིང་ཚད་ཇི་ཙམ་ཡོད་པ་སོགས་

བརྩི་ཐབས་བྱོས་དང་།

༡།

རྒྱང་ཐག (Distance)

ས་ཁྲར་བཀོ ད ་པའི ་ ས་ཁུལ་གཉི ས ་བར་གྱི ་ རྒྱང་ཐག་གི ་ ཚད་དེ ་ ས་ཆ་དེ ་

གཉིས་བར་གྱི་རྒྱང་ཐག་དངོས་ཀྱི་ཚད་དང་ཁྱད་པར་མེད་ཚུལ་ཅི་འདྲ་ཡིན་ པ་ཤེས་ཀྱི་ཡོད་དམ།

གྲོང་ཁྱེར་དང་། རྒྱལ་ཁབ། ཡང་ན་འཛམ་གླིང་ཧྲིལ་པོའི་ཆེ་ཆུང་གི་ཚད་གཞི་ ཏག་ཏག་ཡོད་པའི་ས་ཁྲ་ཞིག་ཤོག་བུའི་སྟེང་འབྲི་ཐབས་མེད་མོད། ང་ཚོས་

དེ་དག་གི་ཆེ་ཆུང་གསལ་པོར་ཤེས་པའི་ས་ཁྲ་འབྲི་ཐུབ། དེ་ནི་ས་ཁྲ་འབྲི་

སྐབས་གྲོང་ཁྱེར་དང་རྒྱལ་ཁབ་སོགས་ཀྱི་གཞི་ཁྱོན་གྱི་ཚད་གཞི་ཇེ་ཆུང་དུ་

བཏང་ནས་ཤོག་ངོས་གཅིག་ལ་འཚམ་པ་ཞིག་འབྲི་དགོས་པ་དང་། དེ་འབྲི་

སྐབས་ཧ་ཅང་གཟབ་ནན་བྱེད་དགོས། ཤོག་ངོས་སུ་བཀོད་པའི་ས་ཆ་གཉིས་ བར་གྱི་རྒྱང་ཐག་ཐུང་ཐུང་དེས་ས་ངོས་ཀྱི་རྒྱང་ཐག་རིང་པོ་ཞིག་མཚོན་ཐུབ་

པ་བྱེད་དགོས་ཀྱི་ཡོད། དཔེར་ན། གལ་ཏེ་ཁྱེད་རང་གི་ཁྱིམ་ནས་སློབ་གྲྭ་བར་

རྒྱང་ཐག་ཀི་ལོ་མི་ཊར་ ༨ ཡོད་ན། ས་ཁྲའི་སྟེང་དུའང་རྒྱང་ཐག་ཀི་ལོ་མི་ཊར་ ༨ མཚོན་ཐུབ་པའི་ཐིག་ཚད་འབྲི་དགོས། དེ་ནི་སན་ཊི་མི་ཊར་ ༡ གིས་ཀི་ ལོ་མི་ཊར་ ༡(1cm=1km) གི་རྒྱང་ཐག་མཚོན་པར་བྱེད་པ་ལྟ་བུ་རེད། དེ་ ལྟར་བྱས་ཚེ་སན་ཊི་མི་ཊར་བརྒྱད་ཀྱིས་ཀི་ལོ་མི་ཊར་བརྒྱད་ཀྱི་རྒྱང་ཐག་

རིང་ཚད་མཚོན་ཐུབ་ཀྱི་ཡོད་པ་དང་། ཁྱེད་ཀྱིས་ཤོག་ངོས་སུ་བྲིས་པའི་ས་

ཁྲའི་ནང་རང་གི་ཁྱིམ་དང་སློབ་གྲྭའི་དབར་རྒྱང་ཐག་སེན་ཊི་མི་ཊར་ ༨ ཅན་ གྱི་ལམ་ཐིག་ཅིག་བྲིས་པ་དེས། རང་གི་ཁྱིམ་དང་སློབ་གྲྭ་བར་གྱི་རྒྱང་ཐག་

དངོས་ཀི་ལོ་མི་ཊར་ ༨ མཚོན་ཐུབ་ཀྱི་ཡོད་པ་ཤེས་དགོས། དེ་ནི་རྩིས་ཀྱི་ སྤྱི་འགྲོས་ལྟར་ན་ “1/8’’ ཡང་ན་ “1:8’’ ཡིན།

རྒྱང་ཐག་རྩི་ཐབས་ཀྱི་སྤྱི་འགྲོས་ནི། བསྡུར་ཚད་འཇལ་བྱེད།

30

=

ས་ཁྲའི་ཐོག་གི་རྒྱང་ཐག རྒྱང་ཐག་དངོས།


ས་ཁམས་རིག་པ།

གཤམ་གྱི་དཔེ་རིས་ལ་བལྟས་ཏེ་སྦྱོང་བརྡར་བྱོས། ཚོང་ཁང་།

PO

(ཀ)

རྩེད་ཐང་།

ཤིང་སྡོང་། ཁྲོན་པ།

ཁང་པ། (ཁ)

སློབ་གྲྭ

ཟ་ཁང་། ཁང་པ།

N

སྤང་ཐང་།

ཁང་པ། (ག)

50

40 30 20 10

50

scale

metres

དཔེ་རིས། ༤་༤ གྲོང་རྡལ་ཞིག་གི་ས་ཁྲ།

0

metres

1 cm = 10 metres

དེ་བཞིན་རྒྱུན་དུ་ས་ཁྲའི་རིགས་སྣ་ཚོགས་ལ་ལྟ་སྐབས། ས་ཁྲ་བྲིས་པའི་ངོས་ཀྱི་མཐའ་གང་རུང་ཞིག་ལ་ས་ཁྲའི་ནང་

བཀོད་པའི་ས་ཆ་དག་ཕན་ཚུན་དབར་གྱི་རྒྱང་ཐག་ཤེས་ཆེད་བསྡུར་ཚད་ཀྱི་འཇལ་བྱེད་མཚོན་དཔེ་བྲིས་ཡོད། དེ་ལ་ བརྟེན་ནས་ཁྱེད་ཀྱིས་ས་ཁྲའི་སྟེང་བཀོད་པའི་ས་ཆ་དག་གི་བར་ཐག་ཚད་བརྒྱབས་ཏེ་བརྩིས་ནས་ས་ཆ་དེ་དག་གི་རྒྱང་

ཐག་དང་རྒྱ་ཁྱོན་དངོས་ཤེས་ཐབས་བྱེད་དགོས།

༢།

ཁ་ཕྱོགས། (Direction)

ས་ཁྲར་ལྟ་དུས་ཁ་ཕྱོགས་མ་ནོར་བ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། ས་ཁྲའི་

ངོས་སུ་བཀོད་པའི་རྒྱལ་ཁབ་དང་། གླིང་ཆེན། རྒྱ་མཚོ། གྲོང་ཁྱེར། རི། ཐང་། གཙང་པོ་སོགས་ཕྱོགས་གང་དུ་ཡོད་པ་དང་། རང་ཉིད་ཡོད་སའི་ས་ ཆ་སོགས་ཕྱོགས་གང་དུ་གནས་ཡོད་པ་གསལ་པོ་ཤེས་དགོས་ན། ས་ཁྲའི་ ངོས་ཀྱི་ཁ་ཕྱོགས་མཚོན་སྟངས་ལེགས་པར་ཤེས་དགོས། ས་ཁྲ་མང་ཆེ་བ་

31

ནུབ་བྱང་། ནུབ།

ལྷོ་ནུབ།

བྱང་།

ལྷོ།

བྱང་ཤར། ཤར།

ཤར་ལྷོ།

དཔེ་རིས། ༤་༥ ཕྱོགས་བཞི་མཚམས་བརྒྱད།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། བྱང་།

ནུབ།

ཞིག་གི་གཡས་ཟུར་གྱི་འགོ་ན་ཡིག་འབྲུ་

‘N’

བྲིས་ཡོད་པའི་མདའ་རྟགས་

ཤིག་ཡོད་པ་དང་། མདའ་རྟགས་དེས་བྱང་ཕྱོགས་མཚོན་གྱི་ཡོད། ཁྱེད་

ཤར།

ལྷོ།

དཔེ་རིས། ༤་༦ ཕྱོགས་སྟོན་འཁོར་ལོ།

སྦྱོང་བརྡར་བྱ་རྒྱུ།

ཀྱིས་བྱང་ཕྱོགས་གང་ལ་ཁེལ་ཡོད་པ་ཤེས་ཚེ། ཤར་ཕྱོགས་དང་། ནུབ་ ཕྱོགས། ལྷོ་ཕྱོགས་སོགས་ཕྱོགས་གཞན་དག་ལས་སླ་པོའི་ངང་ཤེས་ཐུབ།

དེ་ཡང་ཕྱོགས་ལ་དབྱེ་ན་བརྒྱད་ཡོད་དེ། ཤར། ལྷོ། ནུབ། བྱང་བཅས་ཕྱོགས་ བཞི་

(Cardinal Points)

དང་། ཤར་ལྷོ་དང་། ལྷོ་ནུབ། ནུབ་བྱང་། བྱང་ཤར་

བཅས་ཕྱོགས་མཚམས་

(Intermediate direction)

བཞི་བསྡོམས་ན་བརྒྱད་

ཡོད་པ་ལྟར་རོ། འདི་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱང་ཟེར། ང་ཚོས་

ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁ་ཕྱོགས་གསལ་པོ་ཤེས་པ་ན་ཡུལ་གང་

རུང་ཞིག་གི་ཆགས་ཡུལ་ངོས་འཛིན་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད།

དེ་ཡང་སྟབས་བདེ་པོའི་ངང་ཁ་ཕྱོགས་ངོས་འཛིན་ཐུབ་པ་ལ་ཕྱོགས་སྟོན་ དཔེ་རིས་ ༤་༧ དང་ ༤་༨ ལ་བལྟས་ནས་ངོས་ འཛིན་ཐབས་བྱོས།

༡། གཙང་པོ་དེ་ཁ་ཕྱོགས་གང་ལ་བཞུར་གྱི་འདུག

༢། གཞིས་གྲོང་ག་པ་དང་ཐག་ཉེ་བའི་གཞུང་ལམ་ རིགས་གང་ཡིན་ནམ།

༣། གཞིས་གྲོང་ཁ་པ་དེ་མེ་འཁོར་ལམ་གྱི་ཕྱོགས་ གང་ལ་ཆགས་འདུག

༤། སྐོར་སྲུང་ལས་ཁུངས་དེ ་ མེ ་ འཁོ ར ་ལྕགས་ ལམ་གྱི་ཟམ་པའི་ཕྱོགས་གང་ལ་འདུག

༥། གཤམ་གྱི་ས་གནས་དེ་དག་མེ་འཁོར་ལྕགས་ ལམ་གྱི་ཕྱོགས་གང་དུ་ཡོད་པ་ངོས་ཟུངས།

ཀ) ཡི་ཤུའི་ལྷ་ཁང་།

ཁ) ཁ་ཆེའི་ལྷ་ཁང་།

ཅ) གཙང་པོ།

ཆ) རྫིང་བུ།

ག) སྦྲག་ཁང་། ཇ) དུར་ས།

ང) སྦྲག་ཏར་ཁང་།

འཁོར་ལོ་ (Compass) བེད་སྤྱོད་བཏང་ན་འཚམ་པོ་ཡོད། ང་ཚོས་ཕྱོགས་སྟོན་ འཁོར་ལོ་ལ་བརྟེན་ནས་ཁ་ཕྱོགས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད། ཕྱོགས་

སྟོན་འཁོར་ལོ་ནི་ཁ་ཕྱོགས་གཏན་འཁེལ་བྱེད་པར་བེད་སྤྱོད་ཆེ་བའི་ཡོ་བྱད་

ཅིག་ཡིན། ཕྱོགས་སྟོན་འཁོར་ལོའི་ནང་དུ་རྣོ་ཁབ་

(Magnetic Needle)

ཅིག་

ཡོད་པ་དང་། དུས་རྒྱུན་དུ་རྣོ་ཁབ་དེའི་རྩེ་མོ་ལྷོ་བྱང་གི་ཕྱོགས་གང་དུ་འཁེལ་ ཡོད་པ་དེར་འཁོར་ཡོད་པས། ཕྱོགས་སྟོན་འཁོར་ལོ་ལ་བརྟེན་ཏེ་ཁ་ཕྱོགས་ འཚོལ་བདེ་པོ་ཡོད།

༣།

མཚོན་རྟགས། (Symbols)

ས་ཁྲའི་ངོས་སུ་བཀོད་པའི་མཚོན་རྟགས་རྣམས་ཀྱི་མཚོན་དོན་ཤེས་རྒྱུ་ཡང་ ཧ་ཅང་གལ་ཆེ། དུས་རྒྱུན་ང་ཚོས་ས་ཁྲའི་ངོས་སུ་དབྱིབས་དང་ཆེ་ཆུང་མི་

འདྲ་བའི་ཁང་པ་དང་། གཞུང་ལམ། ཟམ་པ། ཤིང་སྡོང་སོགས་ཇི་མ་ཇི་བཞིན་

འབྲི་ཐབས་མེད་པས། དེ་དག་མཚོན་བྱེད་དུ་ཡི་གེ་དང་། མདོག རི་མོ། ཐིག་ སོགས་བཀོལ་གྱི་ཡོད། མཚོན་རྟགས་དེ་དག་གིས་གནས་ཚུལ་མང་པོ་ཞིག་

32


ས་ཁམས་རིག་པ།

འཆད་ཐུབ་ཀྱི་ཡོད་པ་མ་ཟད། མཚོན་རྟགས་དེ་དག་ལ་བརྟེན་ནས་ས་ཁྲའི་རིགས་སྣ་ཚོགས་འབྲི་ཀློག་བདེ་བ་ཡོང་གི་

ཡོད། གལ་ཏེ་ཁྱེད་རང་སྐད་རིགས་མི་འདྲ་བའི་རྒྱལ་ཁབ་ཅིག་ལ་འབྱོར་ཏེ་འགྲོ་ཕྱོགས་གསལ་པོ་མི་ཤེས་པ་དང་། གཞན་

ལ་སྐད་ཆ་འདྲི་ཐབས་མེད་པའི་གནས་སུ་གྱར་ཚེ། ས་ཁྲའི་ངོས་ཀྱི་མཚོན་རྟགས་རྣམས་ཀྱིས་ཁྱེད་ལ་འགྲོ་ཡུལ་དང་ཁ་

ཕྱོགས་གསལ་པོ་སྟོན་ངེས། ས་ཁྲའི་ངོས་སུ་འཛམ་གླིང་རྒྱལ་ཁབ་ཚང་མས་གཅིག་གྱུར་གྱིས་བཀོལ་བའི་མཚོན་རྟགས་ ཡོད་པར་བརྟེན། མི་ཚང་མས་མཚོན་རྟགས་དེ་རིགས་ཀྱི་མཚོན་དོན་ཤེས་ཀྱི་ཡོད། མཚོན་རྟགས་དེ་རིགས་ལ་གཅིག་ གྱུར་གྱི་མཚོན་རྟགས་ (Conventional Symbols) ཟེར།

གཤམ་དུ་འཛམ་གླིང་རྒྱལ་ཁབ་ཚང་མས་གཅིག་གྱུར་གྱིས་བཀོལ་བའི་མཚོན་རྟགས་འགའ་བཀོད་ཡོད་པར་གཟིགས་

གཞིས་གྲོང་ག་པ།

N

གཞིས་གྲོང་ཁ་པ། གཞིས་གྲོང་ཀ་པ།

རྫོང་གི་ས་མཚམས།

རྒྱལ་སྤྱིའི་ས་མཚམས།

མངའ་སྡེའི་ས་མཚམས། སྐྱ་ལམ།

ཡི་ཤུའི་ལྷ་ཁང་། ཁ་ཆེའི་ལྷ་ཁང་།

སྣུམ་ལམ།

ལྷ་ཁང་།

PS

སྦྲག་ཁང་། སྦྲག་ཏར་ཁང་། གཞིས་གྲོང་།

སྐོར་སྲུང་ལས་ཁུངས།

མེ་འཁོར་ལམ་ཕྲན།

མེ་འཁོར་ལམ་ཆེན།

མེ་འཁོར་འབབ་ཚུགས།

དུར་ས།

33

ཤིང་སྡོང་། སྤང་རྩྭ། གཙང་པོ།

རྫིང་བུ།

ཟམ་པ།

ཁྲོན་པ། ཆུ་ཡུར།

དཔེ་རིས། ༤་༨ ས་ཁྲའི་མཚོན་རྟགས།

སྨུག་པོ་ཡིས་རི་མཚོན་པ། སེར་པོ་ཡིས་མཐོ་སྒང་མཚོན་པ། ལྗང་ཁུ་ཡིས་ཐང་མཚོན་པ་ལྟ་བུ་རེད།

དཔེ་རིས། ༤་༧ གཞིས་གྲོང་ཀ་པ་དང་དེའི་ཉེ་འཁོར་མཚོན་པའི་ས་ཁྲ།

དང་། དཔེར་ན། ཚོན་མདོག་མི་འདྲ་བ་རེ་རེས་མཚོན་དོན་ཡང་མི་འདྲ་བ་རེ་སྟོན་པ་སྟེ། སྔོན་པོ་ཡིས་ཆུ་མཚོན་པ་དང་།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

རགས་བྲིས་ས་ཁྲ། (Sketch Map)

རགས་བྲིས་ས་ཁྲ་ནི་བློ་ངོར་འཆར་བདེ་བ་

དང་། ས་གནས་གང་རུང་ཞིག་ངོས་འཛིན་བྱེད་སླ་

རུ་ཡོང་ཆེད་བྲིས་པ་ཞིག་ཡིན་པ་ལས། ས་གནས་

བསྟན་འཛིན་གྱི་ཁྱིམ།

ཕན་ཚུན་དབར་གྱི་རྒྱང་ཐག་སོགས་ཚད་གཞལ་ ནས་བྲིས་པ་དེ་འདྲ་མ་ཡིན། མཚམས་རེར་ས་ཆ་

བྱེ་བྲག་པ་རེ་གསལ་པོ་སྟོན་ཆེད་རགས་བྲིས་ས་ ཁྲ་བེད་སྤྱོད་བྱེད་དགོས་ཀྱི་ཡོད། དཔེར་ན། གལ་

ཏེ་ཁྱེད་ཀྱི་གྲོགས་པོ་བཀྲ་ཤིས་ཁྱེད་རང་སར་ཡོང་ འདོད་ཡོད་མོད། ཡོང་སའི་ལམ་ཁ་ཏག་ཏག་ཤེས་

ཀྱི་མེད་ཚེ། ཁྱེད་ཀྱིས་ཁོང་ལ་རང་གི་ཁྱིམ་དུ་ཡོང་

བཀྲ་ཤིས་ཀྱི་ཁྱིམ།

དཔེ་རིས། ༤་༩ བསྟན་འཛིན་དང་བཀྲ་ཤིས་ཀྱི་ཁྱིམ་གང་དུ་ཡོད་པ་མཚོན་པའི་རགས་བྲིས་ས་ཁྲ།

སའི་ལམ་ཕྱོགས་རགས་ཙམ་བྲིས་ཏེ་སྤྲད་པ་ན། ཁོང་དེ་ལ་བརྟེན་ནས་ཁྱེད་ཀྱི་སར་ཡོང་ཐུབ་ཀྱི་ཡོད་པ་ལྟ་བུ་རེད། དེ་

ལྟར་རྒྱང་ཐག་སོགས་ཐིག་ཚད་མེད་པར་ས་གནས་དང་ཁ་ཕྱོགས་དག་རགས་ཙམ་བྲིས་པའི་ས་ཁྲའི་རིགས་ལ་རགས་ བྲིས་ས་ཁྲ་ཟེར། དཔེར་ན། དཔེ་རིས་ ༤་༩ ལྟ་བུའོ། །

ཞིབ་བྲིས་ས་ཁྲ། (Plan Map)

ཞིབ་བྲིས་ས་ཁྲ་ནི་ས་ཁྱོན་ཆུང་ཆུང་ཞིག་འཇལ་བྱེད་བསྡུར་ཚད་ཆེན་པོར་གཞི་བཅོལ་ཏེ་བྲིས་པ་ལ་ཟེར། འཇལ་བྱེད་ བསྡུར་ཚད་ཆེན་པོར་གཞི་བཅོལ་ཏེ་བྲིས་པའི་ས་ཁྲ་དག་གིས་ང་ཚོར་གནས་ཚུལ་ཞིབ་རྒྱས་མང་པོ་ཞིག་མཁོ་སྤྲོད་བྱེད་

ཀྱི་ཡོད། དཔེར་ན། མཚམས་རེར་ང་ཚོས་ཁང་པ་ཞིག་གི་རྒྱ་ཁྱོན་ཤེས་ འདོད་ན། རྒྱུན་སྤྱོད་ཀྱི་ས་ཁྲའི་ངོས་སུ་དེ་སྟོན་ཐབས་མེད་པས། སྐབས་

འདི་འདྲ་ལ་ང་ཚོས་ཞིབ་བྲིས་ས་ཁྲ་སྤྱོད་དགོས་ཀྱི་ཡོད། ཞིབ་བྲིས་

ས་ཁྲ་ཡིས་གནས་ཚུལ་ཆུང་ངུའི་རིགས་ཀྱང་ཞིབ་རྒྱས་ཀྱིས་མཚོན་

ཐབས་བྱས་ཡོད་པས། ཞིབ་བྲིས་ས་ཁྲ་ལ་བརྟེན་ནས་ང་ཚོས་གནས་ ཚུལ་ཞིབ་རྒྱས་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད།

རྡོ་རིང་

དཔེ་རིས། ༤་༡༠ ལྷ་སའི་གཙུག་ལག་ཁང་གི་ཞིབ་བྲིས་ས་ཁྲ།

34


ས་ཁམས་རིག་པ།

མཛོད་ཁང་།

དཔེ་རིས། ༤་༡༡ ཞིབ་བྲིས་ས་ཁྲའི་དཔེ་རིས།

ཁྲུས་ཁང་།

༡། ཅི་ཞིག་ལ་བསྡུར་ཚད་ཆེ་བའི་ས་ཁྲ་ཟེར།

༢། ཅི་ཞིག་ལ་བསྡུར་ཚད་ཆུང་བའི་ས་ཁྲ་ཟེར།

༣། རྒྱང་ཐག་རྩི་ཐབས་ཀྱི་སྤྱི་འགྲོས་གང་ཡིན་ནམ།

བསྐྱར་སྦྱོང་།

སྦྱོང་ཚན། དང་པོ། གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས། ༡།

ས་ཁྲའི་གྲུབ་ཆ་གཙོ་བོ་གསུམ་གང་དག་ཡིན་ནམ།

༣།

ས་ཁྲའི་ངོས་སུ་བཀོད་པའི་མཚོན་རྟགས་རྣམས་ཀྱིས་ས་ཁྲར་ལྟ་ཀློག་བྱེད་པར་གཞོགས་འདེགས་ཇི་ལྟར་བྱེད་ཀྱི་ཡོད།

༢།

༤། ༥།

ཕྱོགས་བཞི་ནི་གང་དག་ཡིན་ནམ།

རྒྱུན་སྤྱོད་ཀྱི་ས་ཁྲ་དང་ཞིབ་བྲིས་ཀྱི་ས་ཁྲ་གཉིས་དབར་ཁྱད་པར་ཅི་ཞིག་ཡོད། ས་ཁྲའི་རིགས་གང་གིས་གནས་ཚུལ་ཞིབ་རྒྱས་མཁོ་སྤྲོད་བྱེད་ཀྱི་ཡོད།

35


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། གཉིས་པ། ལན་འགྲིགས་པ་དེ་འདེམས་དགོས།

༡། ནགས་ཚལ་ཁྱབ་སྟངས་སྟོན་པའི་ས་ཁྲ་ནི། ཀ) དབྱིབས་མཚོན་ས་ཁྲ།

ཁ) བྱེ་བྲག་སྟོན་པའི་ས་ཁྲ།

ག) སྲིད་དོན་གྱི་ས་ཁྲ།

ཀ) ཆུ།

ཁ) རི།

ག) ཐང་།

ཀ) མཚོན་རྟགས་སྟོན་ཆེད།

ཁ) ཁ་ཕྱོགས་སྟོན་ཆེད།

ག) རྒྱང་ཐག་སྟོན་ཆེད།

ཀ) རྒྱུན་སྤྱོད་ཀྱི་ས་ཁྲ།

ཁ) རགས་བྲིས་ས་ཁྲ།

ག) མཚོན་རྟགས་ཀྱི་རིགས།

༢། ཚོན་མདོག་སྔོན་པོས་མཚོན་བྱ་ནི།

༣། ཕྱོགས་སྟོན་འཁོར་ལོ་བེད་སྤྱོད་བྱེད་ས་གཙོ་བོ་ནི།

༤། ངེས་པར་དུ་འཇལ་བྱེད་བེད་སྤྱོད་གཏོང་དགོས་ས་ནི།

གསུམ་པ། བྱེད་སྒོ། ༡།

ཞིབ་བྲིས་ས་ཁྲ་འབྲི་ཐབས་སྤྱད་དེ་འཛིན་གྲྭའི་ས་ཁྲ་ཞིག་བྲིས་ནས་དེའི་ནང་དགེ་རྒན་གྱི་ཅོག་ཙེ་དང་། ནག་པང་། སྒོ། སྒེའུ་

༢།

རགས་བྲིས་ས་ཁྲ་འབྲི་ཐབས་སྤྱད་དེ་སློབ་གྲྭའི་ཁོར་ཡུག་མཚོན་པའི་ས་ཁྲ་ཞིག་བྲིས་ཏེ། དེའི་ནང་གཤམ་གྱི་ས་གནས་ཁག་

ཁུང་སོགས་གསལ་པོ་སྟོན་ཐབས་བྱོས། གསལ་པོ་སྟོན་ཐབས་བྱོས།

ཀ) སློབ་སྤྱིའི་ལས་ཁུངས།

ཁ) འཛིན་ཁང་།

ཅ) ཤིང་སྡོང་།

ཆ) འཐུང་ཆུ།

ག) རྩེད་ཐང་།

ང) དཔེ་མཛོད།

36


སའི་གོ་ལའི་གྲུབ་ཆ་གཙོ་བོ།

༄༅། །ང་ཚོས་ཤེས་གསལ་ལྟར། སའི་གོ་ལ་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་ ཚེ་སྲོག་གནས་སའི་གཟའ་གཅིག་པུ་དེ་ཡིན། སའི་གོ་ལ་འདིའི་སྟེང་མི་དང་

སྐྱེ་དངོས་ཚང་མ་འཚོ་གནས་ཐུབ་པའི་རྒྱུ་མཚན་ནི། སའི་གོ་ལའི་སྟེང་དུ་སྐྱེ་ དངོས་རྣམས་འཚོ་གནས་བྱེད་པའི་མཐུན་རྐྱེན་ས་དང་། ཆུ། མཁའ་དབུགས་ བཅས་འཛོམས་ཡོད་པས་ཡིན།

སའི་གོ་ལ་ནི་གྲུབ་ཆ་གཙོ་བོ་བཞི་ཡིས་གྲུབ་ཡོད་པ་ཞིག་ཡིན་ལ། གྲུབ་ཆ་

ས་ཁམས་རིག་པ།

ཁྱེད་ ཀྱིས་ ཤེས་ སམ་

གཙོ་བོ་བཞི་ནི་ས་སྐོགས་དང་། རླུང་ཁམས། ཆུ་ཁམས། སྐྱེ་དངོས་ཁོར་ ཞིབ་འཇུག་བྱས་པ་ལྟར་ན། སའི་གོ་ལའི་ངོས་ ཡུག་བཅས་ཡིན། སའི་གོ་ལའི་གྲུབ་ཆ་གཙོ་བོ་འདི་བཞི་ཡིས་སྐྱེ་དངོས་ རིགས་སྐྱེ་འཕེལ་འབྱུང་བར་ཕན་ནུས་ཆེན་པོ་འཐོན་གྱི་ཡོད་པས། སའི་གོ་ ལ་ནི་སྐྱེ་དངོས་རིགས་སྣ་ཚོགས་ཀྱི་ཁྱིམ་གཞི་ལྟ་བུ་ཞིག་ཏུ་གྱུར་ཡོད།

ཀྱི་བརྒྱ་ཆ་ ༧༡ ཆུ་ཡིན་པ་དང་། བརྒྱ་ཆ་ ༢༩

ཙམ་སྐམ་ས་ཡིན་པ་རེད། དེ་ནི་སའི་གོ་ལ་འདི་ ཆ་ཤས་བཅུ་ལ་བགོས་པ་ན། དེའི་ཆ་བདུན་ནི་

རྒྱ་མཚོ་ཡིན་པ་དང་། ཆ་གསུམ་ཙམ་ཞིག་སྐམ་

དེ་ཡང་སའི་གོ་ལའི་ངོས་ཀྱི་ང་ཚོ་འཚོ་སྡོད་བྱ་ཡུལ་སྐམ་སའི་ཆ་དེ་ལ་ས་ ས་ཡིན་པ་ལྟ་བུ་རེད། སྐོགས་ཟེར་བ་དང་། རླངས་གཟུགས་ཀྱི་རིམ་པ་ཞིག་གིས་སའི་གོ་ལའི་

རླུང་དང་། ཟེ་རླུང་། ཀར་བོན་འཚོ་རླུང་ཟུང་ལྡན། ད་དུང་རླངས་རྫས་རིགས་

གཞན་ཡང་འདུས་ཡོད། ཆུ་ཡིས་སའི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་ཧ་ཅང་ཆེན་

པོ་ཞིག་བཟུང་ཡོད་པ་དང་། ཆུས་བཟུང་བའི་རྒྱ་ཁྱོན་དེར་ཆུ་ཁམས་ཟེར། བཅས་ལྷན་གཅིག་ཏུ་འདུས་པའི་གནས་དེར་སྐྱེ་དངོས་ཁོར་ཡུག་ཟེར་གྱི་ ཡོད་ལ། སྐྱེ་དངོས་ཁོར་ཡུག་ནི་སའི་གོ་ལའི་ངོས་ཀྱི་ཚེ་སྲོག་ཡོད་ཚད་ཀྱི་ འབྱུང་གནས་ཡིན།

37

71

%

ཆུ་ཁམས་ནི་འཁྱགས་དར་དང་། ཆུ། རླངས་པ་སོགས་ཆུ་ཡི་ངོ་བོ་ཡོད་

དོ་ཅོག་གིས་གྲུབ་པ་ཞིག་ཡིན། ས་སྐོགས་དང་། རླུང་ཁམས། ཆུ་ཁམས་

སྐམ་ས།

29%

མཐའ་བསྐོར་ནས་ཡོད་པ་དེ་ལ་རླུང་ཁམས་ཟེར། རླུང་ཁམས་ཀྱི་ནང་དུ་འཚོ་

ཆུ།

དཔེ་རིས། ༥་༡ ཆུ་དང་སྐམ་སའི་རྒྱ་ཁྱོན་སྡུར་བ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ས་སྐོགས། (Lithosphere)

སའི་གོ་ལའི་ངོས་ཀྱི་སྐམ་སའི་ཆ་དེ་ལ་ས་སྐོགས་ཟེར། ས་སྐོགས་ནི་སའི་

གོ ་ ལའི ་ ཕྱི ་ ངོ ས ་ཀྱི ་ བྲག་རྡོ ་ དང་། སྐྱེ་ལྡན་རི ག ས་འཚོ ་ གནས་ཐུབ་པར་

གཞོགས་འདེགས་བྱེད་པའི་བཅུད་ལྡན་གྱི་ས་ཤུན་སྲབ་མོའི་རིགས་ཀྱིས་

གྲུབ་པ་ཞིག་ཡིན།

སའི་གོ་ལའི་ཕྱི་ངོས་ནི་སྐམ་ས་དང་རྒྱ་མཚོ་ཞེས་དབྱེ་བ་གཙོ་བོ་གཉིས་སུ་

བཀར་ཡོད་དེ། སྐམ་སའི་ས་ཁྱོན་གྱིས་གླིང་ཆེན་བདུན་གྲུབ་ཡོད་པ་དང་། རྒྱ་མཚོའི་ཁྱབ་ཁོངས་ཀྱིས་རྒྱ་མཚོ་ཆེན་པོ་བཞི་གྲུབ་ཡོད། རྒྱ་མཚོ་ཆེན་ དཔེ་རིས། ༥་༢ ཕྱི་ལོ་ ༡༩༥༣ ཟླ་ ༥ ཚེས་

༢༩ ཉིན་རི་འཛེག་མཁན་བསྟན་འཛིན་ནོར་ རྒྱས་ཇོ་མོ་གླང་མའི་རི་རྩེར་འཛེགས་པ་དང་།

ཁོང་ནི་འཛམ་གླིང་ནང་ཇོ་མོ་གླང་མའི་རྩེ་ལ་ འཛེག་མཁན་ཐོག་མ་དེ་ཡིན།

ཚིག་

གསར།

འཚོ་རླུང་། oxygen ཟེ་རླུང་། nitrogen

ཀར་བོན་འཚོ་རླུང་ཟུང་ལྡན། CO

2

རླངས་རྫས། gas

པོ་བཞི་དེ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་ནས་ཡོད། ས་ཁྲ་ལ་ཞིབ་ ལྟ་བྱོས་དང་། སྐམ་སས་གྲུབ་པའི་གླིང་ཆེན་བདུན་པོ་ཕན་ཚུན་གཅིག་གིས་

གཅིག་ལ་འབྲེལ་ནས་འདུག་གམ།

ས་ཆ་གང་ལ་སོང་ཡང་མཚོ་ངོས་ཀྱི་མཐོ་ཚད་རིམ་པ་དེ་གཅིག་མཚུངས་

ཡིན་པས། དུས་རྒྱུན་ས་ངོས་ཆགས་བབ་ཀྱི་མཐོ་ཚད་འཇལ་སྐབས་མཚོ་ ངོས་ཀྱི་མཐོ་ཚད་རིམ་པ་ནས་འགོ་བཙུགས་ཏེ་འཇལ་གྱི་ཡོད།

འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ ནས་བརྩིས་པའི་མི་ཊར་ ༨,༨༥༠ ཡིན། ཞི་བདེ་རྒྱ་མཚོའི་ནང་དུ་གཏིང་ཟབ་ ཤོས་ཀྱི་ཚད་ལ་མི་ཊར་ ༡༡,༠༢༢ ཡོད། ཁྱེད་ཀྱིས་བསམ་བློ་ཐོངས་དང་།

རྒྱ་མཚོའི་གཏིང་གི་ཟབ་ཚད་ནི་ཇོ་མོ་གླང་མའི་མཐོ་ཚད་ལས་ཀྱང་ཟབ་པ་

བྱང་ཨ་རི་གླིང་ཆེན།

དཀྱིལ་ཐིག དཔེ་རིས། ༥་༣

གླིང་ཆེན་བདུན་དང་རྒྱ་མཚོ་ཆེན་པོ་བཞི།

ཞི་བདེ་རྒྱ་མཚོ།

བྱང་འཁྱགས་རོམ་རྒྱ་མཚོ།།

ནུབ་རྒྱ་མཚོ་ཆེན་པོ།

ལྷོ་ཨ་རི་གླིང་ཆེན།

ཡུ་རོབ་གླིང་ཆེན།

ཨཕ་རི་ཁ་གླིང་ཆེན།

ཨེ་ཤི་ཡ་གླིང་ཆེན།

རྒྱ་གར་རྒྱ་མཚོ།

ཨོསྟྲེ་ལི་ཡཱ་གླིང་ཆེན།

ལྷོ་སྣེ་གླིང་ཆེན།

38


ས་ཁམས་རིག་པ།

ཡོད་ན། རྒྱ་མཚོའི་གཏིང་ནི་ཧ་ཅང་ཟབ་མོ་ཡོད་པ་གསལ་པོ་རྟོགས་ཐུབ་པ་ ཞིག་རེད།

རྒྱ་མཚོ་ཆེན་པོས་བར་ཆོད་པའི་གླིང་ཆེན་བདུན་ཡོད་པ་ནི། ཨེ་ཤི་ཡ་གླིང་

ཆེན་དང་། ཡུ་རོབ་གླིང་ཆེན། ཨཕ་རི་ཁ་གླིང་ཆེན། བྱང་ཨ་རི་གླིང་ཆེན།

ལྷོ་ཨ་རི་གླིང་ཆེན། ཨོསྟྲེ་ལི་ཡཱ་གླིང་ཆེན། ལྷོ་སྣེ་གླིང་ཆེན་བཅས་ཡིན། ས་ ཁྲའི་ངོས་ལ་ཞིབ་ལྟ་བྱས་པ་ན། ང་ཚོས་སའི་གོ་ལའི་ངོས་ཀྱི་སྐམ་སའི་ཆ་ ཆེ་ཤོས་ནི་གོ་ལ་ཕྱེད་བྱང་མའི་ཁྱབ་ཁོངས་སུ་ཆགས་ཡོད་པ་ཤེས་ཐུབ།

གླིང་ཆེན་བདུན། (Seven Continents)

ཨེ་ཤི་ཡ་གླིང་ཆེན། དཔེ་རིས། ༥་༤ ཡུ་རོབ་གླིང་ཆེན།

ཨེ་ཤི་ཡ་གླིང་ཆེན། (Asia)

ཨེ་ཤི་ཡ་གླིང་ཆེན་ནི་གོ་ལ་ཕྱེད་ཤར་མའི་ཁྱབ་ཁོངས་སུ་ཆགས་ཡོད། དེས་

སའི་གོ་ལའི་ངོས་ཀྱི་སྐམ་སའི་རྒྱ་ཁྱོན་སྤྱིའི་གསུམ་ཆ་གཅིག་ཟིན་གྱི་ཡོད་

པས། གླིང་ཆེན་བདུན་གྱི་ནང་ནས་ཆེ་ཤོས་ཡིན། བྱང་བགྲོད་ཀྱི་མཐའ་ནི་

ཨེ་ཤི་ཡ་གླིང་ཆེན་འདིའི་ངོས་སུ་ཁེལ་ཡོད་ལ། ཨེ་ཤི་ཡ་གླིང་ཆེན་གྱི་ནུབ་

ཕྱོགས་སུ་ཡོད་པའི་ཡུ་རཱལ་ (Ural) རི་རྒྱུད་ཀྱིས་ཨེ་ཤི་ཡ་གླིང་ཆེན་དང་ཡུ་

རོབ་གླིང་ཆེན་གཉིས་ཀྱི་བར་མཚམས་ཕྱེ་ཡོད། དུས་རྒྱུན་མི་རྣམས་ཀྱིས་

དཔེ་རིས། ༥་༥

ཡུ་རོབ་དང་ཨེ་ཤི་ཡ་གླིང་ཆེན་གཉིས་ཀྱིས་ལྷན་དུ་གྲུབ་པའི་སྐམ་ས་ལ་ཡུ་

རོབ་དང་ཨེ་ཤི་ཡའི་སྐམ་ས་ཆེན་མོ་(ཡུ་རེ་ཤི་ཡ་ Eurasia) ཟེར།

ཡུ་རོབ་གླིང་ཆེན། (Europe)

ཡུ་རོབ་གླིང་ཆེན་ནི་ཨེ་ཤི་ཡ་གླིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་ཡོད་པ་

དང་། དེ་ནི་ཨེ་ཤི་ཡ་གླིང་ཆེན་ལས་ལྡབ་བཞི་ལྷག་གིས་ཆུང་བ་ཡོད། ས་

ཁྲའི ་ ངོ ས ་སུ་བལྟས་པ་ན། བྱང་སྣེ ་མུ་ཁྱུད་ཀྱི ་ཐི ག ་ནི ་ཡུ་རོབ ་གླི ང་ཆེ ན་

བརྒྱུད་ནས་ཡོད་ལ། ཡུ་རོབ་གླིང་ཆེན་གྱི་ཕྱོགས་མཐའ་གསུམ་རྒྱ་མཚོས་

39

ཨཕ་རི་ཁ་གླིང་ཆེན། དཔེ་རིས། ༥་༦


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

བསྐོར་ནས་ཡོད་པའང་ཤེས་ཐུབ།

ཨཕ་རི་ཁ་གླིང་ཆེན། (Africa)

ཨཕ་རི་ཁ་གླིང་ཆེན་ནི་འཛམ་གླིང་ནང་གི་གླིང་ཆེན་ཆེ་ཤོས་ཨང་གཉིས་པ་ ཡིན། དཀྱིལ་ཐིག་ནི་ཨཕ་རི་ཁ་གླིང་ཆེན་གྱི་དབུས་སུ་ཁེལ་ཡོད་ལ། ཨཕ་

རི་ཁ་གླིང་ཆེན་གྱི་ས་ཁུལ་མང་ཆེ་བ་གོ་ལ་ཕྱེད་བྱང་མའི་ཁྱབ་ཁོངས་སུ་

ཆགས་ཡོད། ཨཕ་རི་ཁ་གླིང་ཆེན་ནི་བྱང་བགྲོད་ཀྱི་མཐའ་དང་། དཀྱིལ་ཐིག ལྷོ་བགྲོད་ཀྱི་མཐའ་བཅས་གསུམ་པོ་མཉམ་དུ་ཁེལ་བའི་གླིང་ཆེན་གཅིག་པུ་

བྱང་ཨ་རི་གླིང་ཆེན།

དེ་ཡིན།

ཁྱེད་ཀྱིས་ས་ཁྲ་ལ་ཞིབ་ཏུ་བལྟས་པ་ན། འཛམ་གླིང་ནང་གི་བྱེ་ཐང་ཆེ་ཤོས་

སཱ་ཧཱ་རཱ་ ནཱཡེལ་

(Sahara)

(Nile)

བྱེ་ཐང་དང་། འཛམ་གླིང་ནང་གི་གཙང་པོ་རིང་ཤོས་

གཉིས་ཀ་ཨཕ་རི་ཁ་གླིང་ཆེན་གྱི་ནང་དུ་ཡོད་པ་ཤེས་ཐུབ་

ལ། ད་དུང་ཨཕ་རི་ཁ་གླིང་ཆེན་ནི་ཕྱོགས་ཀུན་མཚོ་ཡིས་བསྐོར་བའི་གླིང་ ཆེན་ཞིག་ཡིན་པ་དང་བྱང་བགྲོད་ཀྱི་མཐའ་དང་། དཀྱིལ་ཐིག ལྷོ་བགྲོད་ཀྱི་

ལྷོ་ཨ་རི་གླིང་ཆེན།

མཐའ་གསུམ་པོའང་ཨཕ་རི་ཁ་གླིང་ཆེན་དུ་ཁེལ་ཡོད་པ་རྟོགས་ཐུབ།

བྱང་ཨ་རི་གླིང་ཆེན། (North America)

བྱང་ཨ་རི་གླིང་ཆེན་ནི་འཛམ་གླིང་ནང་གི་གླིང་ཆེན་ཆེ་ཤོས་ཨང་གསུམ་

པ་ཡིན། དེ་ས་སྣེ་ལེབ་མོ་ཆུང་ཆུང་ཞིག་གིས་ལྷོ་ཨ་རི་གླིང་ཆེན་དང་སྦྲེལ་

ནས་ཡོད་པ་དང་། གླིང་ཆེན་དེ་གཉིས་སྦྲེལ་བྱེད་ཀྱི་ས་སྣེ་ལེབ་མོ་ཆུང་ཆུང་

དེར་པཱ་ནཱ་མཱ་གླིང་ལག་

ཨོསྟྲེ་ལི་ཡཱ་གླིང་ཆེན། དཔེ་རིས། ༥་༧

(Panama Isthmus)

ཅེས་འབོད་ཀྱི་ཡོད། ཁྱེད་ཀྱིས་

ས་ཁྲ་ལ་ཞིབ་ཏུ་བལྟས་པ་ན། བྱང་ཨ་རི་གླིང་ཆེན་འདི་ནི་གོ་ལ་ཕྱེད་བྱང་མ་

དང་ཕྱེད་ནུབ་མའི་ཁྱབ་ཁོངས་སུ་ཆགས་ཡོད་པ་དང་། དེ་ད་དུང་རྒྱ་མཚོ་ གསུམ་གྱིས་མཐའ་བསྐོར་ནས་ཡོད་པའང་ཤེས་ངེས།

40


ས་ཁམས་རིག་པ།

ལྷོ་ཨ་རི་གླིང་ཆེན། (South America)

ལྷོ་ཨ་རི་གླིང་ཆེན་གྱི་ས་ཁུལ་མང་ཆེ་བ་གོ་ལ་ཕྱེད་ལྷོ་མའི་ཁྱབ་ཁོངས་སུ་ གཏོགས། གླིང་ཆེན་འདིའི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་འཛམ་གླིང་ནང་

གི་རི་རྒྱུད་རིང་ཤོས་ཨན་ཌེས་

གི་གཙང་པོ་ཆེ་ཤོས་ཨེ་མཱ་ཛོན་

(Andes)

ཆགས་ཡོད་ལ། འཛམ་གླིང་ནང་

(Amazon)

ཞེས་པ་དེ་ཡང་གླིང་ཆེན་འདིའི་

ནང་དུ་ཡོད། ཁྱེད་ཀྱིས་ས་ཁྲ་ལ་ལྟོས་དང་། གླིང་ཆེན་འདིའི་ཤར་དང་ནུབ་

ཀྱི་ཕྱོགས་སུ་ཡོད་པའི་རྒྱ་མཚོ་གང་དང་གང་རེད།

ལྷོ་སྣེ་གླིང་ཆེན། དཔེ་རིས། ༥་༨

ཨོསྟྲེ་ལི་ཡཱ་གླིང་ཆེན། (Australia)

ཨོསྟྲེ་ལི་ཡཱ་གླིང་ཆེན་ནི་འཛམ་གླིང་ནང་གི་གླིང་ཆེན་ཆུང་ཤོས་ཡིན། དེ་ ནི་གོ་ལ་ཕྱེད་ལྷོ་མའི་ཁྱབ་ཁོངས་སུ་ཆགས་ཡོད་པ་དང་། ཕྱོགས་མཐའ་ ཡོངས་རྫོགས་མཚོ་ཡིས་བསྐོར་ནས་ཡོད།

ལྷོ་སྣེ་གླིང་ཆེན། (Antarctica)

ལྷོ་སྣེ་གླིང་ཆེན་ནི་གོ་ལ་ཕྱེད་ལྷོ་མའི་ཁྱབ་ཁོངས་སུ་ཆགས་ཡོད། ལྷོ་སྣེ་མུ་ ཁྱུད་ནི་གླིང་ཆེན་འདིའི་དཀྱིལ་དུ་ཁེལ་ཡོད་ལ། གླིང་ཆེན་འདི་ལྷོ་སྣེ་མུ་ཁྱུད་

ཀྱི་ཁྱབ་ཁོངས་སུ་ཆགས་ཡོད་པས་དུས་རྟག་ཏུ་འཁྱགས་དར་མཐུག་པོས་

བཏུམས་ནས་ཡོད། དེར་གནམ་གཤིས་གྲང་ངར་ཆེ་བས་གཏན་སྡོད་བྱེད་

དཔེ་རིས། ༥་༩ འདི་ནི་ཕྱི་ལོ་ ༡༩༧༢ ལོར་བར་སྣང་ནས་

བརྒྱབས་པའི་སའི་གོ་ལའི་བརྙན་པར་ཞིག་ཡིན། འདི་ལས་ང་ ཚོས་སའི་གོ་ལ་ནི་‘ཆུའི་གོ་ལ་’ཟླུམ་པོ་ཞིག་དང་འདྲ་བའི་སྣང་

ཚུལ་གསལ་པོ་མཐོང་ཐུབ།

མཁན་གྱི་མི་གཅིག་ཀྱང་མེད། འོན་ཀྱང་གླིང་ཆེན་འདིར་ཞིབ་འཇུག་བྱེད་

ཆེད་རྒྱལ་ཁབ་མང་པོ་ཞིག་གིས་ཞིབ་འཇུག་ལྟེ་གནས་བཙུགས་ཡོད།

ཆུ་ཁམས། (Hydrosphere)

ཚན་རིག་པ་མང་པོ་ཞིག་གིས་སའི་གོ་ལའི་མིང་ལ་ “ཆུའི་གོ་ལ་” ཞེས་

བཏགས་ན་འཚམ་པོ་ཡོད་པར་བརྗོད་མྱོང་ཡོད། ཞིབ་ཏུ་བསམས་ན་དེ་ལ་ ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། ཆུ་ཡིས་སའི་གོ་ལའི་ངོས་ཀྱི་བརྒྱ་

41

དཔེ་རིས། ༥་༡༠ ཞི་བདེ་རྒྱ་མཚོ་ནི། འཛམ་གླིང་ནང་གི་གཏིང་ ཟབ་ཤོས་དང་རྒྱ་ཆེ་ཤོས་ཀྱི་རྒྱ་མཚོ་དེ་ཡིན་པ་རེད།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཆ་ ༧༡ ལྷག་ཟིན་ཡོད་པ་དང་། སྐམ་ས་ཡིས་བརྒྱ་ཆ་ ༢༩ ཙམ་ལས་ཟིན་གྱི་

མེད་པས། བར་སྣང་ནས་སའི་གོ་ལར་བལྟས་ཚེ། དེ་ནི་བར་སྣང་ཁམས་སུ་ ལྡིང་བའི་སྤོ་ལོ་སྔོན་པོ་ཞིག་ལྟར་སྣང་གི་ཡོད། ཆུ་ཁམས་ནི་རྒྱུག་ཆུ་དང་།

མཚོ། མཚེའུ། འཁྱགས་རོམ། ས་གཏིང་གི་ཆུ། རླུང་ཁམས་སུ་ཁྱབ་པའི་

རླངས་པ་སོགས་ཆུ་ཡི་ངོ་བོ་ཡོད་ཚད་གཅིག་འདུས་ཀྱིས་གྲུབ་པ་ཞིག་ཡིན།

དཔེ་རིས། ༥་༡༡ ནུབ་རྒྱ་མཚོ།

སའི་གོ་ལའི་ངོས་སུ་ཡོད་པའི་ཆུ་ཡི་བརྒྱ་ཆ་ ༩༧་༥ ལྷག་ནི་རྒྱ་མཚོ་ཡིན་

ལ། དེའི་ནང་དུ་ཚྭ་མང་དྲགས་པས་མི་རྣམས་ཀྱིས་ལོངས་སུ་སྤྱོད་ཐུབ་ཀྱི་ མེད། གཞན་ཡང་ཆུ་ཡི་ཆ་ཤས་ ༢་༥ ནས་ ༠་༣ མ་གཏོགས་གཞན་རྣམས་ འཁྱགས་རོམ་གྱི་ངོ་བོ་དང་སའི་གཏིང་དུ་འཐིམས་ནས་ཡོད་པས་མི་རྣམས་

ཀྱིས་ལོངས་སུ་སྤྱོད་ཐུབ་ཀྱི་མེད། དེས་ན་མི་རྣམས་ཀྱིས་ཐད་ཀར་ལོངས་

སུ་སྤྱོད་ཐུབ་པའི་ཆུ་གཙང་མ་ཧ་ཅང་ཉུང་ཉུང་ཞིག་ལས་མེད། སྤྱིར་སའི་གོ་

དཔེ་རིས། ༥་༡༢ རྒྱ་གར་རྒྱ་མཚོ།

ལ་འདི་ “ཆུའི་གོ་ལ་” ལྟ་བུ་ཞིག་ཡིན་ནའང་། ང་ཚོར་ཆུ་ཧ་ཅང་དཀོན་པའི་

དཀའ་ངལ་འཕྲད་ཀྱི་ཡོད།

རྒྱ་མཚོ་ཆེན་པོ་བཞི། (Four Oceans of the World)

དཔེ་རིས། ༥་༡༣ བྱང་སྣེའི་རྒྱ་མཚོ།

རྒྱ་མཚོ་ཆེན་པོ་དག་ནི་ཆུ་ཁམས་ཀྱི་གྲུབ་ཆ་ཆེ་ཤོས་ཡིན་ལ། དེ་དག་ཕན་

ཚུན་གཅིག་ལ་གཅིག་འབྲེལ་གྱིས་ཆགས་ཡོད། རྒྱ་མཚོ་ནི་དུས་རྟག་ཏུ་

གཡོ་འཁྱོམ་བྱེད་ཀྱི་ཡོད་པ་དང་། རྒྱ་མཚོ་གཡོ་འཁྱོམ་བྱེད་ཚུལ་གཙོ་བོ་གསུམ་ཡོད་པ་དེ་ལ། རྦ་རླབས་དང་། དུས་ རླབས་དང་། རླབས་རྒྱུན་བཅས་ཟེར། དེ་ཡང་རྒྱ་མཚོ་ཆེན་པོ་བཞི་ཡོད་པ་ནི་ཞི་བདེ་རྒྱ་མཚོ་དང་། ནུབ་རྒྱ་མཚོ། རྒྱ་ གར་རྒྱ་མཚོ། བྱང་སྣེའི་རྒྱ་མཚོ་བཅས་ཡིན།

ཞི་བདེ་རྒྱ་མཚོ་

(Pacific Ocean)

ནི་རྒྱ་མཚོ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཡིན་ལ། ཟླུམ་དབྱིབས་ཀྱི་རྣམ་པར་ཆགས་

ཡོད། ཁྱེད་ཀྱིས་ས་ཁྲ་ལ་ལྟོས་དང་། ཨེ་ཤི་ཡ་གླིང་ཆེན་དང་ཨོསྟྲེ་ལི་ཡཱ་གླིང་ཆེན། བྱང་ཨ་རི་དང་ལྷོ་ཨ་རི་གླིང་ཆེན་དག་ ཞི་བདེ་རྒྱ་མཚོའི་མཐའ་བསྐོར་ནས་ཆགས་ཡོད་པ་རྟོགས་ཐུབ།

ནུབ་རྒྱ་མཚོ་

(Atlantic Ocean)

ནི་འཛམ་གླིང་ནང་གི་རྒྱ་མཚོ་ཆེ་ཤོས་ཨང་གཉིས་པ་ཡིན། ཆགས་དབྱིབས་ཨིན་ཡིག་

42


“S”

ཡི་དབྱིབས་ལྟར་ཆགས་ཡོད་ལ། བྱང་ཨ་རི་དང་ལྷོ་ཨ་རི་གླིང་ཆེན་

གཉིས་ནི་ནུབ་རྒྱ་མཚོ་ཆེན་པོ་འདིའི་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། ཨཕ་

རི་ཁ་དང་ཡུ་རོབ་གླིང་ཆེན་གཉིས་ནི་ཤར་རྒྱུད་དུ་ཆགས་ཡོད། རྒྱ་མཚོ་ འདི་ནི་འཛམ་གླིང་ནང་ཚོང་དོན་ཆེད་མཚོ་འགྲུལ་མང་ཤོས་བྱེད་སའི་རྒྱ་ མཚོ་དེ་ཡིན།

རྒྱ་གར་རྒྱ་མཚོ་ (Indian Ocean) ནི་རྒྱལ་ཁབ་ཀྱི་མིང་རྒྱ་མཚོར་བཏགས་པ་

ཞིག་ཡིན་ལ། འཛམ་གླིང་ནང་རྒྱལ་ཁབ་ཀྱི་མིང་བཏགས་པའི་རྒྱ་མཚོ་འདི་

ལས་མེད། དེའི་ཆགས་དབྱིབས་ཟུར་གསུམ་ཡིན་ལ། དེའི་བྱང་མཐའ་ལ་

ཨེ་ཤི་ཡ་གླིང་ཆེན་དང་། ནུབ་མཐའ་ལ་ཨཕ་རི་ཁ་གླིང་ཆེན་དང་། ཤར་

མཐའ་ལ་ཨོསྟྲེ་ལི་ཡཱ་གླིང་ཆེན་བཅས་ཆགས་ཡོད།

བྱང་སྣེའི་རྒྱ་མཚོ་

(Arctic Ocean)

ས་ཁམས་རིག་པ།

ཚིག་ གསར།

རྦ་རླབས། Wave

དུས་རླབས། Tide

རླབས་རྒྱུན། Current མཚོ་འགག Strait

མཚོ་ལག Isthmus

མཚོ་ངོས་མཐོ་ཚད། Sea level

ཕྱི་རིམ།

ཚ་རིམ།

ནི་བྱང་སྣེའི་མུ་ཁྱུད་ཀྱི་ཁྱབ་ཁོངས་སུ་

ཆགས་ཡོད་པ་དང་། བྷེ་རིང་མཚོ་འགག་

(Bering Strait)

གིས་ཞི་བདེ་རྒྱ་

མཁའ་དབྱིངས་འཕུར་གྲུ།

མཚོ་དང་སྦྲེལ་ནས་ཡོད། དེ་ནི་བྱང་ཨ་རི་གླིང་ཆེན་གྱི་མཚོ་རྒྱུད་དང་། ཡུ་

རོབ་དང་ཨེ་ཤི་ཡའི་སྐམ་ས་ཆེན་མོ་བཅས་ཀྱིས་མཐའ་བསྐོར་ནས་ཡོད་པ་ ཞིག་ཡིན།

རླུང་ཁམས། Atmosphere

སའི་གོ་ལ་ནི་རླུང་ཁམས་ཞེས་པའི་རླངས་གཟུགས་ཀྱི་རིམ་པ་ཞིག་གིས་

བསྐོར་ཡོད། མཁའ་དབུགས་ཀྱི་རིམ་པ་སྲབ་མོ་འདི་ནི་སའི་གོ་ལའི་གྲུབ་ཆ་ གལ་ཆེན་ཞིག་ཡིན། རླུང་ཁམས་འདིས་ང་ཚོར་དབུགས་འབྱིན་རྔུབ་བྱེད་

པར་ཕན་གྲོགས་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོར་གནོད་པའི་ཉི་འོད་རིགས་

འགོག་པར་ཡང་ཕན་འདོགས་ཀྱི་ཡོད། རླུང་ཁམས་འདི་ཡང་གྲུབ་སྟངས་

དང་། དྲོད་ཚད་སོགས་ཁྱད་ཆོས་མི་འདྲ་བའི་རྒྱུ་རྐྱེན་སྣ་ཚོགས་ལ་གཞིགས་ ཏེ་རིམ་པ་ལྔ་རུ་དབྱེ་ཡོད།

འགྱུར་རིམ། (Troposphere) མཁའ་དབུགས་མཐུག་ཤོས་དང་རླུང་ཁམས་ཀྱི་

43

བར་རིམ། སྐར་མདའ།

སྙོམས་རིམ།

འགྱུར་རིམ།

དབུགས་ལྒང་། གནམ་གྲུ

དཔེ་རིས། ༥་༡༤ རླུང་ཁམས་ཀྱི་རིམ་པ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

རིམ་པ་དམའ་ཤོས་ཡིན་ལ། ས་ངོས་ནས་མཐོ་ཚད་ཀི་ལོ་མི་ཊར་ ༡༠ ནས་

༢༠ བར་ཡིན། རླུང་ཁམས་རིམ་པ་འདིའི་ནང་ས་ངོས་ནས་མཐོ་སར་ཕྱིན་ཚེ་

དྲོད་ཚད་ཇེ་དམའ་ཡིན་པ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ཚང་མ་རླུང་ ཁམས་རིམ་པ་འདིའི་ནང་འབྱུང་གི་ཡོད། སྙོམས་རིམ།

(Stratosphere)

ས་ངོས་ནས་མཐོ་ཚད་ཀི་ལོ་མི་ཊར་ ༢༠ ནས་

༥༠ བར་ཡིན། རླུང་ཁམས་ཀྱི་རིམ་པ་འདིའི་ནང་སྤྲིན་པ་མེད་ལ། མཐོ་སར་

ཕྱིན་ཚེ་རིམ་བཞིན་དྲོད་ཚད་ཀྱང་ཇེ་མཐོར་འགྲོ་ཡི་རེད། གོ་ལའི་བླ་བྲེ་ནི་ རླུང་ཁམས་རིམ་པ་འདིའི་ནང་ཡོད།

བར་རིམ། (Mesosphere) ས་ངོས་ནས་མཐོ་ཚད་ཀི་ལོ་མི་ཊར་ ༥༠ ནས་ ༨༥ བར་ཡིན། རླུང་ཁམས་རིམ་པ་འདིའི་ནང་དུ་རིམ་པ་དམའ་ས་ནས་མཐོ་སར་

དཔེ་རིས། ༥་༡༥ འཚོ་རླུང་སྣོད་ཁུར་ཏེ་གངས་རི་མཐོན་པོའི་ རྩེ་ལ་འཛེག་མཁན།

ཚིག་ གསར།

གནོན་ཤུགས། Pressure

གནོན་ཤུགས་ཆེ་བ། High Pressure

གནོན་ཤུགས་ཆུང་བ། Low Pressure རླུང་། Air

ལྷགས་པ། Wind

ཕྱིན་ཚེ་དྲོད་ཚད་ཇེ་དམའར་འགྲོ་ཡི་རེད། རླུང་ཁམས་རིམ་པ་འདི་ནི་རླུང་

ཁམས་རིམ་པ་ཚང་མའི་ནང་ནས་དྲོད་ཚད་དམའ་ཤོས་ཡིན་པ་རེད། དུས་ རྒྱུན་སྐར་མདའ་ནི་རླུང་ཁམས་རིམ་པ་འདིའི་ནང་འབྱུང་གི་ཡོད།

ཚ་རིམ།

(Thermosphere)

ས་ངོས་ནས་མཐོ་ཚད་ཀི་ལོ་མི་ཊར་ ༨༥ ནས་

༦༤༠ བར་ཡིན། རླུང་ཁམས་ཀྱི་རིམ་པ་འདིའི་ནང་དམའ་ས་ནས་མཐོ་སར་ ཕྱིན་ཚེ་དྲོད་ཚད་ཇེ་མཐོར་འགྲོ་ཡི་རེད།

ཕྱི་རིམ། (Exosphere) ས་ངོས་ནས་མཐོ་ཚད་ཀི་ལོ་མི་ཊར་ ༦༤༠ ནས་

༦༤༠༠༠ བར་ཡིན་པ་དང་། རླུང་ཁམས་རིམ་པ་འདིའི་ནང་གྲུབ་རྫས་ཚང་

མ་རིམ་བཞིན་བར་སྣང་ཁམས་སུ་གྲམ་པར་གྱུར་པས། རླུང་ཁམས་གྱི་ངོ་བོ་རིམ་གྱིས་ཡལ་འགྲོ་བཞིན་ཡོད།

རླུང་ཁམས་ཀྱི་གྲུབ་ཆ་གཙོ་བོ་ནི་ཟེ་རླུང་དང་འཚོ་རླུང་གཉིས་ཡིན། དེ་གཉིས་ཀྱིས་མཁའ་དབུགས་དྭངས་མོའི་བརྒྱ་ཆ་

༩༩ ཟིན་ཡོད་དེ། ཟེ་རླུང་གིས་བརྒྱ་ཆ་ ༧༨ ཟིན་པ་དང་། འཚོ་རླུང་གིས་བརྒྱ་ཆ་ ༢༡ ཟིན་ལ། ཀར་བོན་འཚོ་རླུང་ཟུང་ལྡན་

དང་གཉུག་རླུང་ལྟ་བུའི་རླངས་རྫས་རིགས་གཞན་གྱིས་རླུང་ཁམས་ཀྱི་བརྒྱ་ཆ་གཅིག་ཟིན་གྱི་ཡོད། འཚོ་རླུང་དང་ཟེ་རླུང་

གཉིས་ནི་སྐྱེ་ལྡན་རིགས་འཚོ་གནས་བྱེད་པར་མེད་ཐབས་མེད་པ་ཞིག་ཡིན། རླུང་ཁམས་ཀྱི་ནང་དུ་ཀར་བོན་འཚོ་རླུང་ ཟུང་ལྡན་ཧ་ཅང་ཉུང་ངུ་ཞིག་ལས་མེད་ནའང་། དེ་སའི་གོ་ལའི་རླུང་ཁམས་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེས་སའི་

44


ས་ཁམས་རིག་པ།

གོ་ལའི་ངོས་ནས་མཆེད་པའི་ཚ་དྲོད་ཉར་ཐུབ་ཀྱི་ཡོད་པར་བརྟེན། སའི་གོ་ལ་འདི་དྲོ་སྐྱིད་ལྡན་པ་ཞིག་ཡིན་པ་དང་། ཀར་ བོན་འཚོ་རླུང་ཟུང་ལྡན་གྱི་གྲུབ་ཆ་འདི་ལ་བརྟེན་ནས་བྱུང་བ་ཡིན། ད་དུང་འདི་ནི་རྩི་ཤིང་རིགས་སྐྱེ་འཚར་འབྱུང་བའི་ཆ་

རྐྱེན་གལ་ཆེན་ཞིག་ཀྱང་ཡིན།

ས་ངོས་མཐོ་ཚད་ཀྱི་རིམ་པ་ལྟར་རླུང་ཁམས་ཀྱི་རིམ་པ་ཡང་མི་འདྲ་སྟེ། མཚོ་ངོས་ནས་བརྩིས་པའི་རིམ་པ་དམའ་ས་ལ་ མཁའ་དབུགས་སྟུག་པོ་ཡོད་ནའང་། མཚོ་ངོས་ལས་མཐོ་ཚད་ཇེ་མཐོར་སོང་བ་ན་མཁའ་དབུགས་ཀྱང་ཇེ་ཉུང་ནས་ཇེ་

ཉུང་འགྲོ་ཡི་ཡིད། ཁྱེད་ཀྱིས་བསམ་བློ་ཐོངས་དང་། ཇོ་མོ་གླང་མ་ལྟ་བུའི་རི་མཐོན་པོའི་རྩེར་འཛེག་མཁན་ཚོ་དང་ཟླ་བའི་ ནང་དུ་སྐྱོད་མཁན་ཚོས་འཚོ་རླུང་སྣོད་ཁུར་ནས་འགྲོ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ནི་མཚོ་ངོས་ལས་མཐོ་ཚད་

ངེས་ཅན་ཞིག་ལ་སླེབས་པ་ན། མཁའ་དབུགས་ཇེ་ཉུང་དུ་སོང་སྟེ་དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་

པས། ཇོ་མོ་གླང་མ་ལྟ་བུའི་རི་མཐོན་པོའི་རྩེར་འཛེག་མཁན་ཚོ་དང་ཟླ་བའི་སྟེང་འགྲོ་མཁན་ཚོས་འཚོ་རླུང་སྣོད་འཁུར་

དགོས་ཀྱི་ཡོད་པ་རེད། ས་ངོས་ནས་མཐོ་ས་ལ་ཇི་ཙམ་སོང་ན་དེ་ཙམ་གྱིས་དྲོད་ཚད་ཀྱང་ཇེ་དམའ་ཡིན། སའི་གོ་ལའི་

ངོས་སུ་རླུང་ཁམས་ཀྱི་གནོན་ཤུགས་ཡོད་པ་དང་། གནོན་ཤུགས་ཀྱི་ཚད་དེ་ཡང་ས་ཁུལ་སོ་སོར་མི་འདྲ་བའི་ཁྱད་པར་

ཡོད་དེ། ས་ཁུལ་ཁ་ཤས་ལ་རླུང་ཁམས་ཀྱི་གནོན་ཤུགས་ཆེ་བ་དང་། ས་ཁུལ་ཁ་ཤས་ལ་རླུང་ཁམས་ཀྱི་གནོན་ཤུགས་ ཆུང་བ་ཡོད། རླུང་ནི་རླུང་ཁམས་ཀྱི་གནོན་ཤུགས་ཆེ་ས་ནས་ཆུང་སའི་ཕྱོགས་སུ་རྒྱུ་བཞིན་ཡོད་ལ། ང་ཚོས་དུས་རྒྱུན་ རླུང་རྒྱུ་བ་ལ་ལྷགས་པ་ཟེར་གྱི་ཡོད།

ཚེ་སྲོག་གི་གནས་ཡུལ།

སྐྱེ་དངོས་ཁོར་ཡུག (Biosphere) རླུང་ཁམས།

སྐྱེ་དངོས་ཁོར་ཡུག་ནི་ཚེ་སྲོག་

ཐམས་ཅད་འཚོ ་ གནས་ཐུབ་པའི ་ ཆ་རྐྱེན་ས་དང་། ཆུ། རླུང་བཅས་

གསུམ་པོ ་ མཉམ་དུ་འཛོ མ ས་པའི ་

གནས་དེ་ཡིན་ལ། གནས་དེ་ནི་ཚེ་

སྲོ ག ་མཐའ་དག་འཚོ ་ གནས་ཐུབ་ སའི་ཁོར་ཡུག་གཅིག་པུ་ཡིན་པས།

ས་ཁམས།

སྐྱེ་ཁམས།

དཔེ་རིས། ༥་༡༦ སྐྱེ་དངོས་ཁོར་ཡུག་གི་རྣམ་པ་མཚོན་པའི་དཔེ་རིས།

45

ཆུ་ཁམས།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྐྱེ་དངོས་ཁོར་ཡུག་ནི་སའི་གོ་ལའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་གྲུབ་

ཆ་གཙོ་བོར་གྱུར་བ་རེད།

སྐྱེ་དངོ ས ་ཁོ ར ་ཡུག་གི ་ ཁོ ར ་ཡུག་འདི འི ་ ནང་ཆེ ་ ཆུང་མི ་ འདྲ་བའི ་ སྐྱེ་ལྡན་ དཔེ་རིས། ༥་༡༧ རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་ཡུལ།

རིག ས་སྣ་ཚོགས་ཡོད་དེ། མིག་གིས ་མཐོང་དཀའ་བའི་སྐྱེ་ལྡན་ཕྲ་མོའི ་ རིགས་དང་། གཟུགས་སྟོབས་ཧ་ཅང་ཆེ་བའི་འོ་འཐུང་སྲོག་ཆགས་རིགས་

སོགས་རྣམ་གྲངས་མང་པོ་ཡོད། འགྲོ་བ་མི་དང་བཅས་པའི་སྐྱེ་ལྡན་རིགས་

ཚང་མ་གཅིག་ལ་གཅིག་བརྟེན་གྱིས་སྐྱེ་དངོས་ཁོར་ཡུག་འདིའི་ནང་འཚོ་

ཞིང་གནས་ཡོད་པ་ཤ་སྟག་ཡིན།

སྐྱེ་དངོ ས ་ཁོ ར ་ཡུག་གི ་ ཁོ ར ་ཡུག་འདི འི ་ ནང་འཚོ ་ སྡོ ད ་བྱེ ད ་པའི ་ སྐྱེ་ལྡན་

དཔེ་རིས། ༥་༡༨ ཕྱི་ལོ་ ༡༩༦༠ ནས་ ༡༩༨༠ བར་ཨ་ཧྥེ་

རི་ཁའི་ནུབ་ཕྱོགས་ས་ཁུལ་དུ་བྱུང་བའི་ཐན་སྐྱོན་འདི་ནི། དུས་

རབས་ཉི་ཤུ་པའི་ནང་བྱུང་བའི་ཐན་པ་ཆེ་ཤོས་ཤིག་ཡིན་པ་རེད།

ཚིག་ གསར།

རིགས། Species

སྐྱེ་ལྡན། Organism

རྩི་ཤིང་གི་འཇིག་རྟེན། Plant kingdom

སེམས་ཅན་གྱི་འཇིག་རྟེན། Animal kingdom

རིགས་

(Species of Organisms)

ཚང་མ་རྒྱ་ཆེ་ས་ནས་དབྱེ་ན། རྩི་ཤིང་དང་

སྲོག་ཆགས་བཅས་རིགས་གཉིས་སུ་འབྱེད་བཞིན་ཡོད།

སའི་གོ་ལའི་གྲུབ་ཆ་གཙོ་བོ་ས་སྐོགས་དང་། ཆུ་ཁམས། རླུང་ཁམས་གསུམ་

ནི་ཕན་ཚུན་གཅིག་གིས་གཅིག་ལ་ལྟོས་ནས་གྲུབ་ཡོད་པ་ཞིག་ཡིན། དཔེར་

ན། ཤིང་གི་ཅ་དངོས་སྣ་ཚོགས་བཟོ་ཆེད་ཤིང་སྡོང་མང་པོ་གཅོད་འབྲེག་

བྱས་པ་ལ་བརྟེན་ནས། ས་ཆ་ཁ་ཤས་ཀྱི་ཤིང་སྡོང་ཇེ་ཉུང་དུ་འགྲོ་བཞིན་ཡོད་ པ་དང་། ས་ཆ་ཁ་ཤས་ཀྱི་ཤིང་སྡོང་རིགས་མང་པོ་རྩ་མེད་དུ་སོང་ཡོད། དེ་

ལྟར་ཤིང་སྡོང་རིགས་ཇེ་ཉུང་དང་རྩ་མེད་དུ་སོང་བའི་རྐྱེན་གྱིས། རླུང་ཁམས་

ལ་འགྱུར་བ་ཐེབས་ནས་རླུང་འཚུབ་ཤུགས་ཆེན་བརྒྱབས་ཏེ་ཁོར་ཡུག་ལ་གནོད་སྐྱོན་འབྱུང་གི་ཡོད་པ་མ་ཟད། ཆར་ཆུ་ དུས་སུ་མི་འབབ་པའམ་འབབ་ཚད་ཇེ་ཉུང་དུ་སོང་ནས་ས་ཆ་ལ་ཐན་པ་འབྱུང་གི་ཡོད་ལ། ད་དུང་ས་ཆ་ཁ་ཤས་ལ་ས་ ཡོམ་གྱི་གནོད་འཚེ་ཡང་འབྱུང་གི་ཡོད། འདི་ལས་ང་ཚོས་རང་བྱུང་ཁམས་ཀྱི་ཆ་ཤས་གཅིག་ལ་ཕོག་ཐུག་བཏང་བ་ལ་

བརྟེན་ནས། རླུང་ཁམས་དང་། ཆུ་ཁམས། ས་སྐོགས་སོགས་སྐྱེ་དངོས་ཁོར་ཡུག་གི་ཁོར་ཡུག་སྤྱི་ལ་ཤུགས་རྐྱེན་ཐེབས་ ཀྱི་ཡོད་པ་དཔོག་ཐུབ།

གོང་དུ་བཤད་པ་བཞིན། རང་བྱུང་ཁམས་ཀྱི་ཆ་ཤས་གཅིག་ལ་ཕོག་ཐུག་བཏང་ཚེ། དེ་དང་འབྲེལ་བའི་ཆ་ཤས་མང་པོ་

ཞིག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། ང་ཚོས་སྐྱེ་དངོས་ཁོར་ཡུག་གི་ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་བྱེད་

46


ས་ཁམས་རིག་པ།

དགོས། སྐྱེ་དངོས་ཁོར་ཡུག་གི་ཁོར་ཡུག་ལ་གནོད་པའི་ལས་སྒྲུབ་པ་ནི་རང་ཉིད་ཀྱི་འཚོ་གནས་ལ་གནོད་པའི་ལས་སྒྲུབ་

པ་དང་གཅིག་མཚུངས་ཡིན། སྐྱེ་དངོས་ཁོར་ཡུག་ནི་ང་ཚོ་གནས་ས་ཡིན་པས། གནས་སའི་ཁོར་ཡུག་ལ་གནོད་པ་ཐེབས་ ཚེ་གནས་མཁན་གྱི་འཚོ་བར་ཡང་གནོད་སྐྱོན་ཐེབས་རྒྱུ་ངེས་ཡིན། ། བསྐྱར་སྦྱོང་།

༡། འཛམ་གླིང་ནང་གི་གཏིང་ཟབ་ཤོས་ཀྱི་རྒྱ་མཚོ་གང་ཡིན་ནམ།

༢། རྒྱལ་ཁབ་ཀྱི་མིང་རྒྱ་མཚོ་ལ་བཏགས་ཡོད་པའི་རྒྱ་མཚོ་དེ་གང་ཡིན།

༣། ས་དང་། ཆུ་དང་། མཁའ་དབུགས་བཅས་མཉམ་དུ་འཛོམས་པའི་གནས་དེའི་མིང་ལ་ཅི་ཟེར་རམ།

༤། འཛམ་གླིང་ནང་གི་རི་བོ་མཐོ་ཤོས་གང་ཡིན་ནམ།

སྦྱོང་ཚན།

དང་པོ། གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས། ༡།

སའི་གོ་ལའི་གྲུབ་ཆ་གཙོ་བོ་བཞི་གང་དག་ཡིན་ནམ།

༣།

གོ་ལ་ཕྱེད་བྱང་མའི་ཁྱབ་ཁོངས་སུ་ཆགས་པའི་གླིང་ཆེན་གཉིས་ཀྱི་མིང་བྲིས།

༢།

གླིང་ཆེན་བདུན་གང་དག་ཡིན་རེ་རེ་བཞིན་བྲིས།

༤།

རླུང་ཁམས་རིམ་པ་མི་འདྲ་བ་ག་ཚོད་ཡོད་དམ།

༦།

སྐྱེ་དངོས་ཁོར་ཡུག་ནི་སྐྱེ་ལྡན་རིགས་ཚང་མ་འཚོ་གནས་བྱེད་པར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།

༥།

སའི་གོ་ལར་ “ཆུའི་གོ་ལ་” ཟེར་བའི་རྒྱུ་མཚན་ཅི་ཡིན་ནམ།

གཉིས་པ། ལན་འོས་ཤོས་དེ་འདེམས་དགོས། ༡།

ཡུ་རོབ་དང་ཨེ་ཤི་ཡ་གཉིས་ཀྱི་བར་མཚམས་སུ་ཡོད་པའི་རི་རྒྱུད་དེ་ནི།

༢།

འཛམ་གླིང་ནང་གི་གཙང་པོ་ཆེ་ཤོས་ནི།

ཀ) ཨན་ཌེ་ས།

ཀ) ནཱཡེལ་གཙང་པོ།

ཁ) ཇོ་མོ་གླང་མ།

ག) ཡུ་རཱལ།

ཁ) ཨེ་མཱ་ཛོན་གཙང་པོ།

47

ང) ཡར་ལུང་གཙང་པོ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ༣།

རླུང་ཁམས་ཀྱི་གྲུབ་ཆའི་ནང་བརྒྱ་ཆ་མང་ཤོས་བཟུང་བའི་མཁའ་དབུགས་ནི།

༤།

སའི་གོ་ལའི་གྲུབ་ཆའི་ནང་དུ་སྲ་མཁྲེགས་ཀྱི་བྲག་རྡོ་དང་ལྡན་པ་ནི།

༥། ༦།

ཀ) ཟེ་རླུང་།

ཀ) རླུང་ཁམས།

གླིང་ཆེན་ཆེ་ཤོས་ནི

ཁ) འཚོ་རླུང་།

ག) ཀར་བོན་འཚོ་རླུང་ཟུང་ལྡན།

ཁ) ཆུ་ཁམས།

ག) ས་སྐོགས།

ཀ) ཨཕ་རི་ཁ་གླིང་ཆེན།

ཁ) ཨེ་ཤི་ཡ་གླིང་ཆེན།

ག) ཨོསྟྲེ་ལི་ཡཱ་གླིང་ཆེན།

ཀ) ཨེ་ཤི་ཡ་གླིང་ཆེན།

ཁ) ལྷོ་ཨ་རི་གླིང་ཆེན།

ག) ཨཕ་རི་ཁ་གླིང་ཆེན།

བྱང་བགྲོད་ཀྱི་མཐའ་དང་། དཀྱིལ་ཐིག ལྷོ་བགྲོད་ཀྱི་མཐའ་བཅས་གསུམ་གྱི་བརྒྱུད་ལམ་དུ་ཁེལ་བའི་གླིང་ཆེན་ནི།

གསུམ་པ། བྱེད་སྒོ། ༡།

ས་ཁྲ་ལ་བལྟས་ནས་གླིང་ཆེན་བདུན་ངོས་ཟུངས།

༣།

ས་ཁྲ་ལ་བལྟས་ནས་གོ་ལ་ཕྱེད་ཤར་མ་དང་ནུབ་མའི་ཁོངས་སུ་ཆགས་པའི་གླིང་ཆེན་དང་རྒྱ་མཚོ་གང་དང་གང་ཡིན་ངོས་

༢།

༤།

ས་ཁྲ་ལ་བལྟས་ནས་རྒྱ་མཚོ་ཆེན་པོ་བཞི་ངོས་ཟུངས། འཛིན་བྱོས།

ས་ཁྲ་ལ་བལྟས་ཏེ་གོ་ལ་ཕྱེད་བྱང་མ་དང་ལྷོ་མའི་ཁོངས་སུ་ཆགས་པའི་གླིང་ཆེན་དང་རྒྱ་མཚོ་གང་དང་གང་ཡིན་ངོས་འཛིན་

བྱོས།

གོ་ལ་ཕྱེད་བྱང་མ།

གོ་ལ་ཕྱེད་ ཤར་མ།

གོ་ལ་ཕྱེད་ ནུབ་མ།

གོ་ལ་ཕྱེད་ལྷོ་མ།

48


ས་ཁམས་རིག་པ།

ང་ཚོའི་ཕ་ཡུལ་བོད།

༄༅། །མི་མང་པོ་ཞིག་གིས་བོད་ཡུལ་ལ་ “འཛམ་གླིང་ཡང་རྩེ་” ཞེས་

འབོད། དེ་ལྟར་འབོད་དོན་ནི། རང་རེའི་བོད་རྒྱལ་ཁབ་འདི་འཛམ་གླིང་ནང་

གི་ས་བབ་མཐོ་ཤོས་སུ་ཆགས་ཡོད་པས་ཡིན། བོད་ཀྱི་ཆ་སྙོམས་ས་བབ་

མཐོ་ཚད་ནི་རྒྱ་མཚོ་ངོས་ནས་མི་ཊར་ ༤༩༠༠ ཡིན། བོད་ལ་མཚོན་ན་འདི་ ནི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ཡིན་ནའང་། རྒྱལ་ཁབ་ཁ་ཤས་ནང་ས་བབ་

དང་རི་རྒྱུད་མཐོ་ཤོས་ཀྱང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་དམའ་བ་ ཡོད།

དཔེ་རིས། ༦་༡ ཕོ་བྲང་པོ་ཏཱ་ལ།

བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན་ལ། ལྷ་ས་ནི་འཛམ་གླིང་ནང་ས་བབ་མཐོ་ཤོས་

སུ་ཆགས་པའི་གྲོང་ཁྱེར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་བོད་

ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན། དེ་བཞིན་གཞིས་ཀ་རྩེ་དང་། ཆབ་མདོ། སྐྱེ་

རྒུ་མདོ། དར་རྩེ་མདོ། ཟི་ལིང་སོགས་གྲོང་ཁྱེར་མང་དག་ཅིག་ཡོད། བོད་

གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་འཛིན་སྐྱོང་གི་མངའ་ཁོངས་

སུ་དབུས་གཙང་དང་། མདོ་སྟོད། མདོ་སྨད་བཅས་བོད་ཀྱི་ས་ཁྱོན་ཡོངས་

རྫོགས་གཏོགས་པ་དང་། དེའི་སྤྱིའི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༢་༥ ཡོད། དེ་ནི་ཕ་རཱན་སའི་ས་ཁྱོན་དང་བསྡུར་ན་ལྡབ་བཞིས་ཆེ་བ་དང་།

དཔེ་རིས། ༦་༢ ཨེ་ལེ་ཛན་ཌ་ར་ ཌ་ཝི་ཌི་ནིལ།

ཉི་ཧོང་གི་ས་ཁྱོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད། བོད་ས་ཡོངས་

དཔེ་རིས། ༦་༢ ཨེ་ལེ་ཛན་ཌ་ར་ ཌ་ཝི་ཌི་ནིལ་ (Alexandra David-Neel) ནི་ཕྱི་ལོ་ ༡༩༢༤ ལོར་བོད་ཀྱི་རྒྱལ་ས་ལྷ་སར་

འབྱོར་བ་རེད། ཁོང་མོ་ནི་ལྷ་སར་འབྱོར་བའི་ནུབ་ཕྱོགས་ཀྱི་བུད་མེད་ཐོག་མ་དེ་ཡིན་པ་མ་ཟད། ཕྱི་ལོ་ ༡༩༡༠ ལོར་ རྡོ་རྗེ་གླིང་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་བཅར་འདྲི་ཡང་བྱེད་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།

49


འཛམ་གླིང་དང་བོད། དཔེ་རིས། ༦་༣

འཛམ་གླིང་ས་ཁྲའི་སྟེང་མངོན་པའི་བོད།

བོད།

འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

50


ས་ཁམས་རིག་པ།

དུས་རྒྱུན་མི་རྣམས་ཀྱིས་བོད་ཡུལ་ནི་མཐོ་ཞིང་བརྗིད་པའི་གངས་རི་དང་། སྤང་རི། རྫ་རི། ནགས་རི། གཡའ་རི་སོགས་དང་། དྭངས་ཤིང་གཙང་ལ་བཞུར་རྒྱུན་རིང་བའི་ཆུ་བོ་དང་། ངོ་མཚར་ ཞིང་བཀྲག་མདངས་འཚེར་བའི་མཚོ་དང་མཚེའུ། རིན་ཐང་ཆེ་ཞིང་འཛམ་གླིང་དུ་དཀོན་པའི་གཏེར་ཁ་ དང་སྲོག་ཆགས། སྨན་རྩྭ། ཡིད་དུ་འོང་ཞིང་མུ་མཐའ་མེད་པའི་རྩྭ་ཐང་སོགས་མ་བཅོས་ལྷུན་གྱིས་གྲུབ་ པའི་རང་བྱུང་གི་བཀོད་པ་ལྟ་ན་སྡུག་པ་ཞིག་ཡིན་པར་ངོས་འཛིན་བྱེད་ལ། ད་དུང་བོད་མི་རྣམས་ནི་རྣམ་ དཔྱོད་ལྡན་པ་དང་། སྙིང་སྟོབས་ཆེ་བ། བློ་སེམས་དཀར་བ། ནག་པོ་སྡིག་པའི་ལས་ལ་འཛེམ་མཁན་ དང་། དཀར་པོ་དགེ་བའི་ལས་ལ་འབད་མཁན་གྱི་ཡ་རབས་སྤྱོད་བཟང་ལྡན་པའི་མི་རིགས་ཤིག་ལ་ངོས་ འཛིན་གྱིས་སེམས་གཏིང་ནས་བསྔགས་བརྗོད་དང་། གུས་བརྩི། ཡིད་སྨོན་བྱེད་མཁན་ཡང་ཧ་ཅང་མང་ པོ་ཡོད། དེར་བརྟེན་བོད་ཡུལ་ལ་ལྟ་སྐོར་དུ་ཡོང་མཁན་དང་། བོད་མི་ཚོར་མཛའ་བརྩེ་ཟབ་མོས་མཐུན་ སྒྲིལ་བྱེད་མཁན་ལོ་རེ་བཞིན་ཇེ་མང་ཡིན། ཀྱིས་ཡུ་རོབ་སྤྱིའི་ས་ཁྱོན་གྱི་ ¼ ལྷག་ཟིན་གྱི་ཡོད། བོད་ཁྱོན་ཡོངས་ལ་

མི་འབོར་ས་ཡ་ ༦ ལྷག་མེད། དེར་བརྟེན་བོད་ནི་མི་འབོར་ཉུང་ལ་ས་ཁྱོན་ཆེ་ བའི་རྒྱལ་ཁབ་ཅིག་ཡིན་པའང་ངང་གིས་རྟོགས་ཐུབ་པ་ཞིག་རེད།

བོད་ཁམས་ཆགས་ཡུལ། (Locational Setting of Tibet)

འཛམ་གླིང་ས་ཁྲའི་ངོས་སུ་བལྟས་ཚེ། རང་རེའི་བོད་རྒྱལ་ཁབ་ནི་སའི་གོ་ ལའི་ཕྱེད་བྱང་མའི་འཕྲེད་ཐིག་གི་ཚད་

26°N

ནས་

40°N

བར་དང་། གཞུང་

དཔེ་རིས། ༦་༤ བཞུར་རྒྱུན་གྱི་རིང་ཚད་ལ་ཀི་ལོ་མི་ཊར་ ༦༣༠༠ ཡོད་པའི་འབྲི་ཆུ་ནི། བོད་ཀྱི་གཙང་པོ་རིང་ཤོས་ཡིན་

ལ། འཛམ་གླིང་ནང་གི་གཙང་པོ་རིང་ཤོས་ཨང་གསུམ་པ་ཡིན།

ཐིག་གི་ཚད་ 78°E ནས་ 105°E ཙམ་གྱི་བར་དུ་ཆགས་ཡོད་ལ། དེ་ནི་ས་བབ་

མཐོ་ཚད་ཀྱི་ཆ་ནས་འཛམ་གླིང་གི་ཡང་རྩེ་དང་། ས་སྐོགས་ཆགས་ཡུལ་གྱི་

ཆ་ནས་ཨེ་ཤི་ཡའི་དབུས་སུ་ཁེལ་ཡོད།

བོད་ཀྱི་གནམ་གཤིས། (Climate of Tibet)

བོད་ཀྱི་གནམ་གཤིས་ལ་དུས་བཞིར་འགྱུར་ལྡོག་གི་ཁྱད་པར་ཆེན་པོ་ཡོད་དེ།

བོད་ཀྱི་ས་ཁུལ་མང་ཆེ་བར་དགུན་ཟླ་གསུམ་གྱི་རིང་ཁ་བ་འབབ་ལ་གྲང་ངར་ཆེ་

51

དཔེ་རིས། ༦་༥ བཞུར་རྒྱུན་གྱི་རིང་ཚད་ལ་ཀི་ལོ་མི་ཊར་ ༥༤༦༤ ཡོད་པའི་རྨ་ཆུ་ནི། བོད་ཀྱི་གཙང་པོ་རིང་ཤོས་ཨང་

གཉིས་པ་ཡིན་ལ། འཛམ་གླིང་ནང་གི་གཙང་པོ་རིང་ཤོས་ཨང་ དྲུག་པ་རེད།


དཔེ་རིས། ༦་༦

བོད་ཀྱི་ས་ཁྱོན་ཡོངས་རྫོགས་ཆགས་སྟངས་ཀྱི་རྣམ་པ་ས་ཁྲར་བཀོད་པ།

འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

52


ས་ཁམས་རིག་པ།

བས་ས་ཆུ་འཁྱགས་པས་སྡོམ་པར་བྱེད། དཔྱིད་ཟླ་གསུམ་གྱི་རིང་དྲོ་གྲང་སྙོམས་པས་ས་ཆུ་རིམ་བཞིན་དྲོ་བར་གྱུར། དབྱར་

ཟླ་གསུམ་གྱི་རིང་གནམ་གཤིས་དྲོ་ལ་ཆར་ཆུ་དུས་ལྟར་འབབ། སྟོན་ཟླ་གསུམ་གྱི་རིང་འབྲུ་སྣ་དང་ཤིང་ཏོག་རིགས་ཀྱི་འབྲས་ བཟང་སྨིན་པར་འགྱུར།

བོད་ཀྱི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ 1°C ཡིན། བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུ་ལ་མཚོན་ན། ཕྱི་ཟླ་བཅུ་གཉིས་པའི་ནང་གི་ ཆ་སྙོམས་དྲོད་ཚད་ནི་

0°C

ཡིན་པ་དང་། ཕྱི་ཟླ་དྲུག་པའི་ནང་གི་ཆ་སྙོམས་དྲོད་ཚད་ནི་

17°C

ཡིན་ལ། ལོ་རེའི་ཆ་སྙོམས་

དྲོད་ཚད་ནི་ 7.5°C ཡིན་པ་རེད། དབྱར་དུས་ཞོགས་པ་ཉི་མ་མ་ཤར་སྔོན་ལ་དྲོད་ཚད་ 3°C ཡིན་ནའང་། ཉིན་གུང་དྲོད་ཚད་

27°C

ལ་འཕར་བ་དང་། དགོང་དྲོ་ཉི་མ་ནུབ་རི་ལ་ཡོལ་མ་ཐག་ནས་གློ་བུར་དུ་དྲོད་ཚད་དམའ་རུ་འགྲོ་ཡི་ཡོད།

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག (Neighbouring Countries)

བོད་ཀྱི་ཤར་ཕྱོགས་སུ་རྒྱ་ནག་རྒྱལ་ཁབ་དང་། ནུབ་ཕྱོགས་སུ་པཱ་ཀིསྟཱན་ཡོད་པ་དང་། བྱང་ཕྱོགས་སུ་ཤར་ཏུར་ཀི་སྟཱན་ ནམ་ཤིན་ཅང་དང་། ཧོར་སོག་ཡོད་ལ། ལྷོ་ཕྱོགས་སུ་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་ཡོད། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བོད་ཡུལ་ལ་བཙན་འཛུལ་མ་བྱས་གོང་དུ་བོད་ཀྱི་ཤར་ལྷོ་ནུབ་བྱང་གི་མཐའ་མཚམས་སུ་ཆགས་

པའི་ཁྱིམ་མཚེས་རྒྱལ་ཁབ་འདི་དག་ནི། བོད་ཀྱི་ལོ་རྒྱུས་ནང་ལེགས་བྱང་དང་། དཔལ་འབྱོར། ཆོས་ལུགས། སྲིད་དོན་

སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་མཛའ་མཐུན་གྲོགས་པོ་ཡག་པོ་ཞིག་ཡིན། N

ཤར་ཏུར་ཀི་སྟཱན། པཱ་ཀིསྟཱན།

བལ

རྒྱ་ནག

བོད།

འབྲུག

བཱངྒ་ལ་དེཤ

རྒྱ་གར།

་ཡུལ

སོག་པོ།

འབར་མ།

ཐའེ་ལེནྜ།

དཔེ་རིས། ༦་༧ བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ།

53


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྲིད་དབང་དང་འཛིན་སྐྱོང་གི་མངའ་ཁོངས། (Political and Administrative Divisions)

ཕྱི་ལོ་ ༡༩༤༩ ལོར་བོད་ཡུལ་ལ་རྒྱ་ནག་གིས་བཙན་འཛུལ་དང་དབང་སྒྱུར་མ་བྱས་གོང་བོད་ཡུལ་ནི་དབུས་གཙང་

དང་། མདོ་སྟོད། མདོ་སྨད་བཅས་ཆོལ་ཁ་གསུམ་གྱིས་གྲུབ་པའི་ཆོས་ལྡན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པ་དང་། ༸གོང་ས་ཡིད་བཞིན་ནོར་བུས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནི་སྐབས་དེའི་བོད་

རྒྱལ་ཁབ་ཀྱི་སྲིད་དབང་འཛིན་སྐྱོང་གནང་བའི་སྲིད་གཞུང་ཡིན།

འོན་ཀྱང་རྒྱ་ནག་གི་བཙན་འཛུལ་འོག་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཕོན་ཆེན་བཙན་བྱོལ་དུ་ཕེབས་དགོས་བྱུང་། རྒྱ་ནག་གཞུང་ གིས་བོད་ཀྱི་སྲིད་དབང་འཛིན་སྐྱོང་གི་དབང་ཆ་བདག་འཛིན་བྱས་ཤིང་། དེ་སྔའི་བོད་ཡུལ་ཆོལ་ཁ་གསུམ་གྱི་ངོ་བོ་དེ་

ཉིད་ཆེད་མངགས་རང་སྐྱོང་ལྗོངས་དང་ཞིང་ཆེན་ཏེ་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། ཟི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་ངོ་བོར་བསྒྱུར་ཡོད། རང་སྐྱོང་ལྗོངས་གཅིག་དང་ཞིང་ཆེན་བཞི་ཡི་

དཔེ་རིས། ༦་༨ རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁོངས་དབྱེ་དཔེ་མམཚམས་ཕྱེ་བའི་ཚོན་ས་ཁྲ།

མངའ་ཁོངས་དེ་དག་ཀྱང་རྫོང་ཁག་ ༡༥༥ ལ་བགོས་ཡོད།

ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན། བོད་རང་སྐྱོང་ལྗོངས།

ཟི་ཁྲོན་ཞིང་ཆེན།

ཡུན་ནན་ཞིང་ཆེན།

54


ས་ཁམས་རིག་པ།

བསྐྱར་སྦྱོང་།

༡། བོད་ཀྱི་གནམ་གཤིས་སྐོར་མདོར་ཙམ་བྲིས།

༢། བོད་ཀྱི་ས་སྐོགས་ཆགས་ཡུལ་སྐོར་མདོར་ཙམ་བྲིས།

༣། བོད་ཀྱི་སྲིད་དབང་འཛིན་སྐྱོང་གི་མངའ་ཁོངས་སྐོར་ལ་རང་གིས་ཤེས་ཚོད་ཅིག་བྲིས།

༤། བོད་ཀྱི་ས་ཁྱོན་སྤྱིའི་རྒྱ་ཁྱོན་ལ་ཇི་ཙམ་ཡོད་པ་རྒྱལ་ཁབ་གཞན་གྱི་ས་ཁྱོན་དང་བསྡུར་ནས་ཤོད།

སྦྱོང་ཚན། དང་པོ། གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས། ༡།

བོད་ཡུལ་ལ་མི་ཚོས་ “འཛམ་གླིང་ཡང་རྩེ་” ཞེས་འབོད་དོན་ཅི་ཡིན་ནམ།

༢།

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གསུམ་གྱི་མིང་བྲིས།

༤།

ཕྱི་ལོ་ ༡༩༥༩ ལོའི་སྔོན་དུ་བོད་ཀྱི་སྲིད་དབང་དང་འཛིན་སྐྱོང་མངའ་ཁོངས་དབྱེ་འཚམས་འབྱེད་ཚུལ་ཅི་འདྲ་ཡིན།

༣།

བོད་ཀྱི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ག་ཚོད་ཡོད།

༥།

ཕྱི་ལོ་ ༡༩༥༩ ལོའི་རྗེས་སུ་བོད་ཀྱི་སྲིད་དབང་དང་འཛིན་སྐྱོང་མངའ་ཁོངས་དབྱེ་འཚམས་འབྱེད་ཚུལ་ཅི་འདྲ་ཡིན།

༡།

བོད་ཀྱི་ས་ཁྱོན་ནི་ཕ་རཱན་སི་ལས་ལྡབ།

གཉིས་པ། ལན་འོས་ཤོས་དེ་འདེམས་དགོས།

༢། ༣། ༤།

ཀ) གཅིག་གིས་ཆེ།

ཁ) བཞི་ཡིས་ཆེ།

ཀ) རྒྱ་ནག

ཁ) ཤར་ཏུར་ཀིསྟཱན།

བོད་ཀྱི་བྱང་ཕྱོགས་སུ།

ག) གཉིས་ཀྱིས་ཆེ།

འཛམ་གླིང་ནང་ས་བབ་མཐོ་ཤོས་སུ་ཆགས་པའི་རྒྱལ་ས་ནི།

ཀ) རྒྱ་གར་གྱི་རྒྱལ་ས་དིལཱི། བོད་ལ་མི་འབོར།

ཀ) འབུམ་ ༦ ཡོད།

ག) པཱ་ཀིསྟཱན།

ཁ) ཨ་རིའི་རྒྱལ་ས་ཝ་ཤིང་ཊོན།

ཁ) ཁྲི་ ༦ ཡོད།

ག) བོད་ཀྱི་རྒྱལ་ས་ལྷ་ས།

ག) ས་ཡ་ ༦ ཡོད།

55


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ༥།

བོད་ཆགས་ཡུལ་ནི།

ཀ) གོ་ལ་ཕྱེད་ལྷོ་མ།

གསུམ་པ། བྱེད་སྒོ།

ཁ) གོ་ལ་ཕྱེད་ནུབ་མ།

ག) གོ་ལ་ཕྱེད་བྱང་མ།

༡། ས་ཁྲའི་ངོས་ལ་བལྟས་ཏེ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ངོས་ཟུངས། ༢། འཛམ་གླིང་ས་ཁྲའི་ངོས་ལ་བལྟས་ཏེ་བོད་ཀྱི་ཆགས་ཡུལ་ངོས་ཟུངས།

༣། སློབ་ཕྲུག་ནང་ཁུལ་དུ་བོད་ཀྱི་གནས་ཚུལ་སྤྱིའི་སྐོར་ལ་གྲོས་སྡུར་བྱོས།

༤། སློབ་ཕྲུག་རྣམས་ཀྱིས་དཔེ་མ་བལྟས་པར་བོད་ཀྱི་རགས་བྲིས་ས་ཁྲ་ཞིག་བྲིས།

56


ས་ཁམས་རིག་པ།

ང་ཚོའི་གནས་ཚང་རྒྱལ་ཁབ་རྒྱ་གར།

༄༅། །ཨེ་ཤི་ཡ་གླིང་ཆེན་འདིའི་ནང་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རིག་ གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡོད་པ་ནི། ང་ཚོ་གནས་སྡོད་

བྱེད་སའི་གནས་ཚང་རྒྱལ་ཁབ་རྒྱ་གར་ཡིན།

རྒྱ་གར་གྱི་སྐམ་ས་ཆེན་མོ་ནི་གོ་ལ་ཕྱེད་བྱང་མའི་ཕྱོགས་སུ་འཕྲེད་ཐིག་ 8°4’N

ནས་

37°6’N

ཡི་བར་དང་། གཞུང་ཐིག་

68°7’E

ནས་

97°25’E

ཡི་

བར་དུ་ཆགས་ཡོད། རྒྱ་གར་གྱི་བྱང་ཕྱོགས་སུ་ཧི་མཱ་ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་སུ་ཨ་རབ་རྒྱ་མཚོ། ཤར་ཕྱོགས་སུ་བངྒལ་གྱི་མཚོ་ཁུག ལྷོ་

ཕྱོགས་སུ་རྒྱ་གར་རྒྱ་མཚོ་བཅས་ཀྱིས་བསྐོར་ཡོད། ཡུལ་འདིའི་ས་ཆའི་

རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༣་༢༨ ཡོད་པ་དང་། བྱང་གི་ཀཤ་

མཱིར་མངའ་སྡེ་ནས་ལྷོ་ཡི་ཀཱན་ཡ་ཀུ་མཱ་རི་དབར་བར་ཐག་ཀི་ལོ་མི་ཊར་

༣༢༡༤ ཡོད། དེ་བཞིན་ཤར་གྱི་ཨ་རུ་ཎཱ་ཅལ་མངའ་སྡེ་ནས་ནུབ་ཀྱི་གུཇ་ རཱཏ་དབར་བར་ཐག་ཀི་ལོ་མི་ཊར་ ༢༩༣༣ ཡོད། ས་ཆའི་ཆགས་སྟངས་

ནི་དཔངས་མཐོ་བའི་རི་བོ་དང་རྒྱ་ཆེ་བའི་བྱེ་ཐང་། བྱང་ཕྱོགས་ཀྱི་ཐང་། ངོ་ མཚར་ཆེ་བའི་མཐོ་སྒང་། མཚོ་ཁ་དང་གླིང་ཕྲན་སོགས་སྣ་མང་གིས་གྲུབ་

ཡོད། ས་ཁྱོན་ཆེ་བའི་རྒྱལ་ཁབ་འདིའི་གནམ་གཤིས་དང་། རྩི་ཤིང་། སྲོག་

ཁྱེད་ཀྱིས་ཤེས་སམ།

ས་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ཁབ་ཁག་ལ་ཚད་

འཛི ན ་དུས་ཚོ ད ་གཅི ག ་ལས་མང་བ་ཡོ ད །

དཔེར་ན། ཨ་རིའི་རྒྱལ་ཁབ་ལ་ཚད་འཛིན་ དུས་ཚོད་ ༧ དང་ཁེ་ན་ཌ་རྒྱལ་ཁབ་ལ་ཚད་

འཛིན་དུས་ཚོད་ ༦ ཡོད། དེས་ན་ཨུ་རུ་སུའི་

རྒྱལ་ཁབ་ཏུ་ཚད་འཛིན་དུས་ཚོད་ཇི་ཙམ་ཡོད་ པ་ཁྱོད་ཀྱིས་དྲན་སོས་ཀྱི་འདུག་གམ།

ཆགས། རིག་གནས་སོགས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཁྱད་པར་

ཆེན་པོ་ཡོད།

རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ།

རྒྱ་གར་ལ་སྐམ་ས་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་བདུན་ཡོད་པ་དེ་ དག་ནི། བོད་དང་། བལ་ཡུལ། འབྲུག བཱངྒ་ལ་དེཤ འབར་མ། པཱ་ཀིསྟཱན།

57

དཔེ་རིས། ༧་༡ སའི་གོ་ལའི་སྟེང་རྒྱ་གར་གྱི་གནས་ཡུལ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཨཕ་གཱནཱིསྟཱན་བཅས་ཡིན། ད་དུང་རྒྱ་མཚོས་བར་ཆོད་ཅིང་ཕན་ཚུན་ཁ་སྤྲོད་དུ་གནས་པའི་རྒྱལ་ཁབ་ཅིག་ཡོད་པ་དེ་

ནི་ཤྲི་ལང་ཀཱ་ཡིན། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཧིན་བོད་གཉིས་ཀྱི་ས་མཚམས་དེ་རྒྱ་དཀར་ནག་གི་ས་

མཚམས་ཡིན་ཚུལ་འཁྱོག་བཤད་བྱས་ཡོད་པས། ས་ཁྲ་མང་པོའི་ཐོག་བོད་དང་རྒྱ་གར་གྱི་ས་མཚམས་ལ་རྒྱ་དཀར་ ནག་གི་ས་མཚམས་ཞེས་བྲིས་ཡོད་པའང་མཐོང་རྒྱུ་ཡོད། (རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་པའི་སྔོན་དུ་ཧིན་བོད་ གཉིས་ཀྱི་འབྲེལ་ལམ་ཅི་འདྲ་ཡོད་པ་དང་ས་ཁྲའི་ཐོག་ས་མཚམས་ཇི་ལྟར་བཀོད་ཡོད་པ་ཁྱེད་ཀྱིས་ཤེས་སམ།)

པཱ་ཀིསྟཱན་དང་བཱངྒ་ལ་དེཤ་གཉིས་ནི་སྔར་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ཡང་། ཕྱིས་སུ་ལོགས་སུ་གྱེས་ནས་རྒྱལ་ཁབ་ མི་འདྲ་བ་གསུམ་ཆགས་པ་རེད།

རྒྱ་གར།

པཱ་ཀ

ིསྟཱན

ཨཕ་གཱནཱིསྟཱན།

བོད།

བལ་ཡུ

ལ།

འབྲུག ་མ།

འབར

ེཤ

་ལ་ད

བཱངྒ

ཨ་རབ་གྱི་མཚོ་ཁུག

རྒྱ་ གར།

སྐམ་ས་ཆེན་མོའི་ཁུལ།

བངྒལ་མཚོ་ཁུག

ཤྲི་ལངྐཱ། དཔེ་རིས། ༧་༢ དཔེ་མཚོན་ས་ཁྲ་---རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ།

58


ས་ཁམས་རིག་པ།

འཛིན་སྐྱོང་མངའ་ཁོངས།

རྒྱ་གར་ནི་ས་ཁྱོན་ཧ་ཅང་ཆེ་ཞིང་སྐད་ཡིག་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། ཡུལ་མིའི་ཁེ་དབང་སྲུང་སྐྱོབ་དང་ འཛིན་སྐྱོང་ཚགས་ཚུད། ལས་དོན་མཉམ་སྒྲུབ། བདེ་སྐྱིད་མཉམ་མྱོང་སོགས་ཀྱི་ཆེད་རྒྱལ་ཁབ་ཧྲིལ་པོ་དེ་མངའ་སྡེ་ ༢༨ དང་དབུས་འཛིན་མངའ་ཁུལ་ ༨ ལ་བགོས་ཡོད། ས་ཁྱོན་གྱི་ཆ་ནས་རཱཇསྠན་ནི་མངའ་སྡེ་ཆེ་ཤོས་དང་། ཆུང་ཤོས་ནི་གོ་ ཝཱ་

(Goa)

རེད། མངའ་སྡེ་དེ་དག་ཀྱང་རྫོང་དང་གྲོང་གསེབ་རིམ་པར་དབྱེ་ནས་འཛིན་སྐྱོང་བྱེད་བཞིན་ཡོད། ད་ལྟའི་ཆར་

དབུས་གཞུང་ནི་རྒྱལ་ས་དིལླཱིར་ཆགས་ཡོད། མངའ་སྡེ།

ཨཱནདྷྲ།པྲདེཤ

ཨ་རུ་ཎཱ་ཅལ།པྲདེཤ ཨ་སམ། བི་ཧཱར།

ཆ་ཏྟཱིས་གར། གོ་ཝཱ།

གུཇ་རཱཏ།

ཧ་རི་ཡཱ་ཎཱ།

ཧི་མཱ་ཅལ།པྲདེཤ ཇྷ ར་ཁནྜ། ཱ​ཱ ཀརནཱ་ཊཀ ཀེ་ར་ལ།

མདྱ།པྲདེཤ

མཧཱ་རཱཥཊྲ། མ་ཎི་པུར།

མེ་གྷཱ་ལཡ། མི་ཛོ་རམ། ནཱ་གཱ་ལཻཎྜ། ཨོ་ཌི་ཤཱ། པན་ཇཱབ།

State Andhra Pradesh Arunachal Pradesh Assam Bihar Chhattisgarh Goa Gujarat Haryana Himachal Pradesh Jharkhand Karnataka Kerala Madhya Pradesh Maharashtra Manipur Meghalaya Mizoram Nagaland Odisha Punjab

མངའ་སྡེ། ༢༨

རྒྱལ་ས།

Capital

ས་ཁྱོན།

མི་འབོར།

Amaravati

1,60,200 km2

49,386,799

ཨི་ཊཱ་ན་གར།

Itanagar

83743 km2

1,383,727

Dispur

78438 km2

3,12,05,576

པཊ་ནཱ།

Patna

94163 km2

10,40,99,452

Naya Raipur

1,35,192 km2

2,55,45,198

པ་ཎ་ཇཱི།

Panaji

3702 km2

14,58,545

གཱན་དྷཱི་ན་གར།

Gandhinagar

1,96,244 km2

6,04,39,692

ཅན་ཌཱི་གར།

Chandigarh

44212 km2

2,53,51,462

སིམ་ལ།

Shimla

55673 km2

68,64,602

རཱན་ཅཱི།

Ranchi

79716 km2

3,29,88,134

བཻངྒ་ལོར།

Bangalore

1,91,791 km2

6,10,95,297

Thiruvananthapuram

38852 km2

3,34,06,061

བྷོ་པཱལ།

Bhopal

3,08,252 km2

7,26,26,809

Mumbai

3,07,713 km2

11,23,74,333

ཨིམ་ཕཱལ།

Imphal

22327 km2

28,55,794

Shillong

22429 km2

29,66,889

ཨཡི་ཛི་ཝལ།

Aizawl

21081 km2

10,97,206

ཀོ་ཧི་མཱ།

Kohima

16579 km2

19,78,502

Bhubaneshwar

1,55,707 km2

4,19,74,218

ཅན་ཌཱི་གར།

Chandigarh

50362 km2

2,77,43,338

ཨམ་རཱ་ཝ་ཏཱི། ཌིས་པུར།

རཱཡ་པུར།

ཏིརུ་ཝ་ནྲན་ཐ་པུ་རམ།

མུམ་བེ།

ཤི་ལོངྒ་།

བྷུབ་ནེཤྭར།

59


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། རཱཇསྠན།

Rajasthan

སིཀྐིམ།འབྲས་ལྗོངས། ཏ་མིལ་ནཱ་ཌཱུ། ཏེ་ལངྒཱ་ནཱ།

Sikkim Tamil Nadu

Uttar Pradesh

ནུབ་བངྒཱལ།

West Bengal

ཨུཏྟརཱ་ཁནྜ།

Uttarakhand

དབུས་འཛིན་མངའ་ཁུལ་

ཨཎྜ་མཱན་དང་། ནི་ཀོ་བཱར་གླིང་སྡེ། ཅན་ཌཱི་གར།

དཱད་རཱ་དང་། ན་གར་ཧ་ཝེ་ལཱི། དིལླཱི།

ཇམྨུ་དང་། ཀཤ་མཱིར། ལ་དྭགས།

ལཀྵ་དཱིཔ།

པུ་ཌུ་ཅེ་རཱི།

6,85,48,437

Gangtok

7096 km2

6,10,577

ཅི་ཎཡེ།

Chennai

1,30,060 km2

7,21,47,030

Hyderabad

114840 km2

35,193,978

ཨ་གར་ཏ་ལ།

Agartala

10486 km2

36,73,917

ལག་ནོ།

Lucknow

2,40,928 km2

19,98,12,341

དེ་ར་དཱུན།

Dehradun, Gairsain (Summer)

53483 km2

1,00,86,292

ཀ་ལི་ཀ་ཏ།

Kolkata

88752 km2

9,12,76,115

ཧཻ་ད་རཱ་བཱད།

Tripura

ཨུཏྟར། པྲདེཤ།

3,42,239 km2

སྒང་ཏོག

Telangana

ཏྲི་པུ་རཱ།

Jaipur

ཇཡ་པུར།

དབུས་འཛིན་མངའ་ཁུལ། ༨

Union Territories

Andaman and Nicobar Islands Chandigarh Dadra Nagar Haveli and Daman Diu Delhi Jammu and Kashmir Ladakh Lakshadweep Puducherry

རྒྱལ་ས།

པོརྚ་བིལེར།

ཅན་ཌཱི་གར། དྷ་མན། དིལླི།

ཤྲི་ན་གྷར། གླེ།

ཀར་ཝཱར་ཏི།

པོན་ཌི་ཅ་རི།

ས་ཁྱོན། མི་འབོར།

Capital

Port Blair

8249 km2

380581

Chandigarh

114 km2

10,55,450

Daman

603 km2

585,764

New Delhi

1483 km2

1,67,87,941

Srinagar (Summer), Jammu (Winter)

-

12,267,013

Leh

-

274,289

Kavaratti

30 km2

64473

Puducherry

490 km2

12,47,953

ས་སྐོགས་ཆགས་ཚུལ།

རྒྱ་གར་ནི་རི་བོ་དང་མཐོ་སྒང་། གཤོངས་ས། ཐང་། མཚོ་ཁ། གླིང་ཕྲན་ སོགས་ས་དབྱིབས་དུ་མས་གྲུབ་ཡོད་པ་ལས། ཧི་མཱ་ལ་ཡ་དང་། གངྒཱའི་ཐང་། ཌེཀྐན་མཐོ་སྒང་བཅས་དབྱེ་བ་གསུམ་དུའང་དབྱེ་ཆོག་པ་ཡིན། དེ་ལས་ཧི་

དཔེ་རིས། ༧་༣ འཁོར་སྐར་གྱིས་བླངས་པའི་རྒྱ་གར་གྱི་ས་ དབྱིབས་བརྙན་པར།

མཱ་ལ་ཡ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དང་བོད་སྐད་དུ་རི་བོ་གངས་ཅན་

ཞེས་བརྗོད་པ་ཡིན། རི་བོ་འདི་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་དང་རི་རྒྱུད་ རིང་ཤོས་ཤིག་ཡིན། ཧི་མཱ་ལ་ཡ་ནི་ཧི་མ་དི་རི་དང་། ཧི་མ་ཅལ། ཤི་ཝཱ་ལིཀ་

60


ས་ཁམས་རིག་པ།

བཅས་རི་རྒྱུད་གསུམ་གྱིས་གྲུབ།

རྒྱ་གར་བྱང་ཕྱོགས་ཐང་ནི་ཧི་མཱ་ལ་ཡའི་ལྷོ་ཕྱོགས་སུ་ཆགས་ཡོད། གངྒཱ་ དང་ཨིན་ཌ་ས་

(སེང་ྒེཁ་འབབ)

བྲ་མཧཱ་པུཏྲ་

(རྟ་མཆོག་ཁ་འབབ)

བཅས་དང་དེ་དག་

གི་ཆུ་ལག་གིས་བྱེ་འདམ་རིམ་གསོག་གིས་ཐང་དེ་ཆགས་པ་ཡིན། ཐང་

འདི་རྒྱ་ཆེ་ལ་ངོས་སྙོམས་པ་མ་ཟད། ས་གཞིས་གཤིན་པོ་ཡོད་ལ་ཞིང་

ལས་ཐོན་སྐྱེད་བཟང་བས། ས་ཁུལ་འདིར་མི་ཚོགས་ཀྱང་མང་པོ་འདུས་ སྡོད་བྱས་ཡོད།

རྒྱ་གར་གྱི་ནུབ་ཕྱོགས་སུ་རྒྱ་གར་བྱེ་ཐང་ཆེན་མོའམ་ཐཱར་བྱེ་ཐང་

Indian desert or Thar desert)

དཔེ་རིས། ༧་༤ རི་བོ་ཇོ་མོ་གླང་མ།

(Great

ཆགས་ཡོད། ཁུལ་དེར་སྐམ་ཤས་དང་ཚ་དྲོད་

ཆེ་བས་རྩི་ཤིང་ཉུང་ངུ་ལས་སྐྱེ་ཐུབ་ཀྱི་མེད།

རྒྱ་གར་གྱི་ལྷོ་ཕྱོགས་སུ་ཕྱེད་གླིང་མཐོ་སྒང་ (Peninsular plateau) ཡོད། དེའི་

དབྱིབས་ཟུར་གསུམ་ཡིན་པས་ས་དབྱིབས་གཞན་དང་མི་འདྲ་བའི་ཁྱད་ པར་ཆེན་པོ་མཐོང་ཐུབ། ཁུལ་འདིར་ཨ་རཱ་ཝ་ལི་རི་

(Aravali hills)

དཔེ་རིས། ༧་༥ ཀསྨིར་དུ་ཡོད་པའི་དྷལ་མཚེའུ།

དང་།

ཝིན་དི་ཡཱ་ (Vindhyas) དང་ས་ཏ་པུ་རཱ་ (Satpuras) སོགས་ཀྱི་རི་རྒྱུད། ནརྨ་

དཱ་ (Narmada) དང་ཏཱ་པི་ (Tapi) གཙང་པོ་སོགས་ཆགས་ཡོད་ཅིང་། གཙང་

པོ་འདི་དག་ནུབ་ཕྱོགས་སུ་བཞུར་ནས་ཨ་རབ་རྒྱ་མཚོའི་ནང་འབབ་ཀྱི་ ཡོད།

ནུབ་རི་

(Western Ghats)

དཔེ་རིས། ༧་༦ ཏཱཇ་མཧལ།

སཱ་ཡ་དི་རིའི་རི་རྒྱུད་ཀྱིས་ནུབ་ཀྱི་ས་མཚམས་བྱེད་པ་དང་། ཤར་རིའི་

(Eastern Ghats)

རི་རྒྱུད་

ཀྱིས་ཤར་གྱི་ས་མཚམས་མཚོན་པར་བྱེད། རི་རྒྱུད་འདི་གཉིས་ཀྱི་འདབས་སུ་མཚོ་ཁའི་ཐང་ (Coastal Plain) ཆགས་ཡོད་

ཅིང་། ཁུལ་འདིར་རྡོ་སོལ་དང་ལྕགས་རིགས་སོགས་གཏེར་ཁའི་ཐོན་ཁུངས་ལེགས་པོ་ཡོད།

མཧཱ་ན་དཱི་དང་། (Mahanadi) གོ་དཱ་ཝ་རཱི། (Godavari) ཀྲིཥྞཱ། (Krishna) ཀཱ་ཝེ་རཱི་ (Kaveri) གཙང་པོ་སོགས་ནི་ཤར་ཕྱོགས་སུ་

བཞུར་ནས་མཐར་བངྒལ་མཚོ་ཁུག་ཏུ་འབབ་ཀྱི་ཡོད། སྐམ་ས་ཆེན་མོ་ཕུད་ད་དུང་རྒྱ་གར་གྱི་མངའ་ཁོངས་སུ་གླིང་ཕྲན་ གཉིས་ཡོད་པ་ནི། ཨ་རབ་རྒྱ་མཚོའི་ངོགས་སུ་ལཀྵ་དཱིབ་གླིང་ཕྲན་ (Lakshadweep Islands) དང་། བངྒལ་མཚོ་ཁུག་ཏུ་ཨནྜ་

མཱན་དང་ནི་ཀོ་བཱར་ (Andaman and Nicobar Islands) གླིང་ཕྲན་ཆགས་ཡོད།

61


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

རང་བྱུང་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས།

དཔེ་རིས། ༧་༧ དཔེ་མཚོན་ས་ཁྲ།---རྒྱ་གར་གྱི་ས་སྐོགས་ཆགས་ཚུལ།

62

རྒྱ་གར།

ས་སྐོགས་ཆགས་ཚུལ།


ས་ཁམས་རིག་པ།

ང་ཚོའི་ཁོར་ཡུག་ཏུ་རྩྭ་དང་རྩི་ཤིང་སྣ་ཚོགས་མཐོང་རྒྱུ་ཡོད། དཔེར་ན། ཨམ་སྡོང་དང་། ཐང་ཤིང་སོགས་སྡོང་པོ་རིང་ བའི་ཤིང་གི་རིགས་ཕུད། ད་དུང་བ་ལུ་དང་ཚེར་ཤིང་སོགས་ཤིང་ཕྲན་དང་ལྡུམ་བུའི་རིགས་ཀྱང་སྣ་ཚོགས་ཡོད། མིའི་

རྩོལ་བ་དང་རོགས་རམ་ལ་མ་བརྟེན་པར་རང་བཞིན་དུ་སྐྱེས་པའི་རྩྭ་དང་རྩི་ཤིང་དེ་དག་ལ་རང་བྱུང་སྐྱེ་དངོས་ཞེས་ཟེར། ས་བབ་དང་། གནམ་གཤིས། ཆར་ཆུ་འབབ་ཚད་སོགས་མི་འདྲ་བ་ལ་བརྟེན་ནས་རང་བྱུང་སྐྱེ་དངོས་སྣ་ཚོགས་བྱུང་བ་

ཡིན། རྒྱ་གར་ལ་རྩྭ་དང་རྩི་ཤིང་སྣ་ཚོགས་ཡོད་ཀྱང་། དེ་དག་རྩ་བའི་རིགས་ལྔར་དབྱེ་བ་སྟེ། ཚ་ཁུལ་གྱི་རྒྱུན་ལྗང་ནགས་ ཚལ་

(Tropical Evergreen Forest)

དང་། ཚ་ཁུལ་གྱི་ལོ་མ་དུས་སུ་ལྷུང་བའི་ནགས་ཚལ།

(Tropical Deciduous Forest)

ཤིང་། (Thorny Bushes) རི་ཤིང་། (Mountain Vegetation) མཚོ་ཁའི་ཆུ་ཤིང་ (Mangrove Forest) བཅས་ཡོད།

ཚེར་

ནགས་ཚལ་ནི་རི་སྐྱེས་སྲོག་ཆགས་མང་པོ་འཚོ་གནས་བྱེད་ས་ཡིན། མིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་རི་

སྐྱེས་སྲོག་ཆགས་ཟེར། རྒྱ་གར་ལ་ལྟོ་འགྲོའི་སྲོག་ཆགས་ (Reptiles) དང་། ས་ཆུ་གཉིས་གནས་སྲོག་ཆགས། (Amphibians) འོ་འཐུང་སྲོག་ཆགས།

(Mammals)

བྱ་རིགས། འབུ་སྲིན་སོགས་སྲོག་ཆགས་རིགས་སྣ་ཚོགས་ཡོད། ཤིང་ནགས་གང་

བྱུང་དུ་གཅོད་འབྲེག་དང་། རྨ་བྱ་དང་ཁྲུང་ཁྲུང་སོགས་བྱ་རིགས་དང་། སྟག་དང་། གཟིག གླང་ཆེན་སོགས་རྩ་ཆེའི་སྲོག་ ཆགས་རིགས་རྔོན་རྒྱག་བྱས་དང་བྱེད་མུས་ལ་བརྟེན། དེང་སྐབས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་རྩ་སྟོང་འགྲོ་བའི་

ཉེན་ཁ་ཆེན་པོ་འཕྲད་ཀྱིན་ཡོད།

རྩ་སྟོང་འགྲོ་ཉེན་ཆེ་བའི་སྲོག་ཆགས་དེ་དག་སྲུང་སྐྱོབ་བྱ་ཆེད་གཅན་གཟན་ཁང་དང་། གླིང་ག་སོགས་བཟོ་སྐྲུན་གང་ ནགས་ཚལ་ལ་སྤྱོད་སྒོ་གང་དག་ཡོད་དམ།

འཚོ་རླུང་།

སྨན།

སྦྲང་རྩི།

སྡོད་ཁང་།

ཤིང་ཏོག

གཟན་རྩྭ།

སྦྱར་རྩི། སྲོག་ཆགས་གནས་ས།

བུད་ཤིང་།

རྩེད་ཆས།

ཤིང་ཆ། ནང་ཆས།

ས་བཅུད་ཉར་ཚགས།

63

འགྱིག


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

འཚམས་བྱས་ཡོད་ནའང་། རི་སྐྱེས་སྲོག་ཆགས་རྣམས་རྩ་སྟོང་འགྲོ་བའི་ཉེན་ཁ་མུ་མཐུད་གནས་ཡོད། དེས་ན་ང་ཚོས་

སྲོག་ཆགས་དེ་དག་གི་ཐོན་སྐྱེད་པགས་པ་དང་རྒྱན་ཆ་སོགས་བེད་སྤྱོད་མི་བྱེད་པར་འབད་བརྩོན་བྱེད་དགོས། བསྐྱར་སྦྱོང་།

༡། རྒྱ་གར་གྱི་སྐམ་ས་ཆེན་མོ་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཇི་ཡོད་ངོས་འཛིན་བྱེད་དགོས།

༢། རྒྱ་གར་གྱི་འཛིན་སྐྱོང་མངའ་ཁོངས་ཇི་ལྟར་དབྱེ་ཡོད་དམ།

༣། བངྒལ་མཚོ་ཁུག་ཏུ་འབབ་པའི་གཙང་པོ་བཞི་ཡི་མིང་བྲིས།

༤། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་དོན་གང་ཡིན་ནམ། གཉིས་པ། ཁ་བསྐོངས། ཨང་། ༡།

༢།

༣།

༤། ༥།

མངའ་སྡེ།

ཨུཏྟརཱ་ཁནྜ།

རྒྱལ་ས།

ཧི་མཱ་ཅལ།པྲདེཤ ཀརནཱ་ཊཀ

མདྱ།པྲདེཤ ཨོ་ཌི་ཤཱ།

64

ས་ཁྱོན།

མི་འབོར།


ས་ཁམས་རིག་པ།

སྦྱོང་ཚན། དང་པོ། གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས། ༡།

རྒྱ་གར་གྱི་འཛིན་སྐྱོང་མངའ་ཁོངས་ཇི་ལྟར་དབྱེ་ཡོད་དམ།

༣།

ཨ་རབ་རྒྱ་མཚོའི་ནང་འབབ་པའི་རྒྱ་གར་གྱི་གཙང་པོ་གཉིས་ཀྱི་མིང་བྲིས།

༢།

༤།

རྒྱ་གར་གྱི་སྐམ་ས་དང་འབྲེལ་བའི་རྒྱལ་ཁབ་ཇི་ཡོད་དང་དེ་དག་གི་མིང་བྲིས། རྒྱ་གར་ལ་མངའ་སྡེ་དང་དབུས་འཛིན་མངའ་ཁུལ་ག་ཚོད་ཡོད་དམ།

༥། བྱང་ཕྱོགས་ཐང་ཁུལ་དུ་མི་ཚོགས་སྟུག་པོ་ཡོད་དགོས་དོན་གང་ཡིན་ནམ། ༦།

ཨ་རབ་རྒྱ་མཚོའི་ངོགས་སུ་ཆགས་པའི་རྒྱ་གར་གྱི་གླིང་ཕྲན་དེའི་མིང་ལ་ཅི་ཟེར།

༡།

ཐཱར་བྱེ་ཐང་ནི་རྒྱ་གར་གྱི་

༢།

རྒྱ་གར་གྱི་ས་ཆའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་

གཉིས་པ། འོས་མཚམས་ཀྱི་ལན་འདེམས་དགོས།

༣།

སུ་ཆགས་ཡོད།

ཀ) ལྷོ་ཕྱོགས།

ཁ) ནུབ་ཕྱོགས།

ག) ཤར་ཕྱོགས།

ཀ) 2.38

ཁ)

ག) 3.28

རྒྱ་གར་ནི་

2.5

གླིང་ཆེན་གྱི་རྒྱལ་ཁབ་ཅིག་རེད།

ཀ) ཡུ་རོབ།

ཁ) ཨེ་ཤི་ཡ།

ཀ) ཧི་མ་ཅཱལ།

ཁ) འབྲས་ལྗོངས།

ག) ཨོསྟྲེ་ལི་ཡཱ།

༤།

རྒྱ་གར་གྱི་མངའ་སྡེ་ཆུང་ཤོས་ཀྱི་མིང་ལ་

༥།

རྒྱ་གར་གྱི་ལྷོ་བྱང་ས་མཚམས་གཉིས་ཀྱི་དབར་རྒྱང་ཐག་ཀི་ལོ་མི་ཊར་

༦། ༧།

ཡོད།

ག) གོ་ཝཱ།

ཟེར། ཡོད།

ཀ) 2933

ཁ)

ཀ) ཐཱར་བྱེ་ཐང་།

ཁ) ས་ཧཱ་ར་བྱེ་ཐང་།

ག) ཌེཀྐན་བྱེ་ཐང་།

ཀ) 28

ཁ) 35

ག) 8

3214

རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་བྱེ་ཐང་དེའི་མིང་ལ་

ད་ལྟའི་ཆར་རྒྱ་གར་ལ་དབུས་འཛིན་མངའ་ཁུལ་

65

ག) 2300

ཡོད།

ཟེར།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ༨།

མི་འབོར་མང་ཤོས་ཀྱི་མངའ་སྡེ་ནི་ ཀ) ཨུཏྟར་པྲདེཤ།

གསུམ་པ། བྱེད་སྒོ། ༡།

༢། ༣།

ཁ) བངྒཱལ།

ཡིན།

ག) རཱཇསྠན།

སའི་གོ་ལའི་འཕྲེད་ཐིག་དང་གཞུང་ཐིག་བརྒྱུད་ནས་རྒྱ་གར་གྱི་ས་ཁྲ་འཚོལ་ཐུབ་པ་གྱིས་དང་།

རྒྱ་མིས་བོད་བཙན་བཟུང་མ་བྱས་གོང་བོད་དང་རྒྱ་གར་གྱི་ས་མཚམས་གནས་སྟངས་ཅི་འདྲ་ཡོད་པའི་སྐོར་འཛིན་གྲྭའི་ནང་

གྲོས་སྡུར་བྱེད་དགོས།

རྒྱ་གར་གྱི་མངའ་སྡེ་ཁག་ངོས་འཛིན་བྱས་ནས་མངའ་སྡེ་སོ་སོའི་མིང་གཤམ་འཁོད་ས་ཁྲའི་ནང་འགོད་དགོས། ཨཕ་གཱནཱིསྟཱན།

པཱ་ཀིསྟཱན།

བོད།

བལ་ཡུ

ལ།

འབྲུག བཱངྒ་ལ་ དེཤ

བངྒལ་མཚོ་ཁུག

ཨ་རབ་མཚོ་ཁུག

66

འབར་མ།


རྒྱ་གར་གྱི་ལོ་རྒྱུས།

"" ལོ་རྒྱུས་ཇི་ལྟར་སྦྱོང་དགོས་སམ།

"" ཞིང་འབྲོག་གི་འཚོ་བ་འགོ་བཙུགས་པ། "" གནའ་བོའི་གྲོང་ཁྱེར།

"" དོགས་སློང་དང་ལྟ་གྲུབ་སྣ་ཚོགས་བྱུང་ཚུལ།

"" དམག་ཁྲུག་གི་ལས་སྤངས་པའི་ཆོས་རྒྱལ་མྱ་ངན་མེད།

སློབ་ཚན་བརྒྱད་པ་དང་། དགུ་པ། བཅུ་གཉིས་བཅས་ངེས་པར་དུ་ཁྲིད་དགོས་པ་ དང་། བཅུ་པ་དང་བཅུ་གཅིག་ནས་གང་རུང་གཅིག་ཁྲིད་ན་འགྲིག །



རྒྱ་གར་གྱི་ལོ་

ལོ་རྒྱུས་ཇི་ལྟར་སྦྱོང་དགོས་སམ། གནས་ཚུལ་ལ་རྒྱུས་ལོན་བྱེད་པ།

ཁྱེད་ཀྱིས་ཁ་སང་གི་གནས་ཚུལ་ཞིག་ཤེས་འདོད་ན་རླུང་འཕྲིན་དང་། ཚགས་པར། བརྙན་འཕྲིན་སོགས་ལྟ་ཀློག་བྱས་ན་

ཤེས་ཐུབ། གལ་ཏེ་ཁྱེད་ཀྱིས་ན་ནིང་གི་གནས་ཚུལ་ཞིག་ཤེས་འདོད་ཚེ་སྐབས་དེའི་དུས་ཀྱི་མི་ཞིག་ལ་སྐད་ཆ་དྲིས་ན་ རྟོགས་ཐུབ་ངེས་ཡིན། འོན་ཀྱང་། ལོ་ངོ་ཧ་ཅང་མང་པོའི་སྔོན་གྱི་གནས་ཚུལ་ཞིག་ཤེས་འདོད་ཚེ་ཁྱེད་ཀྱིས་ཇི་ལྟར་བྱས་ ནས་རྒྱུས་ལོན་བྱའམ།

ཅི་ཞིག གང་དུ། ཇི་ལྟར། ག་དུས།

ཇི་ལྟར་བྱས་ན་འདས་པའི་བྱུང་རབས་ཤེས་རྟོགས་བྱེད་ཐུབ།

ང་ཚོས་རྒྱུས་ལོན་བྱེད་ཐུབ་པའི་གནས་ཚུལ་མང་པོ་ཡོད་དེ། དཔེར་ན། མི་རྣམས་ཀྱི་བཟའ་བཏུང་དང་། གྱོན་ཆས། ཁང་ ཁྱིམ་སོགས་ལ་བརྟག་ཞིབ་བྱེད་པ་དང་། རྔོན་པ་དང་འབྲོག་པ། ཞིང་པ། ཚོང་པ། སྒྱུ་རྩལ་བ། རོལ་མོ་མཁན། ཚན་རིག་པ་

སོགས་འཚོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་མི་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་སྐོར་ལ་སློབ་སྦྱོང་བྱས་ན་གནས་ཚུལ་མང་

པོ་ཞིག་ཤེས་ཐུབ། གཞན་ཡང་བྱིས་པ་རྣམས་ཀྱི་རྩེད་མོ་རྩེ་སྟངས་དང་། ཐ་ན་ཁོ་ཚོས་ལེན་པའི་གླུ་གཞས་ལ་དོ་སྣང་བྱས་ ནའང་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ།

མི་རྣམས་གང་དུ་འཚོ་སྡོད་བྱེད་ཀྱི་ཡོད་དམ།

ལོ་ངོ་སྟོང་ཕྲག་མང་པོའི་སྔོན་དུ་མི་རྣམས་གཙང་པོ་རྒྱུག་ཁུལ་གྱི་ཆུ་འགྲམ་

དུ་འཚོ་སྡོད་བྱས་ཡོད་ཅིང་། ཁོང་ཚོས་ཉེ་འཁོར་གྱི་ནགས་གསེབ་ནས་ ཤིང་ཏོག་དང་། རྩི་ཤིང་གི་རྩ་བ་སོགས་ཤིང་འབྲས་སྣ་ཚོགས་མཁོ་བསྡུ་

བྱེད་པ་དང་། གཞན་ཡང་རི་དྭགས་རྔོན་པའི་ལས་ལ་བརྟེན་ནས་འཚོ་བ་

69

ཚིག་ གསར།

གྲོ།-Wheat

ནས།-Barley སྲན།-Grain

ཡིག་མཛོད།-Archives


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

བསྐྱལ་ཡོད། བོད་ཀྱི་གདོད་མའི་མི་རྣམས་ཀྱང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་འཚོ་སྡོད་བྱས་ཤིང་། ཤིང་འབྲས་དང་

རྔོན་ལས་ལ་བརྟེན་ནས་འཚར་ལོངས་བྱུང་། དེ་ནས་རིམ་བཞིན་རི་འདབས་དང་ས་ཆུ་བཟང་སར་ར་ལུག་དང་སྒོ་ཕྱུགས་ འཚོ་སྐྱོང་བྱས་ཡོད་པ་དང་། གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་འདེབས་ལས་འགོ་འཛུགས་བྱས་ཡོད།

གདོད་མའི་མི་རྣམས་ཀྱིས་གཙང་པོ་དང་བྱེ་ཐང་། རི་བོ་དང་རྒྱ་མཚོ་སོགས་བརྒལ་ཏེ་གནས་གཅིག་ནས་གཞན་དུ་

འགྲུལ་བཞུད་བྱས་ཡོད། ཁོ་ཚོས་དེ་ལྟར་འགྲུལ་བཞུད་བྱེད་དོན་ནི་རང་བྱུང་གི་འཇིགས་པ་ལས་ཉེན་གཡོལ་བྱེད་པ་ དང་། འཚོ་ཐབས་གསར་པ་ཞིག་བཙལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་རྒྱུའི་ཆེད་རེད། མི་འགའ་རེས་རང་ཉིད་

དང་མཉམ་དུ་དམག་དཔུང་ཁྲིད་དེ། ས་ཆ་གཞན་ལ་དབང་སྒྱུར་བྱེད་རྒྱུའི་འདུན་པ་བཅངས་ཡོད། ཡང་སྐྱེ་བོ་ལ་ལས་

ཆོས་ལུགས་ཀྱི་ལས་དོན་སྤེལ་ནས་གནས་གཅིག་ནས་གཅིག་ཏུ་འགྲུལ་བཞུད་བྱས། སྐྱེ་བོ་ཉུང་ཤས་ཤིག་གིས་ནི་ས་

ཆ་གསར་པ་དང་གནས་ལུགས་གསར་པའི་རིགས་རྟོགས་ཆེད་འགྲུལ་བཞུད་བྱས་ཡོད། མི་རྣམས་ཀྱིས་གནས་གཅིག་

ནས་གཅིག་ཏུ་འགྲུལ་བཞུད་བྱས་པ་དེས་མི་དང་མིའི་དབར་བསམ་ཚུལ་བརྗེ་ལེན་བྱེད་པ་དང་། རིག་གཞུང་ཕྱུག་ཏུ་

གཏོང་བ། ལག་རྩལ་དང་འཇོན་ཐང་བརྗེ་རེས་བྱས་ཏེ་ཕྱོགས་སོ་སོའི་ལེགས་ཆ་མཉམ་སྤྱོད་བྱེད་པར་ཕན་ཐོགས་ཆེན་ པོ་བྱུང་ཡོད།

སྔོན་གྱི་བྱུང་རབས་འཚོལ་བ།

འདས་པའི་བྱུང་རབས་འཚོལ་ཞིབ་བྱེད་པའི་ཐབས་ལམ་མང་པོ་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ་ནི་སྔ་མོའི་དཔེ་

ཆར་ལྟ་ཀློག་བྱ་རྒྱུ་དེ་ཡིན། ང་ཚོས་ལོ་རྒྱུས་སློབ་སྦྱོང་བྱེད་སྐབས་ “ཡིག་རྙིང་” དང་ “ཡིག་ཆ་” སོགས་ཀྱི་ཐ་སྙད་

མང་པོ་ཞིག་མཐོང་ཐོས་བྱུང་ངེས་རེད། ཡིག་ཆ་དེ་དག་ཕལ་ཆེ་བ་ལོ་ངོ་མང་པོའི་སྔོན་ནས་བྲིས་ཤིང་། ཡིག་མཛོད་དམ་

དཔེ་མཛོད་ཁང་དུ་ཉར་ཡོད། དེའི་ནང་རྟོགས་བརྗོད་དང་རྒྱལ་

རབས། ཆོས་འབྱུང་། སྨན་རྩིས། ཚན་རིག་སོགས་རིག་ཚན་

སྣ་མང་ཐོག་བྲིས་པའི་དཔེ་ཆ་ཁག་ཚུད་ཡོད་ལ། ཐ་ན་སྙན་ངག་ དང་གཏམ་རྒྱུད། མགུར་གླུ་ཚུན་ཆད་ཀྱིས་ལོ་རྒྱུས་སློབ་སྦྱོང་ བྱེད་པར་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ། གཞན་ཡང་ང་ཚོས་

བརྐོས་ཡིག་ (Inscription) ལ་སློབ་སྦྱོང་བྱས་ནས་ལོ་རྒྱུས་ཤེས་

ཐབས་བྱ་དགོས། བརྐོས་ཡིག་ཞེས་པ་ནི་རྡོ་རིང་དང་། གསེར་

དཔེ་རིས། ༨་༡ ཧ་རཔྤཱ་ནས་ཐོན་པའི་ཐམ་གའི་སྟེང་བརྐོས་པའི་རི་མོ།

དངུལ། ཤིང་གི་བྱང་བུ་སོགས་ཀྱི་སྟེང་དུ་རི་མོ་དང་ཡི་གེ་

70


རྒྱ་གར་གྱི་ལོ་

བརྐོས་པ་དག་ལ་ཟེར། བརྐོས་ཡིག་ཕབ་སའི་རྒྱུ་ཆ་དེ་དག་སྲ་ཞིང་མཁྲེགས་པས་ལོ་ངོ་ཧ་ཅང་མང་པོ་སོང་ཡང་ཕྱི་རབས་ པ་རྣམས་ཀྱིས་ཡིག་རིས་རྣམས་ངོས་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།

གཞན་ཡང་སྔ་དུས་སུ་བེད་སྤྱད་པའི་གནའ་རྫས་ལ་བརྟག་དཔྱད་བྱས་ནས་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་ཤེས་ རྟོགས་ཐུབ་ཀྱི་ཡོད། འདས་པའི་བྱུང་རབས་ནང་བེད་སྤྱད་པའི་གནའ་

བོའི་ཤུལ་རྫས་དག་ལ་སློབ་སྦྱོང་བྱེད་མཁན་ཚོར་གནའ་རྫས་རྟོག་ཞིབ་ པ་(Archaeologist) ཞེས་འབོད།

བྱུང་རབས་ནི་གཅིག་ཁོ་ན་ཡིན་ནམ་ཡང་ན་དུ་མ་ཡོད།

མཆན་ འགྲེལ།

རྟོགས་བརྗོད། སྐྱེས་རབས་དང་རྣམ་ཐར། མགུར་གླུ། ཆོས་ཕྱོགས་ཀྱི་གླུ།

ཕྱི་རབས་པ། མི་རབས་རྗེས་མ།

འབངས། མི་དམངས་སམ་མི་སེར།

གོང་དུ་ང་ཚོས་བྱུང་རབས་ཤེས་རྟོགས་བྱེད་ཐབས་ཐད་བསམ་གཞིག་བྱེད་སྐབས་ མི་རྣམས་ཀྱིས་འཚོ་ཐབས་འདྲ་མིན་ལ་བརྟེན་ནས་འཚོ་བ་བསྐྱལ་ཡོད་པ་ཤེས་ཐུབ།

དཔེར་ན།

ཞིང་པའི་འཚོ་བ་སྐྱེལ་སྟངས་ལ་རང་ཉིད་ཀྱི་བྱུང་རབས་ཡོད་པ་དང་།

འབྲོག་པའི་འཚོ་བ་སྐྱེལ་སྟངས་ལའང་བྱུང་རབས་ཡོད། གཞན་ཡང་མི་རིགས་སོ་སོར་

དཔེ་རིས། ༨་༢ ཕོ་བྲང་པོ་ཏ་ལ།

རང་རང་གི་བྱུང་རབས་རེ་བཤད་རྒྱུ་ཡོད་པས། ང་ཚོས་དུས་རྒྱུན་བོད་ཀྱི་ལོ་རྒྱུས་དང་ རྒྱ་གར་གྱི་ལོ་རྒྱུས་སོགས་མི་རིགས་སོ་སོའི་ལོ་རྒྱུས་ལོགས་སུ་སྦྱོང་དགོས་པའི་རྒྱུ་

མཚན་དེ་འདྲ་ཡིན། འོན་ཀྱང་མི་རིགས་མང་ཆེ་བས་ལོ་རྒྱུས་སྦྱོང་སྐབས་གཙོ་བོ་རྒྱལ་ རབས་ལ་གཞི་བཅོལ་གྱི་ཡོད། དེའི་རྒྱུ་མཚན་ནི་རྒྱལ་པོ་རྣམས་ཀྱིས་རང་ཉིད་ཀྱིས་ རྒྱལ་སྲིད་བསྐྱངས་པའི་སྐོར་ཡིག་ཐོག་ཏུ་ཕབ་ནས་ཟིན་བྲིས་སུ་འཇོག་གི་ཡོད་པས།

དཔེ་རིས། ༨་༣ ཨིཇྦིཊ་ནང་ཡོད་པའི་དེའུ་ བང་སོ།

ཕྱི་རབས་པ་རྣམས་ལ་ཡིག་ཆ་དེ་དག་མིག་མཐོང་ལག་ཟིན་དུ་ཡོད་པའི་ལོ་རྒྱུས་ཀྱི་

རྒྱུ་ཆར་གྱུར་པ་རེད། འོན་ཀྱང་ཞིང་པ་དང་འབྲོག་པ་སོགས་འབངས་མི་དཀྱུས་མ་ཚོར་ རང་ཉིད་ཀྱི་ཉིན་རེའི་འཚོ་བའི་སྐོར་ཟིན་བྲིས་སུ་འགོད་པའི་གོམས་གཤིས་མེད་པས།

གནའ་རྫས་རྟོག་ཞིབ་པ་ཚོས་ཁོང་ཚོའི་བྱུང་རབས་སྐོར་ལ་འགྲེལ་བརྗོད་གང་ཐུབ་

ཅིག་བྱེད་ཀྱིན་ཡོད་མོད། ད་དུང་ཡང་ང་ཚོས་མ་ཤེས་པའི་གནས་ཚུལ་ཧ་ཅང་མང་པོ་

དཔེ་རིས། ༨་༤ རྒྱ་གར་ནང་ཡོད་པའི་ཏཱཇ་ མཧལ།

ཡོད།

དཔེ་རིས། ༨་༥ རྒྱ་ནག་ལྕགས་རི།

71


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ལོ་ཚིགས།

ང་ཚོས་ལོ་རྒྱུས་སྦྱོང་སྐབས་ལོ་ཚིགས་མང་པོ་ཞིག་མཐོང་རྒྱུ་ཡོད། དཔེར་ན། ཕྱི་ལོ་སྔོན་གྱི་ལོ་ ༡༢༧ ལ་བོད་ ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པ་ལྟ་བུ་འཁོད་ཡོད་ཅིང་། ཕྱི་ལོ་ཞེས་པ་ནི་ཡི་ཤུའི་སྟོན་པ་འཁྲུངས་པའི་

དུས་ཚེས་ནས་བརྩིས་པའི་ལོ་དེར་ཟེར། ཡི་ཤུ་སྟོན་པ་མ་བྱུང་བའི་སྔོན་གྱི་ལོ་དག་ལ་ཕྱི་ལོ་སྔོན་གྱི་ལོའམ་ཡི་ཤུ་མ་ འཁྲུངས་གོང་གི་ལོ་ཞེས་བརྗོད་དེ། ཨིན་ཡིག་བསྡུས་ཚིག་ཏུ་

(BC)

ཡིས་མཚོན་པར་བྱེད། གཞན་ཡང་ “བོད་རྒྱལ་

ལོ་” ཞེས་བོད་ལོའི་དུས་ཚེས་འཁོད་པའང་མང་དག་ཅིག་མཐོང་རྒྱུ་ཡོད་ཅིང་། བོད་ལོ་འགོ་བཙུགས་ས་ནི་བོད་ཀྱི་

རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པའི་ལོ་སྟེ་ཕྱི་ལོ་སྔོན་གྱི་ལོ་ ༡༢༧ ཡིན། དེར་བརྟེན་བོད་ལོ་བརྩི་ཐབས་ནི་

ཧ་ཅང་སྟབས་བདེ་པོ་ཞིག་ཡིན་ཏེ་ཕྱི་ལོའི་སྟེང་དུ་ལོ་ ༡༢༧ བསྣན་ན་འགྲིག ཟླ།

་མ།

སྐར ་ཆ

སྐར

ཚེས།

ཚོུད།

དུས་རབས།

ལོ།

དཔེར་ན། འདི་ལོ་ཕྱི་ལོ་ ༢༠༢༢ ཡིན་པས། བོད་ལོར་ཕབ་ན་ ༢༠༢༢+༡༢༧=༢༡༤༩ ཡིན་ཞིང་། བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་བཞི་བཅུ་ཞེ་དགུ་ཞེས་ཀློག་དགོས། ལོ་

ཚིགས་ནི་ལོ་རྒྱུས་སྦྱོང་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས། ལོ་ཟླ་ ཚེས་གྲངས་གཞིར་བཞག་ནས་བྱུང་རབས་དགོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

ཆེས་སྔ་བའི་མིའི་རིགས།

སའི་གོ་ལའི་སྐམ་ས་ཆེན་མོའི་ཐོག་ཏུ་ལོ་ངོ་ས་ཡ་གཉིས་ཀྱི་སྔོན་ནས་མིའི་རིགས་འཚོ་སྡོད་བྱས་ཡོད་ཅིང་། སྐབས་

དེའི་དུས་ཀྱི་མི་རྣམས་ལ་ང་ཚོས་རྔོན་པ་དང་འཐུ་མཁན་ (Hunters-Gatherers) ཞེས་འབོད། མིང་དེ་ནི་ཁོ་ཚོའི་འཚོ་སྡོད་ བྱེད་སྟངས་ལ་བརྟེན་ནས་བཏགས་པ་ཞིག་ཡིན། ཁོ་ཚོས་

རི་དྭགས་གསོད་པ་དང་། ཉ་དང་བྱ་བྱིའུ་འཛིན་པ། ཤིང་ འབྲས་དང་རྩི་ཤིང་སྣ་ཚོགས་བཏུས་ནས་འཚོ་བ་བསྐྱལ་ཡོད་

ཅིང་། དེ་ནི་ད་ལྟ་བཞིན་སྟབས་བདེ་པོ་དང་ལས་སླ་པོ་ཞིག་ གཏན་ནས་མིན། རྩི་ཤིང་དང་ཤིང་འབྲས་རིགས་ཧ་ཅང་མང་

པོ་ཡོད་པ་ལས་གང་ཞིག་བཟའ་རུང་བ་དང་ཅི་ཞིག་བཟའ་མི་

རུང་བ་རེ་རེ་བཞིན་ཚོད་ལྟ་བྱས་ནས། ད་གཟོད་ང་ཚོས་དུག་ རིགས་དང་སྨན་རྩྭའི་རིགས་དབྱེ་བ་ཕྱེ་ཐུབ་པ་བྱུང་།

72

དཔེ་རིས། ༨་༦ གདོད་མའི་མིས་རི་དྭགས་རྔོན་བཞིན་པ།


གདོད་མའི་མི་རྣམས་གནས་གཅིག་ནས་གཞན་དུ་སྤོ་དགོས་དོན་གང་ཡིན།

རྒྱ་གར་གྱི་ལོ་

སྔ་མོའི་མི་ཚོས་དེང་དུས་ལྟར་གཏན་འཇགས་ཀྱི་ཁྱིམ་གཞིས་བཙུགས་ནས་མ་བསྡད་པར། ས་གནས་གཅིག་ནས་

གཞན་དུ་སྤོས་ཏེ་མི་ཐོག་མང་པོར་འགྲུལ་བཞུད་བྱས་ནས་འཚོ་བ་བསྐྱལ་ཡོད། ཁོ་ཚོས་ས་གནས་གཅིག་ནས་གཞན་ དུ་འགྲུལ་བཞུད་བྱེད་པར་མ་མཐར་ཡང་རྒྱུ་མཚན་བཞི་ཡོད་དེ།

གཅིག གལ་ཏེ་ཁོ་ཚོ་ས་གནས་གཅིག་ཏུ་དུས་ཡུན་རིང་པོ་གནས་སྡོད་བྱས་ཚེ་ཉེ་འཁོར་གྱི་ཤིང་འབྲས་དང་རི་དྭགས་རྣམས་ བཟས་ཚར་ནས་རྫོགས་འགྲོ་བས། གནས་གཞན་དུ་མི་སྤོ་ཐབས་མེད་ཡིན།

གཉིས། རི་དྭགས་རྣམས་རྩྭ་ཆུ་འཚོལ་བ་དང་སྲོག་ཆགས་གཞན་དག་འཛིན་ཕྱིར་ལ་ལུང་བརྒལ་ནས་འགྲོ་བ་ལས་གནས་ གཅིག་ཏུ་གཏན་སྡོད་མི་བྱེད་པས། རྔོན་པ་རྣམས་ཀྱང་རི་དྭགས་ཀྱི་རྗེས་སུ་མི་འགྲོ་ཐབས་མེད་དུ་གྱུར།

གསུམ། ཤིང་འབྲས་ནི་ནམ་དུས་འདྲ་མིན་ལ་སྐྱེ་ཞིང་། དེ་ཡང་ས་ཆ་མི་འདྲ་བར་ཤིང་འབྲས་མི་འདྲ་བ་སྐྱེ་བས། མི་ཚོས་ ཤིང་འབྲས་འཐུ་ཆེད་དུས་ནས་དུས་སུ་གནས་སྤོ་དགོས་ཀྱི་ཡོད།

བཞི། མི་དང་། རྩི་ཤིང་། རི་དྭགས་སོགས་སྐྱེ་དངོས་ཚང་མར་ཆུ་དགོས་ཤིང་། གཙང་པོ་ཆེན་པོ་དང་རྒྱ་མཚོ་སོགས་ཕུད། དེ་མིན་ཆུ་ཕྲན་མང་ཆེ་བ་ནམ་དུས་རེ་ཟུང་ལ་སྐམ་འགྲོ་བས། ཆུ་བཟང་སར་གནས་སྤོ་དགོས་ཀྱི་ཡོད།

ཇི་ལྟར་བྱས་ནས་སྔ་མོའི་མི་རྣམས་ཀྱི་སྐོར་ཤེས་སམ།

གནའ་རྫས་རྟོག་ཞིབ་པ་ཚོས་རྔོན་པ་དང་འཐུ་མཁན་གྱིས་ཐོན་སྐྱེད་དང་བེད་སྤྱོད་བྱས་པའི་ཡོ་ཆས་མང་པོར་བརྟག་ཞིབ་

བྱས་ཡོད། ཁོ་ཚོས་རྡོ་དང་། ཤིང་། རུས་པ་སོགས་ལས་བཟོས་པའི་ཡོ་ཆས་སྣ་ཚོགས་ཐོན་སྐྱེད་བྱས་ཤིང་། དེ་ལས་རྡོ་ ཆས་རིགས་ནི་ཤ་དང་རུས་པ་གཅོད་འབྲེག་བྱེད་པ་དང་། ཤིང་སྡོང་གི་ཤུན་པ་བཀོག་པ། རི་དྭགས་ཀྱི་པགས་པ་བཤུ་བ་

སོགས་ལ་བེད་སྤྱོད་བྱས་ཡོད། གཞན་ཡང་རུས་པ་དང་ཤིང་སོགས་རྔོན་རྒྱག་ལག་ཆར་བེད་སྤྱད་ནས་རང་རང་གི་འཚོ་ སྡོད་ལ་དཔགས་པའི་དགོས་མཁོ་བསྐྲུན་ཡོད།

འཚོ་སྡོད་བྱེད་སའི་གནས་འཚོལ་བ།

གནའ་རྫས་རྟོག་ཞིབ་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་རྔོན་པ་དང་འཐུ་མཁན་དེ་དག་རྩྭ་ཆུ་བཟང་ས་ཕུད་ད་དུང་བྲག་ ཕུག་དང་རྡོ་སྤུས་བཟང་སར་འཚོ་སྡོད་བྱས་པ་ཤེས་རྟོགས་བྱུང་། ཁོ་ཚོས་རྡོའི་ཡོ་ཆས་མང་པོ་བཟོ་དགོས་ཀྱི་ཡོད་ལ། ཉི་

73


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

མ་དང་ཆར་རླུང་ལས་གཡོལ་ཆེད་བྲག་ཕུག་བཟོ་དགོས་པས། རྡོ་སྤུས་བཟང་ས་ དང་མང་སར་གནས་སྡོད་བྱས་ཡོད། ལོ་ངོ་ཁྲི་ཕྲག་མང་པོའི་གོང་དུ་བཟོས་པའི་ རྡོ་ཆས་དང་བྲག་ཕུག་གི་རིགས་ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད།

ཁོར་ཡུག་གི་འགྱུར་ལྡོག

ཚིག་ གསར།

རྡོའི་དུས་རབས་གསར་པ། རྡོའི་དུས་རབས་བར་མ།

- Paleolithic

- Mesolithic

རྡོའི་དུས་རབས་གསར་མ།

- Neolithic

ལོ་ངོ་ ༡༢,༠༠༠ ལྷག་གི་སྔོན་དུ་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། རྩྭ་ཐང་རྒྱ་ཁྱབ་ཏུ་སོང་བ་ དང་། ཤྭ་བ་དང་གཙོད། ར་ལུག ཕྱུགས་ཟོག་སོགས་སྐྱེ་འཕེལ་ཤུགས་ཆེན་བྱུང་། སྲོག་ཆགས་འདི་རིགས་ལ་བརྟེན་པའི་ རྔོན་པ་ཚོས་རིམ་བཞིན་རི་དྭགས་སྒོ་ཕྱུགས་ལ་ཉར་བ་དང་ཕྱུགས་ཟོག་གསོ་སྐྱོང་བྱེད་པའི་སྲོལ་བཏོད། སྐབས་དེར་ནམ་

ཟླའི་དྲོད་གྲང་སྙོམས་པས་སའི་གོ་ལའི་ས་ཁུལ་མང་པོར་གྲོ་དང་། འབྲས་སོགས་འབྲུ་རིགས་རང་བྱུང་ངང་སྐྱེས་པས། མི་ རྣམས་ཀྱིས་འབྲུ་རིགས་འདི་དག་ཟས་སུ་སྤྱད་པ་དང་། རིམ་གྱིས་རྩི་ཤིང་དང་འབྲུ་རིགས་བཏབ་ནས་ཞིང་ལས་གཉེར་ འགོ་ཚུགས།

བྱུང་རབས་ཀྱི་དུས་ཚོད།

གནའ་རྫས་རྟོག་ཞིབ་པ་ཚོས་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་

ལོ་རྒྱུས་ཀྱི་བྱུང་རབས་རྣམས་དུམ་བུ་མང་པོར་ཕྱེས་ཡོད།

ལོ་ངོ་ས་ཡ་ ༢ ལྷག་ནས་ལོ་ངོ་ ༡༢,༠༠༠ ཙམ་གྱི་བྱུང་རབས་ལ་རྡོའི་དུས་

རབས་གསར་པ་ (Paleolithic) ཞེས་འབོད་ཅིང་། དེར་དུས་སྐབས་གོང་མ་

དང་བར་མ། འོག་མ་བཅས་གསུམ་དུ་ཕྱེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་མང་ཆེ་བ་དུས་ཡུན་འདིའི་ཁོངས་སུ་ཚུད་ཅིང་། དེས་ལོ་རྒྱུས་སྤྱིའི་བརྒྱ་ཆ་ ༩༩ ཟིན་ཡོད།

ལོ་ངོ་ ༡༢,༠༠༠ ཙམ་ནས་ལོ་ངོ་ ༡༠,༠༠༠ བར་གྱི་བྱུང་རབས་ལ་རྡོའི་དུས་རབས་བར་མ་ (Mesolithic) ཞེས་བརྗོད་ཅིང་། སྐབས་དེའི་དུས་ཀྱི་རྡོ་ཆས་ནི། སྤྱོད་སྟབས་བདེ་བའི་རུས་པ་དང་ཤིང་གི་ཡུ་བ་ཅན་གྱི་རྡོ་སྟ་དང་རྡོ་ཟོར་རིགས་ཡིན། ལོ་ངོ་ ༡༠,༠༠༠ ཙམ་ནས་བརྩིས་པའི་དུས་སྐབས་དེ་ནི་རྡོའི་དུས་རབས་གསར་མ་ (Neolithic) ཡིན།

74


རྒྱ་གར་གྱི་ལོ་

སྦྱོང་ཚན། དང་པོ། འགྲིག་མིན་རྟགས་རྒྱོབ། ༡།

བྱིས་པ་རྣམས་རྩེད་མོ་རྩེ་སྟངས་ལ་དོ་སྣང་བྱ་རྒྱུ་ནི་ལོ་རྒྱུས་རྟོགས་ཐབས་ཀྱི་ཆ་ཞིག་མིན།

༣།

གདོད་མའི་མི་རྣམས་ཐོག་མར་འཚོ་སྡོད་བྱེད་ས་ནི་སྦྲ་གུར་ཡིན།

༢།

༤།

བོད་རྒྱལ་ལོ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པའི་སྐབས་ནས་བརྩི་སྲོལ་བྱུང་བ་རེད། ལོ་ངོ་ས་ཡ་གཉིས་ཀྱི་སྔོན་ནས་མི་རྣམས་ཀྱིས་སའི་གོ་ལ་འདིའི་སྟེང་འཚོ་བ་བསྐྱལ་ནས་བསྡད་པ་རེད།

གཉིས་པ། ལན་མདོར་བསྡུས་རེ་བྲིས།

༡། སྔ་མོའི་དུས་སུ་མི་རྣམས་ཡུལ་གཅིག་ནས་གཞན་དུ་གནས་སྤོ་དོན་ཅི་ཡིན་ནམ། ༢།

ཁོར་ཡུག་འགྱུར་ལྡོག་བྱུང་བ་དེས་གནའ་བོའི་མི་རྣམས་ཀྱི་འཚོ་བ་སྐྱེལ་ཐབས་ཐད་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ།

༤།

མི་རིགས་མང་ཆེ་བས་ལོ་རྒྱུས་སྦྱོང་སྐབས་གཙོ་བོ་རྒྱལ་རབས་ལ་གཞི་བཅོལ་དགོས་དོན་གང་ཡིན་ནམ།

༣།

འདས་པའི་བྱུང་རབས་འཚོལ་ཞིབ་བྱེད་པའི་ཐབས་ལམ་གང་དང་གང་ཡོད་དམ།

གསུམ་པ། གྲོས་སྡུར་བྱོས། ༡།

༢། ༣།

ཕྱི་ལོ་དང་བོད་རྒྱལ་ལོ་བྱུང་ཚུལ་དང་དེ་གཉིས་ཀྱི་ཁྱད་པར་སོགས་ཀྱི་སྐོར་ལ་གྲོས་སྡུར་བྱོས།

རྡོའི་དུས་རབས་རྙིང་པ་དང་། རྡོའི་དུས་རབས་བར་མ། རྡོའི་དུས་རབས་གསར་མ་བཅས་ཀྱི་དུས་ཡུན་བརྩི་སྟངས་གང་འདྲ་

ཡིན་ནམ།

སྔོན་གྱི་བྱུང་རབས་འཚོལ་ཞིབ་བྱེད་པའི་ཐབས་ལམ་སྐོར་ལ་གྲོས་སྡུར་བྱོས།

75


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། བཞི་པ། བྱེད་སྒོ། ༡།

༢།

གདོད་མའི་དུས་ཀྱི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་སྐོར་བྱེད་སྒོ་སྤེལ་དགོས། ཀ

ལག་ཆ་བཟོ་རྒྱུ།

སྤྱིལ་བུ་བཟོ་རྒྱུ།

ང་།

མེ་སྤར་རྒྱུ།

གྱོན་ཆས་བཟོ་རྒྱུ།

ཞིང་པ་དང་འབྲོག་པའི་མཚུངས་པ་དང་མི་མཚུངས་པའི་ཆ་ལྒང་བུ་རུ་དཔེ་བསྟན་པ་ལྟར་བྲིས།

མི་མཚུངས་པ།

ལུག་འཚོ་བ།

ཁ།

མཚུངས་པ།

འབྲོག་པ།

ཉོ་འཚོང་བྱེད་པ།

76

མི་མཚུངས་པ།

ཞིང་པ།

ཞིང་རྨོ་བ།


རྒྱ་གར་གྱི་ལོ་

ཞིང་འབྲོག་གི་འཚོ་བ་འགོ་བཙུགས་པ།

༄༅། །ཉི་མས་མོ་རང་གི་དགའ་པོ་བྱེད་པའི་འབྲས་དང་། པད་ཚལ་བརྔོས་མ། ཞོག་ཁོག་ཕིང་ཤ། བྲུམ་ཤ་ཟ་བཞིན་ ཡོད། པད་ཚལ་དང་ཞོག་ཁོག་ནི་མོའི་རྨོ་བོ་ལགས་ཀྱི་ཁང་པའི་རྒྱབ་ཀྱི་ཚལ་ཞིང་ནང་ལ་ འདེབས་འཛུགས་བྱས་པ་ཞིག་རེད། ཉི་མའི་སེམས་ནང་ཁ་སྔོན་མོ་རང་སློབ་གྲྭའི་ཕྱོགས་ བསྐྱོད་སྐབས་ཀྱི་ས་ཆ་དེ་ཚོའི་ཟ་མ་ནི་ཧ་ཅང་མི་འདྲ་བ་འདུག ཁ་ཤས་ཁ་ཚ་པོ་

དང་། འགའ་ཤས་སྐྱུར་མོ། ཁ་ཅིག་ཁ་ཏིག་སོགས་ཟ་མའི་བྲོ་བ་ཡང་མི་འདྲ་ བ་རེ་ཡིན་དགོས་དོན་གང་ཡིན་ནམ་སྙམ།

སྣ་མང་ཕུན་སུམ་ཚོགས་པའི་ཟས་རིགས།

དེང་སྐབས་མི་རྣམས་ཀྱིས་བཟའ་བཏུང་བྱེད་པའི་ཤིང་ཏོག་དང་། སྔོ་ཚལ། འབྲུ་རིགས། འོ་མ། ཤ་སོགས་ནི་ང་ཚོས་

འདེབས་ལས་དང་གསོ་སྐྱོང་བྱས་པའི་རྩི་ཤིང་དང་ཕྱུགས་ཟོག་ལས་འབྱུང་གི་ཡོད་པ་ཤེས་གསལ་ཡིན། ཡིན་ནའང་འབྲུ་ རིགས་དང་ཤིང་འབྲས་མི་འདྲ་བ་སྐྱེ་འཕེལ་ཐུབ་པའི་དངོས་བརྒྱུད་ཀྱི་མཐུན་རྐྱེན་འདྲ་མིན་དགོས་ཀྱི་ཡོད་དེ། དཔེར་ན།

འབྲས་འདེབས་ལས་བྱེད་པར་གྲོ་དང་ནས་ལས་ཆུ་ཧ་ཅང་མང་བ་དགོས་པ་ལྟ་བུ་རེད། གནད་དོན་དེས་ང་ཚོར་གསལ་

བཤད་ཅི་ཞིག་བྱེད་ཀྱིན་ཡོད་ཅེ་ན། ཞིང་འབྲོག་པ་རྣམས་ཀྱིས་ས་བབ་དང་ཁོར་ཡུག་སོགས་ཀྱི་མཐུན་རྐྱེན་ལ་གཞིགས་

ནས་ས་ཁུལ་མི་འདྲ་བར་ཤིང་འབྲས་དང་། འབྲུ་རིགས་སོགས་འདེབས་ལས་བྱེད་པ་དང་། ས་བབ་མཐོ་སར་ར་ལུག་

འཚོ་སྐྱོང་བྱེད་པ་དང་། དྲོ་སར་མ་ཧེ་སོགས་གསོ་ཉར་བྱེད་པ་ཤེས་རྟོགས་ཐུབ། འོན་ཀྱང་ང་ཚོས་སློབ་ཚན་དང་པོའི་

ནང་སྦྱངས་ཟིན་པ་ལྟར། མི་རྣམས་ཀྱིས་ལོངས་སུ་སྤྱོད་བཞིན་པའི་ཟས་རིགས་ཡོད་ཚད་མིས་འདེབས་ལས་བྱས་པ་ཁོ་

ན་མིན་ཏེ། རང་བྱུང་དུ་སྐྱེས་པའི་ཟས་རིགས་ཀྱང་ཧ་ཅང་མང་པོ་ཡོད།

ཞིང་འབྲོག་ལས་རིགས་གཉེར་འགོ་བཙུགས་པ།

འཛམ་གླིང་གི་ཁོར་ཡུག་ཉིན་རེ་བཞིན་འགྱུར་བ་འགྲོ་བ་དང་བསྟུན་མི་རྣམས་ཀྱིས་ཁ་ཟས་སུ་སྤྱོད་པའི་རྩི་ཤིང་དང་ སེམས་ཅན་དེ་དག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གདོད་མའི་མིའི་རིགས་ཀྱིས་ཁ་ཟས་སུ་འོས་པའི་རྩི་ཤིང་སྐྱེ་

77


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

འཕེལ་བྱེད་པའི་བརྒྱུད་རིམ་ལ་རྒྱུས་མངའ་གཏིང་ཟབ་ལོན་རྗེས། རྩི་ཤིང་དང་། འབྲུ་རིགས། ཤིང་འབྲས་སོགས་ཀྱི་ འབྲུ་གུ་དང་ས་བོན་སར་ལྷུང་བ་རྣམས་བྱ་བྱིའུ་སོགས་ཀྱི་གནོད་འཚེ་ལས་སྐྱོབ་ཆེད་ལྟ་སྐྱོང་བྱས་ནས། ལོ་འདབ་རྒྱས་

ཤིང་འབྲས་བུ་མ་སྨིན་བར་ལོ་ཏོག་ལ་སྲུང་སྐྱོབ་བྱེད་པའི་གོམས་གཤིས་འཇགས། དེ་ནས་ཁོ་ཚོས་ས་བཟང་སར་རྨོན་

འདེབས་བྱས་ཏེ་ཞིང་ལས་ཀྱི་འཚོ་བ་རིམ་བཞིན་དར་རྒྱས་བྱུང་།

གདོད་མའི་མི་ཚོས་རང་ཉིད་འཚོ་སྡོད་བྱེད་སའི་ཉེ་འཁོར་གྱི་བདག་མེད་སེམས་ཅན་རྣམས་བཏུལ་ནས་སྒོ་ཕྱུགས་ལ་ཉར་ ཡོད། ཁོ་ཚོས་བཏུལ་བའི་བདག་མེད་སེམས་ཅན་ཐོག་མ་ནི་ཁྱི་ཡིན་ཞིང་། ཕྱིས་སུ་ར་ལུག་དང་། བ་གླང་། ཕག་པ་སོགས་

གསོ་ཉར་བྱས། བདག་ཏུ་བཟུང་བའི་སེམས་ཅན་འདི་དག་ཕལ་ཆེ་བ་རྩྭ་གཟན་སེམས་ཅན་ཡིན་ཞིང་། ཤ་གཟན་སེམས་

ཅན་ཚོས་རྒྱུན་དུ་སེམས་ཅན་འདི་དག་ལ་གནོད་འཚེ་བྱས་པར་བརྟེན། མི་རྣམས་ཀྱིས་དེ་དག་སྲུང་སྐྱོབ་བྱ་ཆེད་ལྟ་སྐྱོང་ བྱས་པ་དང་། མཐར་ཕྱུགས་རིགས་འཚོ་སྐྱོང་བྱས་ནས་འབྲོག་ལས་དར།

འཚོ་བ་གསར་པ་ཞིག་འགོ་བརྩམས་པ།

རྩི་ཤིང་དང་ལོ་ཏོག་གི་ས་བོན་གསར་དུ་འདེབས་འཛུགས་བྱས་ནས་

དེའི་ལོ་འདབ་རྒྱས་ཤིང་འབྲས་བུ་མ་སྨིན་བར་དུས་ཡུན་ངེས་ཅན་ཞིག་

འགོར་ངེས་རེད། དུས་ཡུན་དེའི་རིང་མི་ཚོས་ལོ་ཏོག་ལ་ཆུ་ལུད་འདྲེན་

པ་དང་། ཡུར་མ་ཡུར་བ། ཕྱུགས་ཟོག་གི་གནོད་འཚེ་སོགས་ལས་སྲུང་ སྐྱོབ་བྱེད་དགོས་ཀྱི་ཡོད། རྔོན་པ་དང་འཐུ་མཁན་དག་གིས་ཀྱང་ལོ་ཏོག་

བཏབ་ནས་དེར་སྲུང་སྐྱོབ་བྱ་ཆེད་ས་གནས་གཅིག་ཏུ་དུས་ཡུན་རིང་པོ་ བསྡད་པ་དང་གཏན་འཇགས་ཀྱི་ཁྱིམ་གཞིས་འཛིན་འགོ་བརྩམས།

དཔེ་རིས། ༩་༡ འབྲུ་རིགས་གསོག་ཉར་བྱེད་སའི་རྫ་བུམ།

འབྲུ་རིགས་རྣམས་ཁ་ཟས་དང་ས་བོན་དུ་གསོག་ཉར་བྱེད་དགོས་པར་བརྟེན། དེ་དག་འཇོག་སའི་སྣོད་ལེགས་པོ་ཞིག་ དགོས་ཀྱི་ཡོད། མི་ཚོས་འབྲུ་རིགས་གསོག་ཉར་བྱེད་པའི་ཐབས་ཤེས་གང་ལེགས་བཙལ་ནས་ས་དོང་བྲུས་ཏེ་ས་འོག་ཏུ་ སྦས་སྐུང་བྱེད་པ་དང་། ས་དང་འདམ་བག་རྒྱུ་ཆར་བྱས་པའི་བུམ་པ་སྣ་ཚོགས་བཟོ་འགོ་བཙུགས།

སྒོ་ཕྱུགས་འཚོ་སྐྱོང་།

སྒོ་ཕྱུགས་ནི་རང་བཞིན་དུ་སྐྱེ་འཕེལ་བཟང་པོ་བྱེད་པའི་ཕྱུགས་རིགས་ཤིག་ཡིན་པ་དང་། ལྷག་པར་དུ་དེ་དག་ལ་ལྟ་སྐྱོང་

ལེགས་པོ་བྱས་ཚེ་ཤ་དང་། མར། འོ་མ། ཕྱུར་བ་སོགས་ཀྱི་ཐོན་ཁུངས་ལེགས་པོ་ཞིག་ཡིན། སྒོ་ཕྱུགས་ལས་ཤ་མར་

78


སོགས་ཁ་ཟས་ཀྱི་རིགས་ཕུད། ད་དུང་བལ་དང་རྩིད་པ་སོགས་འབྱུང་གི་ཡོད།

རྒྱ་གར་གྱི་ལོ་

བསམ་གཞིག་གྱིས། ༡། ཁྱེད་ཀྱིས་བྱས་ན་ཁོང་ཚོས་བཏུལ་བའི་སེམས་ཅན་ཐོག་མ་དེ་ཁྱི་ཡིན་དགོས་དོན་གང་ཡིན་ནམ། ༢། རྔོན་པ་དང་འཐུ་མཁན་ཚོས་བུམ་པ་བཟོས་ཡོད་དམ་མེད། རྒྱུ་མཚན་གང་ཡིན་ཤོད་དང་།

༣། ཤ་དང་མར་སོགས་ཁ་ཟས་ཀྱི་རིགས་ཕུད་སྒོ་ཕྱུགས་ལས་སྤྱོད་སྒོ་ཆེ་བའི་ཐོན་སྐྱེད་ཅི་ཞིག་འབྱུང་གི་ཡོད།

གཏན་འཇགས་ཀྱི་ཁྱིམ་གཞི་བཙུགས་པ།

གནའ་རྫས་རྟོག་ཞིབ་པ་ཚོས་བརྟག་དཔྱད་བྱས་པ་ལས་གདོད་མའི་མི་རྣམས་ཀྱིས་ས་ཕུག་ནང་དུ་སྤྱིལ་བུ་དང་ཁང་ཁྱིམ་

བཅོས་པའི་ཤུལ་མང་པོ་རྙེད་ཡོད། སྤྱིལ་བུ་དེ་དག་ནི་གནའ་མི་ཚོས་དྲག་ཆར་རླུང་འཚུབ་ལས་གཡོལ་ས་དང་། བདེ་ འཇགས་ངང་འཚོ་སྡོད་བྱེད་སའི་ཁྱིམ་ཚང་ཡིན། སྤྱིལ་བུའི་ཕྱི་ནང་གཉིས་ཀ་ནས་ཐབ་ཆས་སྣ་ཚོགས་རྙེད་སོན་བྱུང་བར་

གཞིགས་ནས། གནའ་མི་ཚོས་ནམ་ཟླའི་དྲོད་གྲང་དང་བསྟུན་ནས་ཕྱི་ནང་གཉིས་ཀར་ཁ་ཟས་གཡོ་སྐོལ་བྱེད་ཀྱི་ཡོད་པ་

ཤེས་རྟོགས་བྱུང་།

སྤྱི ལ ་བུ་དེ་དག་གི་འགྲམ་ནས་ད་

དུང་རྡོ ་ ཆས་མང་པོ ་ ཞི ག ་རྙེད་སོ ན ་

བྱུང་ཡོ ད ། རྡོ ་ ཆས་དེ ་ དག་ནི ་ རྡོ འི ་

དུས་རབས་རྙིང་པ་དང་བར་མའི་

དུས་སྐབས་ཀྱི ་ རྡོ ་ ཆས་དང་མི ་ འདྲ་

ཞིང་། འཇམ་ཤ་དོད་པ་དང་། སྤུས་

ཀ་ལེགས་པ། སྟབས་བདེ་བ་སོགས་

ཀྱི་ཁྱད་ཆོས་ལྡན་ཡོད་པས། དུས་ སྐབས་འདིར་རྡོའི་དུས་རབས་གསར་ མ་ (Neolithic) ཞེས་ཟེར།

དཔེ་རིས། ༩་༢ རྩྭ་ཡིས་བཟོས་པའི་སྤྱིལ་བུ།

79


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཚིག་ གསར།

སྤྱིལ་བུ།-Hut

རྡོའི་དུས་རབས་གསར་མའི་སྐབས་ཀྱི་ཡོ་ཆས་ལ་མིའི་རིགས་ཀྱི་ལག་ཤེས་ཡར་ཐོན་

ཐབ།-Hearth

དང་གཏུན་ཁུང་སོགས་ཀྱི་ཁྱད་ཆོས་རྣམས་དེང་གི་དུས་སུ་ཡང་མ་ཉམས་པར་ང་ཚོས་

གང་འཚམས་བྱུང་བའི་རྣམ་པ་ཐོན་ཡོད་ཅིང་། དཔེར་ན། སྐབས་དེའི་དུས་ཀྱི་སྒོག་ཏིང་

སྒོག་ཏིང་།-Mortar

བེད་སྤྱོད་བྱེད་ཀྱི་ཡོད། རྡོ་ལས་བཟོས་པའི་ཡོ་ཆས་ཀྱི་རིགས་མ་ཟད། ད་དུང་རྫ་སྣོད་

ཧ་ཅང་མང་པོ་ཐོན་སྐྱེད་བྱས་ཡོད། རྫ་སྣོད་དེ་དག་གི་སྟེང་རི་མོ་སྣ་ཚོགས་བརྐོས་ཡོད་ལ། བཟོ་ལྟའང་འདྲ་མིན་ཡོད། དེ་

དག་འབྲུ་རིགས་གསོག་འཇོག་བྱེད་སར་བེད་སྤྱོད་བྱེད་པ་དང་། དེ་བཞིན་ཁ་ཟས་གཡོ་སྐོལ་བྱེད་ཆེད་ཀྱི་ཁོག་མར་ཡང་

སྤྱོད་ཀྱི་ཡོད། རྡོའི་དུས་རབས་གསར་མའི་སྐབས་སུ་སྲིང་བལ་སོགས་རྒྱུ་ཆར་བྱས་ནས་གྱོན་གོས་འཐག་པའི་ཐགས་ ལས་ཀྱང་འགོ་བཙུགས་ཡོད།

སྐབས་དེའི་དུས་ཀྱི་ཡུལ་གོམས་གཤིས་ལུགས་ཅི་འདྲ་རེད།

གནའ་རྫས་རྟོག་ཞིབ་པ་ཚོས་གནའ་དུས་ཀྱི་ཡུལ་གོམས་གཤིས་ལུགས་སྐོར་ལ་ཐད་ཀར་འགྲེལ་བརྗོད་དེ་ཙམ་བྱེད་ཀྱི་ མེད་ཀྱང་། མཁས་དབང་མང་པོས་དེང་དུས་ཀྱི་ཞིང་འབྲོག་གི་འཚོ་བ་སྐྱེལ་སྟངས་ཐད་སློབ་སྦྱོང་གཏིང་ཟབ་བྱས་རྗེས།

དེང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་ཡུལ་གོམས་གཤིས་ལུགས་མང་དག་ཅིག་སྔ་མོའི་ལུགས་

དཔེ་རིས། ༩་༣ གནའ་བོའི་མི་ཡི་འཚོ་བ་སྐྱེལ་སྟངས།

སྲོལ་ནས་བརྒྱུད་ཡོང་བར་ངོས་འཛིན་བྱེད།

80


རྒྱ་གར་གྱི་ལོ་

སྦྱོང་ཚན། དང་པོ། འགྲིག་མིན་རྟགས་རྒྱོབ།

༡། སྔ་མོའི་དུས་སུ་མི་རྣམས་ཀྱིས་བཏུལ་བའི་བདག་མེད་སེམས་ཅན་ཐོག་མ་ནི་རྟ་ཡིན། ༢།

གདོད་མའི་དུས་ནས་མི་རྣམས་ཀྱི་འཚོ་རྟེན་གཙོ་བོ་ནི་ཞིང་འབྲོག་ལས་རིགས་ཡིན།

༤།

རྡོའི་དུས་རབས་གསར་མའི་དུས་ཀྱི་ཅ་དངོས་རྣམས་རྡོའི་དུས་རབས་རྙིང་པའི་ཅ་དངོས་དང་བསྡུར་ན་སྤུས་ཀ་ཞན་པ་ཡོད།

༣།

གདོད་མའི་མི་རྣམས་ཀྱིས་བྲག་ཕུག་གིས་ཁང་ཁྱིམ་གྱི་ཚབ་བྱས་ནས་འཚོ་བ་བསྐྱལ་ཡོད།

གཉིས་པ། ལན་མདོར་བསྡུས་རེ་བྲིས། ༡།

ཞིང་ལས་དར་སྟངས་ཅི་འདྲ་ཡིན་ནམ།

༣།

རྡོའི་དུས་རབས་གསར་མའི་དུས་སྐབས་ཀྱི་ཅ་དངོས་རྣམས་རྡོའི་དུས་རབས་བར་མའི་དུས་སྐབས་དང་རྡོའི་དུས་རབས་རྙིང་

༢།

༤།

འབྲོག་ལས་དར་སྟངས་ཅི་འདྲ་ཡིན་ནམ།

པའི་དུས་སྐབས་ཀྱི་ཅ་དངོས་དང་བསྡུར་ན་ཁྱད་པར་གང་ཡོད་དམ།

སྐབས་དེའི་གྱོན་ཆས་དང་སྣོད་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་གང་དང་གང་ཡིན་ནམ།

གསུམ་པ། གྲོས་བསྡུར་བྱ་རྒྱུ།

༡། སྔ་མོའི་དུས་ཀྱི་མི་ཚོས་གཏན་འཇགས་ཀྱི་ཁྱིམ་གཞི་བཙུགས་ཚུལ་སྐོར་ལ་གྲོས་སྡུར་བྱོས།

༢། སྔ་མོའི་དུས་ཀྱི་མི་ཚོའི་ཟས་རིགས་དང་། གྱོན་ཆས། སྣོད་ཆས་སོགས་རྒྱུན་སྤྱོད་ཅ་དངོས་ཀྱི་སྐོར་ལ་གྲོས་སྡུར་བྱོས།

བཞི་པ། བྱེད་སྒོ། ༡།

༢། ༣།

བཟའ་ཆས་ཚོང་ཁང་ནས་འབྲུ་རིགས་གང་ཐོབ་གསོག་སྒྲུབ་བྱས་ཏེ་མིང་ཐོ་འགོད་དགོས། ཞིང་པ་ཞིག་ལ་ཁོའི་འཚོ་བའི་སྐོར་བཅར་འདྲི་བྱེད་རྒྱུ། (ཕྱུགས་འཚོ་སྟངས། ཞིང་རྨོ་སྟངས། )

ཞིང་འབྲོག་གཉིས་ཀྱི་དབར་ལྒང་བུ་ཆ་འགྲིག་སྒོ་ནས་མཚུངས་བསྡུར་དཔྱད་པ་བྱེད།

81


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

༡༠

གནའ་བོའི་གྲོང་ཁྱེར།

དཔེ་རིས། ༡༠་༡ གནའ་བོའི་ཧ་རཔྤཱ་ཡི་མཁར་ཤུལ།

ཧ་རཔྤཱའི་ལོ་རྒྱུས། (Harappa)་

མཁར་དང་ཕོ་བྲང་སོགས་ལ་ལྟ་སྐོར་དུ་འགྲོ་སྐབས་རྒན་རྒོན་ཚོས་དེའི་སྐོར་ལ་ལོ་རྒྱུས་དང་སྒྲུང་གཏམ་སྣ་ཚོགས་ཤིག་ འཆད་ཀྱི་ཡོད། ལོ་ངོ་བརྒྱ་དང་ལྔ་བཅུའི་ཡར་སྔོན་དུ་པཱན་ཇབ་

(དེང་སྐབས་པཱ་ཀིསྟཱན་གྱི་མངའ་ཁོངས།)

ནང་མེ་འཁོར་གྱི་ལམ་ཐོག་

མར་སྐྲུན་སྐབས་བཟོ་པ་ཚོས་ཧ་རཔྤཱའི་གནའ་ཤུལ་བརྒྱུད་ནས་ལམ་བཟོས་ཡོད། སྔ་མོའི་སོ་ཕག་བརྩིགས་པའི་གནའ་

ཤུལ་དེའི་དཔངས་མཐོ་ཞིང་རྒྱུ་ཆ་ལེགས་པས་ནོར་བུའི་རི་དང་འདྲ་བར་མི་རྣམས་ཧ་ལས་པའི་ཡུལ་དུ་གྱུར། བཟོ་པ་

ཚོས་གནའ་བོའི་ཁང་པ་དེ་དག་གི་གྱང་བསློགས་ནས་སོ་ཕག་ཁྲི་སྟོང་མང་པོ་མེ་འཁོར་གྱི་ལམ་བཟོའི་རྒྱུ་ཆར་སྤྱད་པས། ཁང་ཁྱིམ་དང་མཁར་མང་པོ་ཞིག་རྩ་མེད་དུ་བཏང་ཡོད།

ལོ་བརྒྱད་ཅུའི་སྔོན་དུ་གནའ་རྫས་རྟོག་ཞིབ་པ་ཚོས་གནས་དེར་སོང་ནས་ས་དཔྱད་བྱས་པས། དེ་ནི་སྐམ་ས་ཆེན་མོར་

82


རྒྱ་གར་གྱི་ལོ་

ཆགས་པའི་གྲོང་ཁྱེར་ཆེས་རྙིང་གྲས་ཤིག་ཡིན་པ་ཤེས་རྟོགས་བྱུང་། གྲོང་ཁྱེར་དེ་ནི་གནའ་རྫས་རྟོག་ཞིབ་པ་ཚོས་ཐོག་

མར་གསར་རྙེད་བྱུང་བ་ཞིག་ཡིན་པས། ཁང་པ་དང་མཁར་རྫོང་གི་བཟོ་དབྱིབས་གཅིག་པའི་གནས་གསར་དུ་རྙེད་པ་དག་ ལའང་ཧ་རཔྤཱའི་གནའ་ཤུལ་ཞེས་འབོད་ཀྱི་ཡོད། ཧ་རཔྤཱ་གྲོང་ཁྱེར་ལ་ལོ་ངོ་ ༤༧༠༠ ལྷག་གི་ལོ་རྒྱུས་ལྡན་ཡོད།

ཁང་པ་དང་ཕོ་བྲང་། མཁར་རྫོང་སོགས་གནའ་བོའི་ཨར་ལས་འཛུགས་སྐྲུན་གྱི་ལག་རྗེས་མང་པོ་ཞིག་བཤིག་ནས་ གསར་རྒྱག་བྱེད་ཀྱི་ཡོད། ཁྱེད་ཀྱིས་བལྟས་ན་ཕོ་བྲང་དང་མཁར་རྫོང་རྙིང་པ་དེ་དག་སྲུང་སྐྱོབ་བྱ་དགོས་པ་མཐོང་གི་

འདུག་གམ།

གྲོང་ཁྱེར་གྱི་འཚོ་བ།

ཧ་རཔྤཱ་གྲོང་ཁྱེར་ནི་འདུ་འཛི་དང་ཟང་ཟིང་ཅན་ཞིག་རེད། གྲོང་ཁྱེར་དེའི་ནང་གི་གཙོ་གནད་ཆེ་བའི་མི་སྣ་ནི་གྲོང་ཁྱེར་

འཛུགས་སྐྲུན་གྱི་འཆར་འགོད་མཁན་ཚོ་ཡིན་ཞིང་། ཁོ་ཚོ་མང་ཆེ་བ་ནི་

ཡུལ་གྱི་འགོ་ཁྲིད་ཡིན། ཁོ་ཚོས་རང་ཉིད་ཀྱི་མངའ་འབངས་རྣམས་ས་ ཆ་འདྲ་མིན་ལ་བརྫངས་ཏེ་ལྕགས་རིགས་དང་། རིན་པོ་ཆེའི་རྡོ་སོགས་ མཁོ་སྒྲུབ་བྱེད་པར་མངག་པར་བྱེད། ཡུལ་གྱི་འགོ་ཁྲིད་དེ་དག་གསེར་

དངུལ་སོགས་རིན་ཆེན་ནོར་བུར་དགའ་ཞེན་ཆེ་ཞིང་། གསེར་དངུལ་

གྱི་སྟེང་ཡིག་རིས་སྣ་ཚོགས་བརྐོས་ནས་ཐམ་ཀ་དང་རྒྱན་ཆ་སོགས་

བཟོ་ཡི་ཡོད། གཞན་ཡང་གྲོང་ཁྱེར་དེ་དག་ནང་ལག་ཤེས་མཁས་པའི་

མི་སྣ་མང་པོ་ཡོད་ཅིང་། ཁོ་ཚོས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྒྱུ་ཆ་

འཚོལ་བ་དང་འཇོན་ཐང་ཆེན་པོས་ལས་རིགས་སྣེ་མང་ལ་གཞོལ་བར་

དཔེ་རིས། ༡༠་༢ མོ་ཧན་ཇོ་ད་རོ་ (Mohan-Jo-Daro) ནས་རྙེད་པའི་མི་ སྣ་གལ་ཆེན་ཞིག་གི་རྡོ་སྐུ།

ཚིག་ གསར།

མཁར།-Castle

ཕོ་བྲང་།-Palace གྲོང་ཁྱེར།-City

བྱེད།

ཧ་རཔྤཱ་གྲོ ང ་ཁྱེར་གྱི ་ ཤུལ་ལུས་དངོ ས ་པོ ་ རྙེད་སོ ན ་བྱུང་བ་དག་ལ་

བརྟག་ཞིབ་བྱེད་སྐབས། ཐོན་སྐྱེད་ཕལ་ཆེ་བ་རྡོ་དང་། གསེར། དངུལ།

ཟངས། ལི། ལྕགས་སོགས་ལས་བཟོས་ཡོད། ཟངས་དང་ལི་ནི་ལག་

ཆ་དང་། གོ་མཚོན། ཐབ་ཆས་སོགས་བཟོ་བར་བེད་སྤྱོད་ཆེན་པོ་ཡོད།

ལྕགས་རིགས་ཀྱི་ཐོན་སྐྱེད་ཕུད་ད་དུང་སྲིང་བལ་ལས་བཟོས་པའི་རས་

ཧྲུལ་དེ་འདྲ་ཡང་རྙེད་སོན་བྱུང་། ཁུལ་དེར་ལོ་ངོ་ ༧༠༠༠ གི་ཡར་སྔོན་

83


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ནས་སྲིང་བལ་སྐྱེ་འཕེལ་བྱུང་བར་གྲགས་ཤིང་། གནའ་རྫས་རྟོག་ཞིབ་པ་ཚོས་ཧ་རཔྤཱ་གྲོང་ཁྱེར་གྱི་སྲིང་བལ་འཐག་བེྱད་

ཡོ་ཆས་འདྲ་མིན་རྙེད་སོན་ཐུབ་ཡོད།

གྲོང་ཁྱེར་གྱི་ཟས།

གྲོང་ཁྱེར་ནང་འཚོ་སྡོད་བྱེད་མཁན་རྣམས་ཕུད། ད་དུང་མི་མང་པོ་ཞིག་ཞིང་འབྲོག་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཞིང་ པ་དང་འབྲོག་པ་དེ་དག་གིས་གྲོང་ཁྱེར་ནང་སྡོད་མཁན་ཚོའི་ཁ་ཟས་མཁོ་འདོན་བྱེད་ཀྱི་ཡོད། བརྟག་ཞིབ་བྱས་པ་བརྒྱུད་

ཧ་རཔྤཱའི་ཡུལ་མི་རྣམས་ཀྱིས་གྲོ་དང་། ནས། སྲན་མ། འབྲས། པད་ཁ་སོགས་འབྲུ་རིགས་འདེབས་ལས་བྱས་ཡོད་པ་

ཤེས་རྟོགས་བྱུང་། ཁོ་ཚོས་ཞིང་ལས་བྱེད་རྒྱུའི་ལག་ཆ་གསར་བཟོ་དང་ཞིང་དུ་ཆུ་འདྲེན་སའི་ཡུར་བུ་ཡང་བཟོས་ཡོད།

འབྲུ་རིགས་འདེབས་ལས་བྱེད་པ་དང་ལྷན་དུ་ར་ལུག་དང་མ་ཧེ། བ་ཕྱུགས་སོགས་གསོ་ཉར་བྱས་ཡོད་ལ། རི་དྭགས་ཀྱང་ བརྔོན་ཡོད།

ལམ་བུ་གསར་པ་ཞིག་གཏོད་འགོ་བརྩམས། བཟོ་ཚོང་ལས་

བ། er

་འབ iv

་ཁ sR

ཁྱེར་ནང་འཚོ་སྡོད་བྱེད་རྒྱུ་མཚམས་འཇོག་བྱས་ནས་འཚོ་བའི་

(Pakistan)

མོ་ཧན་ཇོ་ད་རོ།

སེངྒེ

བ་ཆེན་པོ་ཞིག་ཐེབས་ཡོད། མི་རྣམས་ཀྱིས་རིམ་བཞིན་གྲོང་

པཱཀི་སྟཱན།

 

du

ལོ་ངོ་ ༣༩༠༠ ཙམ་གྱི་ཡར་སྔོན་དུ་ཧ་རཔྤཱ་གྲོང་ཁྱེར་དུ་འགྱུར་

In

ཉམས་ཆག་སོང་བའི་གྲོང་ཁྱེར།

(Mohan-Jo-Daro)

རྒྱ་གར།

རིགས་ཀྱི་རྒྱུ་ཆ་དཀོན་དུ་སོང་བ་དང་། ཞིང་དུ་ཡུར་ཆུ་འདྲེན་

(India)

པའི་ལམ་སྲོལ་ཡང་རིམ་བཞིན་ཉམས་རྒུད་དུ་སོང་། སྡོད་ཁང་

གི ་ བཀོ ད ་པ་ཞན་ཞི ང ་གང་སར་གད་སྙི ག ས་ཀྱི ་ ཕུང་གསོ ག ་ ལས་མཐོང་རྒྱུ་མེད་པར་གྱུར་པ་རེད། འོ་ན་འགྱུར་བ་དེ་འདྲ་

ཞིག་སོང་བའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། མཁས་པ་ཁ་

ཅི ག ་གི ་ འདོ ད ་ཚུལ་ལ་གཙང་པོ ་ སྐམ་ནས་ཞི ང ་ཆུ་ཆད་པས་

ཞིང་ལས་བྱེད་ཐབས་བྲལ་བར་འདོད་པ་དང་། ཡང་ལ་ལས་

ཤི ང ་ནགས་གཅོ ད ་འབྲེ ག ་ཚད་ལས་བརྒལ་བ་བྱས་རྐྱེ ན ་སོ ་

ཕག་དང་ལྕགས་རིགས་བཞུ་ཆེད་ཀྱི་མེ་ཤིང་རྫོགས་པ་མ་ཟད།

84

 ཧ་རཔྤཱ། (Harappa)  རཱ་ཁཱི་གཱར ྷཱི། (Rakhi Garhi)  ཀཱ་ལཱི་བང་གཱ། (kalibangan)

དཔེ་རིས། ༡༠་༣ རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་རྣམས་ཆགས་སའི་རགས་ བྲིས་ས་ཁྲ།


རྒྱ་གར་གྱི་ལོ་

ཐ་ན་ཁྱིམ་དུ་ཇ་སྐོལ་བྱེད་ཀྱི་མེ་ཤིང་ཡང་དཀོན་པོར་གྱུར་ཚུལ་གླེང་། མཁས་པ་ཁ་ཅིག་གིས་སྒོ་ཕྱུགས་གཉེར་སྐྱོང་བྱས་

པ་མང་དྲགས་ནས་རྩྭ་དང་རྩི་ཐོག་ཐམས་ཅད་ཟད་པར་བརྟེན་སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་འཚོ་བའི་རྒྱུན་ཆད་པར་འདོད་ ཀྱི་ཡོད། གང་ལྟར་ཡང་གོང་འཁོད་རྒྱུ་མཚན་དག་གིས་གྲོང་ཁྱེར་ཡོངས་རྫོགས་རྩ་སྟོང་སོང་བར་ར་སྤྲོད་མཐར་ཕྱིན་པ་ བྱེད་ཁག་པོ་རེད། གཙང་པོ་སྐམ་པ་དང་ཆུ་ལོག་གི་གནོད་འཚེ་ལྟ་བུས་ས་ཁུལ་འགའ་ཤས་ལ་གཏོར་སྐྱོན་ཐེབས་པ་མ་

གཏོགས་གྲོང་ཁྱེར་ཡོངས་རྫོགས་རྩ་སྟོང་འགྲོ་མི་སྲིད། ཚོད་བགམ་བྱས་ན་ཡུལ་གྱི་རྒྱལ་པོས་དབང་སྒྱུར་ལེགས་པོ་བྱེད་

མ་ཐུབ་པ་མིན་ནམ་སྙམ། དཔེར་ན། པཱན་ཇབ་ནུབ་མ་

(དེང་སྐབས་པཱ་ཀིསྟཱན།)

དང་སིན་དཱི་མངའ་ཁུལ་གྱི་མི་སེར་རྣམས་རང་

ཡུལ་རྒྱབ་ཏུ་དོར་ནས་རྒྱ་གར་ཤར་ལྷོ་གཉིས་སུ་གནས་སྤོས་ཏེ། གཞིས་སྡེ་གསར་སྐྲུན་བྱས་ཡོད།

85


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྦྱོང་ཚན། དང་པོ། འགྲིག་མིན་རྟགས་རྒྱོབ། ༡།

ཧ་རཔྤཱ་གྲོང་ཁྱེར་ནི་སྐམ་ས་ཆེན་མོའི་ཐོག་གི་གྲོང་ཁྱེར་གསར་ཤོས་ཤིག་རེད།

༣།

ཧ་རཔྤཱ་གྲོང་ཁྱེར་ལ་ཉམས་ཆག་གང་ཡང་མེད་པར་གནས་ཡོད།

༢།

ལོ་ངོ་ ༧༠༠༠ གི་ཡར་སྔོན་ནས་ཧ་རཔྤཱའི་ཡུལ་དུ་སྲིང་བལ་སྐྱེ་འཕེལ་བྱུང་།

གཉིས་པ། ལན་མདོར་བསྡུས་རེ་བྲིས། ༡།

ཧ་རཔྤཱ་གྲོང་ཁྱེར་ལ་དུས་ཡུན་ཅི་ཙམ་གྱི་ལོ་རྒྱུས་ལྡན་ཡོད་དམ།

༣།

ལོ་ངོ་ ༣༩༠༠ ཡི་སྔོན་དུ་ཧ་རཔྤཱའི་ཡུལ་དུ་འགྱུར་བ་ཅི་འདྲ་བྱུང་ཡོད།

༢།

ཧ་རཔྤཱ་གྲོང་ཁྱེར་གྱི་ཐོན་སྐྱེད་རྣམས་རྒྱུ་ཆ་གང་དག་བེད་སྤྱད་ནས་བཟོས་ཡོད་དམ།

གསུམ་པ། གྲོས་བསྡུར་བྱ་རྒྱུ། ༡།

ཧ་རཔྤཱ་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྟངས་གང་འདྲ་རེད་དམ།

༣།

གནའ་བོའི་གྲོང་ཁྱེར་དེ་རིམ་བཞིན་ཉམས་ཆག་སོང་བའི་རྒྱུ་མཚན་གང་ཡིན་སྐོར་ལ་གྲོས་སྡུར་བྱོས།

༢།

༤།

ཧ་རཔྤཱ་གྲོང་ཁྱེར་མཐའ་འཁོར་གྱི་ཞིང་འབྲོག་པ་ཚོས་འབྲུ་རིགས་འདེབས་ལས་བྱས་པའི་སྐོར་ལ་གྲོས་སྡུར་བྱེད་དགོས། རིག་དངོས་ཤུལ་བཞག་སྲུང་སྐྱོབ་བྱེད་ཐབས་ཅི་འདྲ་ཡོད་པའི་སྐོར་ལ་གྲོས་སྡུར་བྱོས།

86


༡༡

རྒྱ་གར་གྱི་ལོ་

དོགས་སློང་དང་ལྟ་གྲུབ་སྣ་ཚོགས་བྱུང་ཚུལ།

༄༅། །ལོ་རྒྱུས་ཀྱི་ཁུངས་དེད་ནས་ཞིབ་འཇུག་བྱས་ཚེ། རྒྱ་གར་ནི་མིའི་རིགས་ཀྱི་ལོ་རྒྱུས་ནང་ལྟ་གྲུབ་མང་པོ་དང་

མཁས་པ་མང་པོ་བྱུང་མྱོང་བའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཐུབ། རང་རེའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ ཡང་ལོ་ངོ་ ༢༥༦༥ ལྷག་གི་གོང་དུ་རྒྱ་གར་ནས་བྱུང་བ་ཡིན་ལ། ཕྱིས་སུ་རིམ་གྱིས་བོད་དང་ཤར་ཕྱོགས་རྒྱལ་ཁབ་མང་

པོའི་ནང་དར་ཁྱབ་བྱུང་། དེ་བཞིན་རྒྱ་གར་ནང་མུ་སྟེགས་པའི་ཆོས་ལུགས་དང་། གཅེར་བུ་པའི་ཆོས་ལུགས། སྒྲ་རིག་ པའི་གཞུང་ལུགས་སོགས་ཀྱང་སྔ་མོའི་དུས་ནས་བྱུང་ཡོད།

སྐབས་དེ་དུས་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་བྱུང་དོན་ནི། སྐབས་དེའི་མི་རྣམས་ཀྱིས་སྤྱི་ཚོགས་དང་། འཚོ་བ། མི་ཚེའི་ དོན་སྙིང་། ལྐོག་གྱུར་གྱི་གནས་ཚུལ། འགྱུར་ལྡོག་གི་རྣམ་པ་སོགས་ལ་ངོས་འཛིན་བྱེད་སྟངས་དང་འབྲེལ་བ་དམ་ཟབ་

ཡོད་པ་ཞིག་ཡིན། སྔ་མོའི་དུས་ཀྱི་མི་རྣམས་ནི་རྙོག་འཛིང་ཆེ་བའི་འཚོ་བ་དང་མི་ཚེ་ལ་རྒྱུས་མངའ་མེད་པའི་བྱིས་པ་

ཞིག་དང་མཚུངས། ཁོང་ཚོ་སྐབས་དེའི་མི་ཚེ་དང་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་མང་པོ་ཞིག་ལ་ཡ་མཚན་

དང་། འཇིགས་སྣང་། དོགས་པ་སྣ་ཚོགས་སྐྱེས་མྱོང་ཡོད། ཁོང་ཚོས་འཇིག་རྟེན་འདིར་སྐྱེས་པའི་མི་ཚང་མ་མཐར་འཆི་ དགོས་པའི་ཆོས་ཉིད་འདི་ལས་ཐར་ཐབས་ཡོད་མེད་དང་། ཤི་ཚར་རྗེས་སླར་ ཡང་སྐྱེ་བ་གཞན་ཞིག་གི་རྒྱུན་མཐུད་རྒྱུ་ཡོད་མེད། གནས་ལུགས་མང་པོ་ཞིག་

གི་དོན་རྟོགས་པར་ཅི་ཞིག་སྦྱང་དགོས་མིན། སྦྱང་བྱ་གང་ཞིག་ཇི་ལྟར་སྦྱོང་ དགོས་ཚུལ་སོགས་ལ་དོགས་སློང་སྣ་ཚོགས་བྱས་པར་བརྟེན། གནས་ཚུལ་

གཅིག་གི་སྐོར་ལ་སྣང་ཚུལ་མི་འདྲ་བ་བྱུང་བས་འགྲེལ་བརྗོད་བྱེད་སྟངས་ཀྱི་ལྟ་

གྲུབ་ཀྱང་སྣ་ཚོགས་བྱུང་བ་རེད།

སངས་རྒྱས་ཀྱི་མཛད་པ་མདོར་བསྡུས།

སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་གཞན་ལ་གཽ​ཽཏམ་བུདྡྷ་ཡང་ཟེར། ཁོང་ལོ་ངོ་

༢༥༦༥ ཡི་སྔོན་ལ་ཤཱཀྱའི་རིགས་སུ་འཁྲུངས་པ་དང་། ཁོང་ནི་ནང་པ་སངས་

རྒྱས་པའི་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ཡིན། ཁོང་སྐུ་ན་གཞོན་ནུའི་དུས་

87

དཔེ་རིས། ༡༡་༡ ལོ་དྲུག་དཀའ་བ་སྤྱད་པའི་སྟོན་པའི་སྣང་ བརྙན། (པཱ་ཀིསྟཱན་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དུ།)


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

དཔེ་རིས། ༡༡་༢ ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་བའི་སྣང་བརྙན་དུས་རབས་གསུམ་པའི་ནང་བཞེངས་པའི་རྡོ་བརྐོས།

ནས་ཐོས་པ་མང་དུ་འཚོལ་ཆེད་ཁྱིམ་གྱི་ལོངས་སྤྱོད་དོར་ཏེ། ལོ་མང་རིང་ཡུལ་ཁམས་བསྐོར་ནས་བསམ་བློ་བ་གཞན་

དང་མཉམ་དུ་སློབ་གཉེར་ཐད་བགྲོ་གླེང་དང་གྲོས་སྡུར་མང་དུ་མཛད། མཐར་ཁོང་གིས་གནས་ལུགས་རྟོགས་པའི་ལྟ་བ་

གཏན་ལ་འབེབས་ཆེད། བི་ཧཱར་མངའ་སྡེའི་ཆུ་བོ་ནཻ་ར་ཉྫནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་སྒོམ་བརྒྱབས་ནས་

བཞུགས་པ་དང་། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ། དེ་ནས་བཟུང་

ཁོང་གི་མཚན་ལ་སངས་རྒྱས་ཞེས་ཡོངས་སུ་གྲགས་པ་དང་། ཝཱ་རཱ་ཎ་སཱིའི་ཉེ་སར་ཡོད་པའི་སཱར་ནཱཐ་ལ་ཕེབས་ཏེ་ཆོས་

ཐོག་མར་གསུང་གནང་མཛད། མཐར་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་བར་སྐུ་ཚེ་ཧྲིལ་པོ་ཡུལ་ གཅིག་ནས་གཅིག་ལ་ཕེབས་ཏེ་སྐལ་ལྡན་སྐྱེ་འགྲོ་མང་པོ་ཆོས་ཀྱི་སྦྱིན་པས་ཚིམས་པར་མཛད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་བཅས་ཐམས་ཅད་སྡུག་བསྔལ་བ། །ཆོས་

ཐམས་ཅད་སྟོང་ཞིང་བདག་མེད་པ། །མྱ་ངན་ལས་འདས་པ་ཞི་བའོ། །ཞེས། འཇིག་རྟེན་འཁོར་བ་ནི་བདེ་སྐྱིད་དང་བྲལ་

88


ཞིང་སྡུག་བསྔལ་འབའ་ཞིག་གིས་མནར་བ་དང་། སྡུག་བསྔལ་དེ་ནི་དུས་ གཏན་དུ་ཚི མ ས་པ་མེ ད ་པའི ་ སྲེ ད ་པ་དང་འདོ ད ་རྔམ་ལས་བྱུང་བ་ཡི ན ། མཚམས་མཚམས་སུ་ང་ཚོས་འཐོབ་རེ་བྱེད་པ་དེ་ལག་ཏུ་སོན་ནའང་། ད་

དུང་དེ་ལས་མང་བ་གཞན་ཞིག་འཐོབ་འདོད་བྱེད་པ་དང་། དེ་ནི་འདོད་རྔམ་

དབང་གིས་ཡིན། དུས་རྒྱུན་ཅི་ཞིག་གི་ཐད་ལ་ཡིན་ཡང་ཆོག་ཤེས་བྱས་ན།

རྒྱ་གར་གྱི་ལོ་

ཚིག་ གསར།

ལྟ་གྲུབ།-Doctrine

སངས་རྒྱས་པ།-Enlighten བྲམ་ཟེ།-Saint

དབེན་གནས།-Hermitage

ཡང་ཡང་བློ་ངོར་འཁོར་བའི་སྲེད་ཞེན་གྱི་བློ་དེ་རིགས་གཅུན་ཐུབ་ངེས་ གསུངས།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་རྣམས་ལ་བསམ་པ་དང་སྤྱོད་པ་

བཟང་པོ་དགོས་པ་དང་། སྲོག་ལྡན་དུད་འགྲོ་དང་བཅས་པའི་འགྲོ་བ་གཞན་ ཚང་མའི ་ ཚེ ་ སྲོ ག ་ལ་བརྩི་འཇོ ག ་བྱེ ད ་དགོ ས ་པར་གསུངས། ཁོ ང ་གི ་

དགོངས་པར་ང་ཚོས་དགེ་བའི་ལས་དང་མི་དགེ་བའི་ལས་གང་བསགས་

དཔེ་རིས། ༡༡་༣ གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན།

ནའང་། དེའི་འབྲས་བུ་བདེ་སྡུག་ནི་ཚེ་འདི་ཕྱི་གང་རུང་ལ་སྨིན་ངེས་པར་

དགོངས། ཁོང་གིས་ཆོས་གསུང་སྐབས་མི་མང་དཀྱུས་མས་རྒྱུན་སྤྱོད་བྱེད་

པའི་ཡུལ་སྐད་ཐོག་གསུངས་པས། མི་ཚང་མས་ཁོང་གིས་གསུངས་པའི་

ཆོས་ཀྱི་དོན་རྟོགས་ཐུབ་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ད་ དུང་ཁོང་གིས་གང་གསུངས་པར་ཉན་རྐྱང་མི་བྱེད་པར་རང་ངོས་ནས་བརྟག་ དཔྱད་ཀྱིས་བརྡར་ཤ་གཅོད་རྒྱུ་གལ་ཆེ་བའི་བསླབ་བྱ་གནང་ཡོད།

བུད་མེད་ཀི་སཱ་གྷོ་ཏ་མིའི་སྒྲུང་། (Kisagotami)

སྔོན་མིང་ལ་ཀི་སཱ་གྷོ་ཏ་མི་ཟེར་བའི་བུད་མེད་ཅིག་ཡོད་པ་དང་། ཁོང་མོར་

བུ་ཞི ག ་བཙས་པ་དེ ་གློ ་བུར་གྱི་རྐྱེན་ངན་ཞིག ་གིས་གྲོངས་པས། ཡིད་

བར་དུ་མི་སེམས་བཟང་ཞིག་ཐུག་སྟེ་ཁོང་མོ་སངས་རྒྱས་བཞུགས་སར་

ཁྲིད། སངས་རྒྱས་ཀྱིས་ཁོང་མོར། “ཁྱེད་ཀྱིས་ང་ལ་ཡུངས་དཀར་གྱི་འབྲུ་

89

དཔེ་རིས། ༡༡་༥ རྩྭ་མཆོག་གྲོང་གི་སྟོན་པ་སྐུ་མྱ་ངན་ལས་ ཨཧྥ་ག་ནི་སྟཱན།

རྒྱ་གར།

འདས་པའི་སྣང་བརྙན།

བྱང་ལམ།

བོད།

མ།

ཤིག་རྙེད་པར་རེ་བ་བྱེད་ཀྱིན་གྲོང་ཁྱེར་གྱི་གཞུང་ལམ་དེད་ནས་སོང་། ལམ་

མཆོད་རྟེན།

ལྷོ་ལ

སེམས་སྐྱོ་བས་མནར་ཏེ། བུའི་ཕུང་པོ་ཁུར་ནས་སླར་ཡང་གསོན་ཐབས་

དཔེ་རིས། ༡༡་༤ ཆོས་འཁོར་སྐོར་སའི་གནས་ཝཱ་རཱ་ཎ་སཱིའི་

སོག་པོ།

རྒྱ་ནག

ཀོ་རི་ཡ།

འཇའ་པན།

ཤྲི་ལིངྐ།

དཔེ་རིས། ༡༡་༦ རྒྱ་གར་ནས་ནང་བསྟན་དར་ཁྱབ་བྱུང་བའི་

ཡུལ་གྲུ་ཁག (རྒྱ་ནག་ལ་ལྷོ་ལམ་དང་བྱང་ལམ་གཉིས་ནས་དར་ཁྱབ་བྱུང།)


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྦར་མོ་གང་ཁྱེར་ཤོག་དང་། ངས་ཉིད་ཀྱི་བུ་སླར་ཡང་གསོན་ཐབས་བྱས་ཆོག” ཅེས་གསུངས།

བུད་མེད་ཀི་སཱ་གྷོ་ཏ་མི་ཧ་ཅང་དགའ་ནས་དེ་མ་ཐག་ཡུངས་དཀར་གྱི་འབྲུ་ལེན་དུ་འགྲོ་རྩིས་བྱས། ཁོང་མོ་འགྲོ་ཁར་

སངས་རྒྱས་ཀྱིས་སླར་ཡང་ “ཡུངས་དཀར་གྱི་འབྲུ་དེ་ནི་མི་གཅིག་ཀྱང་གྲོངས་མ་མྱོང་བའི་ཁྱིམ་ཚང་ཞིག་ནས་འཁྱེར་ ཡོང་དགོས།” ཞེས་གསུངས།

དེ་ནས་ཁོང་མོ་ཁྱིམ་ཚང་རེ་རེ་བཞིན་སོང་སྟེ་སྐད་ཆ་དྲིས། འོན་ཀྱང་ཁོང་མོས་མི་གྲོངས་མ་མྱོང་བའི་ཁྱིམ་ཚང་གཅིག་ ཀྱང་མ་རྙེད། ཁོང་མོ་ཁྱིམ་ཚང་ཅི་འདྲ་ཞིག་ལ་སོང་ཡང་། དེར་རྨོ་རྨོ་གྲོངས་པའམ། སྤོ་བོ་གྲོངས་པའམ། ཕ་གྲོངས་པའམ། མ་གྲོངས་པའམ། ཁྱོ་བོ་གྲོངས་པའམ། བཟའ་ཟླ་གྲོངས་པའམ། བུ་གྲོངས་པའམ། བུ་མོ་གྲོངས་པའམ། ཕུ་བོ་གྲོངས་པའམ། ནུ་མོ་གྲོངས་པ་སོགས་གང་ལྟར་ཁྱིམ་ཚང་ཞིག་ནས་མི་ཞིག་གྲོངས་མ་མྱོང་བ་མེད་པ་ར་འཕྲོད་བྱུང་།

སངས་རྒྱས་ཀྱིས་ཡིད་སེམས་སྐྱོ་གདུང་གིས་མནར་བའི་ཨ་མ་དེ་ལ་བསླབ་བྱ་གནང་བའི་བསྟན་དོན་གཙོ་བོ་གང་ཡིན་ནམ།

མུ་སྟེགས་པའི་ཆོས་ཀྱི་གཞུང་ལུགས་ཆེན་མོ་ཨུ་པ་ནིཤྡ། (Upanishad)

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་ཡར་སྔོན་དང་། ཆོས་གསུང་བའི་དུས་སྐབས་སུ་བསམ་བློ་བ་

གཞན་དག་གིས་ཀྱང་འགྲེལ་དཀའ་བའི་འཇིག་རྟེན་གྱི་སྣང་ཚུལ་དང་ཆོས་ཉིད་མང་པོ་ཞིག་ལ་དོགས་སློང་དང་བསམ་ གཞིག་བྱེད་ཀྱི་ཡོད། ཁོང་ཚོས་སྲོག་ལྡན་ཞིག་ཤི་སྟེ་ལུས་ཞིག་

པར་གྱུར་ནའང་། དེར་ད་དུང་རྟག་བརྟན་གྱི་རྒྱུན་ཞིག་ཡོད་པར་

འདོད། རྟག་བརྟན་གྱི་རྒྱུན་དེ་ལ་ཁོ་ཚོས་བདག་དང་གཙོ་བོ་ཞེས་

འགྲེལ་བཤད་བྱེད་ཀྱི་ཡོད་ལ། མཐར་བདག་དང་གཙོ་བོ་གཉིས་ ཀའང་ངོ་བོ་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དཔེ་རིས། ༡༡་༧ ཤང་ཀར་ཨཱཙཱརྱ་ཡིས་ཨུ་པ་ནི་ཤྡ་འཆད་ཉན་བྱེད་པ།

མཆན་ འགྲེལ།

གཅེར་བུ། ལུས་སྒྲིབ་བྱེད་མེད་པའི་དོན།

ངན་ངོན། ཟས་གོས་སོགས་སྤུས་ཀ་ཞན་པའི་དོན།

དབྱར་གནས། དབྱར་ཁའི་ཟླ་བ་གསུམ་གྱི་རིང་ལ། དགེ་

ཚུལ་སློང་རྣམས་མཚམས་བསྡམས་ཏེ་བཞུགས་ པའི་དུས་ལ་གོ

བྷིཀྐུ། བྱ་བཏང་བའམ་སློང་མོ་བ་ལ་འཇུག

ཨུ་པ་ནིཤྡའི་ནང་དུ་ཁོ་ཚོའི་ལྟ་ཚུལ་མང་པོ་ཕྱོགས་བསྡུས་བྱས་

ཡོད་པ་དང་། ལྟ་ཚུལ་དེ་དག་ཕྱིས་སུ་བྱུང་བའི་རིག་བྱེད་གཏམ་ རྒྱུད་ཀྱི་ཆ་ཤས་སུ་གྱུར། སྤྱིར་ཨུ་པ་ནིཤྡའི་དོན་ནི་ “ཉེ་བར་ བཅར་བའམ་ཉེ་བར་གནས་པ་” ལ་གོ་བ་དང་། དཔེ་ཆའི་ནང་

དུ་གནད་དོན་མང་པོའི་ཐད་དགེ་བའི་བཤེས་གཉེན་དང་སློབ་མ་

གཉིས་ཀྱིས་ཕན་ཚུན་དྲི་བ་དྲིས་ལན་བྱས་པའི་རྣམ་པ་ལྟར་བཀོད་

ཡོད་ལ། ལྟ་ཚུལ་རྣམས་མི་ཚང་མས་གོ་སླ་བའི་གླེང་མོལ་གྱི་རྣམ་

90


རྒྱ་གར་གྱི་ལོ་

པ་སྟབས་བདེ་ཞིག་གི་ལམ་ནས་བྲིས་ཡོད།

སྤྱིར་ཨུ་པ་ནིཤྡའི་གཞུང་ལ་མཁས་པ་མང་ཆེ་བ་ནི་སྐྱེས་པ་ཡིན་

ལ། སྐྱེས་པའི་ནང་ནས་ཀྱང་བྲམ་ཟེ་དང་རྒྱལ་རིགས་ཡིན། འོན་

ཀྱང་སྐབས་འགར་གྷར་གི ་

(Gargi)

ལྟ་བུའི ་ བུད་མེ ད ་མཁས་

པའང་བྱུང་མྱོང་ཡོད། མི་དབུལ་པོ་ཚོ་གཞུང་ལུགས་བགྲོ་གླེང་ གི་གྲས་སུ་ཚུད་རྒྱུ་ཧ་ཅང་དཀའ། འོན་ཀྱང་དམིགས་བསལ་ གཅིག་བྱུང་བ་ནི། བྲན་མོ་ཇཱ་བཱ་ལི་ (Jabali) ཡི་བུ་སདྱ་ཡཱ་ཀཱ་མ་

ཇཱ་བཱལ་

བརྡ་སྤྲོད་མཁས་པ་གྲགས་ཅན་པཱ་ཎི་ནི།

སྐབས་དེ་ནི་མཁས་པ་ཚོས་རིག་གནས་གཞན་

གྱི ་ ཐོ ག ་ལའང་ཐུགས་ཁུར་གྱི ས ་ཧུར་བརྩོན་ གནང་བའི ་ དུས་ཤི ག ་ཡི ན ། དེ འི ་ སྐབས་ཀྱི ་

སྙན་གྲགས་ཆེ་བའི་མཁས་པ་ཚོའི་ནང་གི་

གཅིག་ནི་པཱ་ཎི་ནི་ཡིན། ཁོང་གིས་རྩིས་རིག་ ནང་བཀོལ་བའི་སྤྱི་འགྲོས་ལྟར། དབྱངས་དང་

ཡིན། ཁོང་སློབ་གཉེར་ལ་བརྩོན་པའི་

གསལ་བྱེད་སྦྱོར་སྟངས་ཀྱི་རྣམ་པ་གསར་དུ་ཕྱེ་

གཽ་ཏ་མས་སློབ་མ་ལ་ཉར་བ་དང་། ཕྱིས་སུ་སྐབས་དེའི་མཁས་

རིག་པའི་གཞུང་ལུགས་ཀྱི་སྲོལ་བཏོད། ཁོང་

(Satyakama Jabala)

འདུན་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པས། བྲམ་ཟེའི་སློབ་དཔོན་

པ་ཚོའི་ནང་གི་གྲགས་པ་ཆེ་ཤོས་ཤིག་ཏུ་གྱུར། དེ་རྗེས་གྲགས་

ཅན་གྱི་མཁས་པའི་དབང་པོ་ཤང་ཀར་ཨཱཙཱརྱ་

(Shankararcharya)

མཆོག་གིས་ཨུ་པ་ནིཤྡའི་ནང་གི་ལྟ་ཚུལ་མང་པོ་ཞིག་ལ་དག་ཐེར་

མཛད་ཡོད།

སྟེ། ལེགས་སྦྱར་སྐད་(Sanskrit) ལ་བརྡ་སྤྲོད་

གིས་དབྱངས་གསལ་སྦྱོར་ཚུལ་གྱི་རྣམ་གཞག་ དེ་དག་བཀོལ་སྤྱོད་ཀྱིས་ལེགས་སྦྱར་གྱི་སྐད་

ཡིག་དེ་རྩ་ཚིག་ཐུང་ངུ་ཞིག་ནང་བསྡུས་ཏེ་འབྲི་ ཐབས་བསྟན།

(ཐུང་ངུར་འབྲི་ཐབས་ཀྱི་རྩ་ཚིག་དེ་ལ་རྣམ་

གྲངས་སུམ་སྟོང་ཡས་མས་ཤིག་ཡོད།)

གཅེར་བུ་པའི་ལུགས།(Jainism)

གཅེར་བུ་པའི་གྲུབ་མཐའ་འཛིན་མཁན་ནང་སྐད་གྲགས་ཆེ་ཤོས་ ནི་བརྡྷ་མཱན་ མཧཱ་ཝཱིར་

(Vardhamana Mahavira)

ཡིན་པ་དང་། ཁོང་

གིས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་གཅེར་བུ་པའི་གྲུབ་མཐའ་

སྤེལ་ཡོད། ཁོང་ནི་རྒྱལ་པོའི་སྲས་སུ་འཁྲུངས་པ་ཞིག་ཡིན་མོད།

དགུང་གྲངས་སུམ་ཅུར་སོན་པའི་ཚེ་ཁྱིམ་གྱི་ལོངས་སྤྱོད་དོར་ཏེ་

ནགས་ཁྲོད་དུ་ཕེབས་ནས། ལོ་ངོ་བཅུ་གཉིས་རིང་དབེན་གནས་

སུ་བཞུགས་ཏེ་དཀའ་བ་སྤྱད་པས། མཐར་ཐར་པ་ཐོབ་པར་གྱུར། ཁོང་གིས་སྐྱེས་པ་དང་བུད་མེད་སུས་གནས་ལུགས་མཐར་ཐུག་

པ་དེ ་ མཁྱེན་འདོ ད ་ཡོ ད ་ཚེ ་ཁྱི མ ་གྱི ་ ལོ ང ས་སྤྱོ ད ་ནི ་ སྤང་བྱ་ཡི ན ་

91

དཔེ་རིས། ༡༡་༨ གཅེར་བུ་པའི་སྟོན་པ་མཧཱ་ཝི་རཱ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཁྱེད་ཀྱིས་ཤེས་སམ་། ནང་པའི་གཞུང་དུ་གཅེར་བུ་པ་ལ་མིང་

གི་རྣམ་གྲངས་སུ། ནམ་རྒྱུན་གོས་མི་

གྱོན་པ་ལས་གཅེར་བུ་པ་དང་། རང་ ལུས་ལ་བརྟེན་ནས་དཀའ་བ་སྤྱད་དེ ་

སྡི ག ་པ་དག་རྒྱུའི ་ འདོ ད ་ཚུལ་བཟུང་ བས་ཟད་པ་བ། སློབ་དཔོ ན་རྒྱལ་བ་ དམ་པའི ་ རྗེ ས ་སུ་འབྲངས་ནས་གྲུབ་ མཐའ་མཁས་ལེན་མཁན་ཡིན་སྟབས་

རྒྱལ་བ་པ། དྲང་སྲོང་མཆོད་འོས་རང་ གི་སློབ་དཔོན་ཡིན་པར་ཁས་ལེན་པ་

ཡི ན་སྟབས་མཆོ ད ་འོ ས ་པ། རང་གི་ སྲོག་དེ་བདག་ཡིན་པ་དང་། བདག་དང་

སྲོག་གཉིས་གཅིག་པ་ཡིན་པར་ཁས་ བླངས་སྟབས་འཚོ ་ བ་པ། ཉི ན ་ལྟར་ ཕྱོགས་བཞིར་སློང་ནས་འཚོ་བ་སྐྱེལ་ གྱི་ཡོད་སྟབས་ཀུན་ཏུ་རྒྱུ་ཞེས་རྣམ་པ་ དྲུག་ཏུ་བཤད།

པར་གསུངས། གཅེར་བུ་པའི་གྲུབ་མཐའ་ལ་ཞུགས་མཁན་ཚོས་སྲོག་ལྡན་ གཞན་ལ་འཚེ་བའི་ལས་བྱེད་པའམ་གཞན་གྱི་སྲོག་གཅོད་པ་སོགས་མི་ བྱ་བའི་ཚུལ་ཁྲིམས་དམ་པོར་སྲུང་དགོས། མཧཱ་ཝཱིར་མཆོག་གིས། “སྲོག་

ལྡན་ཚང་མའི་ངོས་ནས་བཤད་ན་སྲོག་འཚོ་བར་འདོད་པ་དང་། ཚེ་སྲོག་ནི་ གལ་ཆེ་ཤོས་ཡིན།” ཞེས་གསུངས། དུས་རྒྱུན་ཁོང་གིས་ཡུལ་མི་ཚོས་

ཉིན་རེའི་འཚོ་བའི་ནང་ཉེ་བར་སྤྱོད་པའི་ཡུལ་སྐད་ཀྱི་ལམ་ནས་ཆོས་གསུང་ གི་ཡོད་པས། ཡུལ་མི་ཕལ་པ་ཚོས་ཀྱང་ཁོང་གིས་གསུངས་པའི་ཆོས་ཀྱི་

དོན་ལེགས་པར་རྟོགས་ཐུབ་ཀྱི་ཡོད།

མཧཱ་ཝཱིར་མཆོག་གི་རྗེས་འཇུག་པ་ཚོ་ལ་གཅེར་བུ་པ་ཟེར། གཅེར་བུ་པ་

ཚོས་སློང་མོ་བྱས་ཏེ་འཚོ་བ་ངན་ངོན་ལ་བརྟེན་དགོས་པ་དང་། རྒྱུད་དྲང་

པོའི་ངང་མ་བྱིན་ལེན་སོགས་སྤང་དགོས་ལ། སྐྱེས་པ་ཚོས་རང་གི་གྱོན་ གོས་དང་བཅས་པའི་ལོངས་སྤྱོད་ཡོད་ཚད་འདོར་དགོས།

སྐྱེས་པ་དང་བུད་མེད་མང་ཆེ་བས་བསྲུང་བྱ་དེ་རིགས་སྲུང་རྒྱུ་ཧ་ཅང་ཁག་ པོ་ཡོད་ནའང་། མི་སྟོང་ཕྲག་མང་པོས་ཁྱིམ་གྱི་ལོངས་སྤྱོད་དོར་ཏེ་གཅེར་

བུ་པའི་ལུགས་ཀྱི་ཉམས་ལེན་ལ་ཞུགས་ཀྱི་ཡོད་པ་དང་། མང་པོ་ཞིག་གིས་ མུ་ནི་དང་བཙུན་མ་ཚོར་ཟས་ཀྱི་མཐུན་རྐྱེན་སོགས་སྦྱོར་གྱི་ཡོད།

གཅེར་བུ་པའི་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ནི་ཚོང་ལས་གཉེར་

མཁན་དང་ཞིང་པ་ཡིན། ཞིང་པ་ཚོས་ཞིང་ཁའི་ནང་རང་གི་འཚོ་ཐབས་ཆེད་

འབུ་སྲིན་སོགས་ཀྱི་སྲོག་གཅོད་དགོས་ཐུག་གི་ཡོད་པས། གཅེར་བུ་པའི་ ལུགས་ཀྱི་བསྲུང་བྱ་རྣམས་སྲུང་རྒྱུ་ཧ་ཅང་དཀའ། དེར་བརྟེན། ཁོང་ཚོས་

རང་ཉིད་ཀྱིས་ཉམས་ལེན་བྱེད་མ་ཐུབ་ཀྱང་། ཉམས་ལེན་བྱེད་མཁན་ཚོར་

བཟའ་བཏུང་སོགས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གཅེར་བུ་པའི་ལུགས་འདི་རྒྱ་གར་བྱང་ ཕྱོགས་ས་ཁུལ་དང་། གུཇ་རཱཏ། (Gujarat) ཏ་མིལ་ནཱ་ཌཱུ། (Tamil Nadu) ཀརནཱ་ཊཀ་ (Karnataka) སོགས་ཀྱི་མངའ་སྡེའི་ནང་

དར་ཁྱབ་བྱུང་ཡོད། མཧཱ་ཝཱིར་མཆོག་གིས་གསུངས་པའི་ཆོས་རྣམས་དུས་རབས་འགའ་ཤས་རིང་ཁོང་གི་རྗེས་འཇུག་ ཚོའི་ངག་རྒྱུན་ལ་བརྟེན་ནས་གནས་ཐབས་བྱུང་བ་དང་། ལོ་ངོ་ ༡༥༠༠ ཙམ་གྱི་གོང་དུ་དེང་སྐབས་ཀྱི་གུཇ་རཱཏ་མངའ་སྡེའི་

92


ནང་གི་ཡུལ་ཝཱ་ལཱ་བྷི་ (Valabhi) རུ་ཕྱོགས་བསྡུས་ཀྱིས་ཡི་གེར་ཕབ་པ་ཞིག་ཡིན།

རྒྱ་གར་གྱི་ལོ་

དགེ་འདུན།

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་མཧཱ་ཝཱིར་གཉིས་ཀྱིས་རྣམ་དག་

གི་ཆོས་པ་ཞིག་ཡིན་ཚེ། ཁྱིམ་ནི་སྤང་བྱ་ཡིན་པར་ངོས་འཛིན་བྱེད་དགོས་

པའི་དགོངས་ཚུལ་གཅིག་མཚུངས་གསུངས། ཁོང་གཉིས་ཀྱིས་ཁྱིམ་སྤངས་ པའི་དགེ་འདུན་གྱི་སྡེ་རྣམས་གནས་གཅིག་ཏུ་གནས་ཐབས་བསྟན་ཡོད།

ནང་པ་སངས་རྒྱས་པའི་དགེ་འདུན་པ་ཚོས་བསྲུང་བྱའི་སྡོམ་ཁྲིམས་རྣམས་

ནི་འདུལ་བའི་སྡེ་སྣོད་

(Vinaya Pitaka)

ནང་དུ་འཁོད་ཡོད་ཅིང་། དེའི་ནང་

སྐྱེས་པ་དང་བུད་མེད་རྣམས་ཆོས་སྒོར་ཞུགས་ཚུལ་སོ་སོར་བསྟན་ཡོད་

དཔེ་རིས། ༡༡་༩ ཐེག་དམན་ནང་བསྟན་པའི་དགེ་འདུན་པ།

པས། སྐྱེ་བོ་ཕོ་མོ་ཚང་མས་དགེ་ཚུལ་གྱི་སྡོམ་པ་ལེན་ཆོག འོན་ཀྱང་བྱིས་ པ་རྣམས་ཆོས་སྒོར་ཞུགས་ཚེ་ཕ་མའི་བཀའ་འཁྲོལ་འཐོབ་དགོས་པ་དང་།

གཡོག་རྣམས་ལ་ནི་སྦྱིན་བདག་གི་གནང་བ་འཐོབ་དགོས། རྒྱལ་པོ་ཞིག་ གི་མངའ་ཞབས་སུ་གཏོགས་མཁན་ཞིག་ཡིན་ཚེ་རྒྱལ་པོའི་བཀའ་འཁྲོལ་

འཐོབ་དགོས། བུ་ལོན་ཡོད་མཁན་ཞིག་ཡིན་ཚེ་བུན་བདག་གི་ཆོག་མཆན་ འཐོབ་དགོས། བུད་མེད་རིགས་ཡིན་ཚེ་སོ་སོའི་ཁྱོ་བོའི་ཆོག་མཆན་འཐོབ་ དགོས།

སྐྱེས་པ་དང་བུད་མེད་རྣམས་ཀྱིས་དགེ་ཚུལ་གྱི་སྡོམ་པ་བླངས་རྗེས། ཁྱིམ་

གྱི་ལོངས་སྤྱོད་དོར་ཏེ་འཚོ་བ་སྟབས་བདེ་ལ་བརྟེན་ནས། དུས་ཚོད་མང་

ཆེ ་ བ་སྒོ མ ་ཉམས་ལེ ན ་སོ ག ས་ཀྱི ་ ཆེ ད ་གཏོ ང ་དགོ ས ་པ་དང་། སྐབས་

འགར་དུས་ངེས་ཅན་རེར་གྲོང་དང་གྲོང་ཁྱེར་སོགས་སུ་ཟས་བསོད་སྙོམས་ ཞུ་བར་འགྲོ་དགོས། དེར་བརྟེན་ཁོང་ཚོར་བྷིཀྐུ

འབོད།

(Bhikkhus)

བྱ་བཏང་བ་ཞེས་

93

དཔེ་རིས། ༡༡་༡༠ ཐེག་ཆེན་ནང་བསྟན་པའི་དགེ་འདུན་པ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

དགོན་སྡེ།

ཐོ ག ་མར་ནང་པ་སངས་རྒྱས་པ་དང་གཅེ ར ་བུ་པའི ་ དགེ ་ འདུན་པ་ཚོ ་

གནས་ངེས་མེད་དུ་ཡུལ་གཅིག་ནས་གཅིག་ལ་ཕེབས་ཏེ་ཆོས་གསུང་གི་

ཡོད། འགྲུལ་བཞུད་བྱེད་དཀའ་བའི་ཆར་དུས་སུ་རེ་ཞིག་དབྱར་གནས་ལ་

བཞུགས་ཀྱི་ཡོད། སྐབས་དེ་འདྲ་ལ་མི་ཚོས་དགེ་འདུན་པ་རྣམས་གནས་ དཔེ་རིས། ༡༡་༡༡ ནཱ་ལནྡཱ་ཡི་དགོན་ཤུལ།

སྐབས་རིང་བཞུགས་སར་གླིང་ག་སོགས་ཀྱི་ནང་དུ་སྡོད་ཁང་གི་མཐུན་ རྐྱེན་སྦྱོར་གྱི་ཡོད་ལ། སྐབས་འགར་རི་ཁྲོད་ཀྱི་བྲག་ཕུག་ནང་ལའང་གནས་

སྡོད་བྱེད་ཀྱི་ཡོད། དེ་ལྟར་དུས་ཡུན་གང་འཚམས་འགོར་རྗེས། དགེ་ འདུན་པ་དང་བཙུན་མ་ཚོར་འཚོ་བ་སྦྱོར་མཁན་རྣམས་དང་། ཁོ་རང་ཚོའི་

ངོས་ནས་གཏན་སྡོད་བྱེད་ས་ཞིག་ཡོད་ན་ལེགས་པར་སྙམ་སྟེ་དགོན་པ་

འཛུགས་སྐྲུན་བྱས་པ་རེད། ཐོག་མར་དགོན་པ་དེ་རིགས་ཤིང་གིས་བྱས་པ་

དཔེ་རིས། ༡༡་༡༢ ལོ་ཉིས་སྟོང་གི་ལོ་རྒྱུས་ལྡན་པའི་གཅེར་བུ་ པའི་ཀུལ་པཱཀ་ཇཱི་ལྷ་ཁང་། (Kulpakji Temple)

དང་། དེ་རྗེས་སོ་ཕག་སོགས་ཀྱིས་བྱས་ལ། རྒྱ་གར་གྱི་ལྷོ་ཕྱོགས་ས་ཁུལ་ སོགས་སུ་རི་ཁྲོད་དུ་བྲག་བརྐོས་ཏེ་བྲག་ཕུག་གིས་དགོན་པ་བྱས་པའང་ མང་པོ་ཡོད།

དགོན་པ་སོགས་བཞེངས་ཡུལ་གྱི་ས་ཆ་ནི་འབྱོར་ལྡན་གྱི་ཚོང་པ་དང་། ས་ བདག ཡུལ་གྱི་རྒྱལ་པོ་སོགས་ཀྱིས་སྦྱིན་བདག་བྱེད་ཀྱི་ཡོད། ས་གནས་ མི་མང་ཚོས་དགེ་འདུན་པ་དང་བཙུན་མ་ཚོ་ལ་ཟས་དང་། གོས། སྨན་

སོགས་འབུལ་གྱི་ཡོད་ལ། དེའི་ལན་དུ་ཁོང་ཚོས་ཡུལ་མི་ཚོར་ཆོས་གསུང་ གི་ཡོད། དུས་རབས་མང་པོ་ཞིག་གི་རིང་ནང་པ་སངས་རྒྱས་པའི་ཆོས་ནི་

རྒྱ་གར་གྱི་ཡུལ་གྲུ་མང་པོར་དར་ཁྱབ་བྱུང་བ་མ་ཟད། རྒྱ་གར་མ་ཡིན་པའི་ ཡུལ་ལུང་གཞན་མང་པོ་ཞིག་ལའང་དར་ཁྱབ་བྱུང་ཡོད། །

94


རྒྱ་གར་གྱི་ལོ་

སྦྱོང་ཚན།

དང་པོ། འགྲིག་མིན་རྟགས་རྒྱོབ། ༡།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཞན་ལ་འཚེ་བ་མ་བྱེད་གསུངས།

༣།

སངས་རྒྱས་ཀྱིས་ལས་འབྲས་ནི་ང་ཚོའི་མི་ཚེ་དང་འབྲེལ་བ་མེད་པར་གསུངས།

༢།

༤། ༥།

གཉིས་པ། ༡།

༢།

ཡུལ་ཝཱ་རཱ་ཎ་སཱི་ནི་སངས་རྒྱས་ཀྱིས་ཆོས་ཐོག་མར་གསུང་ས་རེད།

སངས་རྒྱས་བཅོམ་ལྡན་འདས་ནི་གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ་རེད།

གཅེར་པུ་བའི་གྲུབ་མཐའ་ལ་ཞུགས་མཁན་ཚོས་སྲོག་ལྡན་གཞན་ལ་འཚེ་བའི་ལས་མི་བྱེད་པའི་ཚུལ་ཁྲིམས་བརྟན་པོ་སྲུང་ དགོས།

ལན་མདོར་བསྡུས་རེ་བྲིས།

སངས་རྒྱས་བཅོམ་ལྡན་འདས་ཡུལ་གང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རེད་དམ། རྒྱ་གར་དུ་ནང་ཆོས་དང་དུས་མཉམ་དུ་དར་བའི་ཆོས་ལུགས་གང་དག་ཡིན་ནམ།

༣། སྔ་མོའི་དུས་སུ་ལྟ་གྲུབ་སྣ་ཚོགས་དར་བའི་རྒྱུ་མཚན་ཅི་ཡིན་ནམ། ༤།

ཨུ་པ་ནིཤྡའི་དོན་གང་ཡིན་ནམ།

༡།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནང་པའི་ཆོས་དར་སྤེལ་གནང་བའི་སྐོར་ལ་གྲོས་སྡུར་བྱོས།

གསུམ་པ། གྲོས་སྡུར་བྱ་རྒྱུ། ༢། ༣།

སྐབས་དེར་ཡུལ་གྱི་ཚོང་པ་དང་། ས་བདག རྒྱལ་པོ། མངའ་འབངས་སོགས་ཀྱིས་དགེ་འདུན་གྱི་སྡེ་ལ་ལྟ་སྟངས་ཅི་འདྲ་ཡོད་ པའི་སྐོར་གྲོས་སྡུར་བྱོས།

དགོན་པ་ནི་ཐོག་མ་ནས་ཡོད་པ་ཞིག་ཡིན་ནམ། ཡང་ན། ཕྱིས་སུ་བྱུང་བ་ཞིག་ཡིན་སོགས་དགོན་པ་བྱུང་ཚུལ་གྱི་སྐོར་ལ་

གྲོས་སྡུར་བྱོས།

95


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། བཞི་པ། བྱེད་སྒོ། ༡།

རང་ངོས་ནས་བཙལ་ཏེ་སྐོང་དགོས།

ཆོས་ལུགས།

སྲོལ་གཏོད་མཁན།

ནང་པ།

མུ་སྟེགས་པ། གཅེར་པུ་བ།

ཡི་ཤུ།

ཁ་ཆེ།

བྱུང་དུས།

བྱུང་ཡུལ།

མཐར་ཐུག་གི་དགོངས་པ།

༢། སློབ་ཕྲུག་རྣམས་སྡེ་ཚན་གཉིས་སུ་བགོས་ཏེ་གཤམ་གྱི་བརྗོད་གཞི་ཁག་གཉིས་ཐོག་བགྲོ་གླེང་བྱེད་དགོས། ཀ

ཁ།

ཆོག་ཤེས་མེད་ན་བདེ་སྐྱིད་མེད།

བདེ་སྐྱིད་ཀྱི་རྩ་བ་སེམས་ལ་ཐུག །

96


༡༢

དམག་འཁྲུག་གི་ལས་སྤངས་པའི་

རྒྱ་གར་གྱི་ལོ་

ཆོས་རྒྱལ་མྱ་ངན་མེད།

༄༅། །རྒྱ་གར་གྱི་དངུལ་ལོར་དང་ཊམ་ཀའི་ངོས་སུ་ཡོད་པའི་སེངྒེའི་རི་མོ་དེ་ཁྱེད་ཀྱིས་མཐོང་མྱོང་ཡོད་དམ། སེངྒེའི་

རི་མོ་དེ་ནི་རྡོ་ཡི་ངོས་སུ་བརྐོས་ཡོད་ལ། སཱར་ནཱ་ཐ་རུ་ཡོད་པའི་རྡོ་ཡི་ཀ་བ་ཆེན་པོ་ཞིག་གི་སྟེང་དུའང་ཡོད། སེངྒེའི་རི་མོ་ དེ་ནི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན།

ཨ་ཤོ་ཀ་ (Ashoka) ནི་ལོ་རྒྱུས་ནང་ཆེས་སྙན་གྲགས་ཆེ་བའི་ས་སྐྱོང་རིམ་བྱོན་ནང་གི་གཅིག་ཡིན་པ་དང་། ཁོང་གི་བཀའ་

ཡིག་རྣམས་ཀ་བ་དང་བྲག་ངོས་སུ་བརྐོས་ཡོད། ང་ཚོས་བཀའ་ཡིག་བརྐོས་པའི་བྱང་བུ་དག་གི་ནང་ཅི་ཞིག་འཁོད་ཡོད་ པ་མ་བཀླགས་གོང་། ཁོང་གི་རྒྱལ་སྲིད་ལ་གོང་མའི་མངའ་ཐང་ཞེས་གྲགས་དོན་ཅི་ཡིན་ཤེས་ཐབས་བྱེད་ཀྱི་ཡིན།

བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་དག་གི་ནང་ཨ་ཤོ་ཀ་ཡི་མཚན་ལ་ཆོས་རྒྱལ་མྱ་ངན་མེད་ཅེས་བྲིས་ཡོད། ཆོས་རྒྱལ་མྱ་

ངན་མེད་ཀྱིས་བསྐྱངས་པའི་རྒྱལ་སྲིད་ཀྱི་མངའ་ཐང་ཆེན་པོ་དེ་ནི་ལོ་ངོ་ ༢༣༠༠ ལྷག་གི་སྔོན་ལ་ཁོང་གི་མེས་པོ་མཽརྱའི་ རྒྱལ་པོ་ཟླ་བ་སྦས་པས་(ཙནྡྲ་གུཔྟ་མཽརྱ་) (Chandragupta Maurya) བཙུགས་པ་ཡིན།

རྒྱལ་རྒྱུད།

རྒྱལ་སྲིད་འཛིན་སྐྱོང་གི་ལས་དེ་ཁྱིམ་ཚང་གཅིག་གི་མི་རྒྱུད་ཀྱིས་རྒྱུན་འཛིན་བྱེད་པ་ལ་རྒྱལ་རྒྱུད་ཟེར། མཽརྱ་ནི་རྒྱལ་

རྒྱུད་ཅིག་ཡིན་ལ། རྒྱལ་རྒྱུད་དེ་ནི་རྒྱལ་སྲིད་སྐྱོང་མཁན་གཙོ་བོ་ཟླ་བ་སྦས་པ་ (Chandragupta) དང་། ཁོང་གི་སྲས་བིན་དུ་ སཱ་རཱ་ (Bindusara) དང་། དེའི་སྲས་ཆོས་རྒྱལ་མྱ་ངན་མེད་གསུམ་གྱིས་གྲུབ་པ་ཞིག་ཡིན།

གོང་མའི་མངའ་ཐང་ཆེན་པོ་དེའི་ཁོངས་སུ་པཊ་ལི་པུཏྲ་

(Patliputra)

དང་། རྡོ་འཇོག་

(Taxila)

ཨུཇཻྗན་

(Ujjain)

བཅས་

གྲོང་ཁྱེར་ཆེ་ཁག་ཁ་ཤས་ཡོད་པ་དང་། གྲོང་ཁྱེར་རྡོ་འཇོག་ནི་དབུས་ཨེ་ཤི་ཡ་དང་ནུབ་བྱང་ཕྱོགས་སུ་སྐྱོད་ལམ་(པཱ་ ཀིསྟཱན།)དུ་ཁེལ་ཡོད། ཨུཇཻྗན་ནི་རྒྱ་གར་གྱི་བྱང་ནས་ལྷོ་ཕྱོགས་སུ་སྐྱོད་པའི་ལམ་ཁར་ཆགས་ཡོད་ལ། ཚོང་པ་དང་།

གཞུང་གི་ལས་བྱེད། ལག་ཤེས་བཟོ་པ་སོགས་གྲོང་ཁྱེར་འདི་དག་གི་ནང་བསྡད་ཡོད།

97


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ས་ཁུལ་གཞན་དུ་ཡོད་པའི་གྲོང་སྡེ་ཁག་ནང་ཞིང་ལས་གཉེར་མཁན་དང་

ཕྱུགས་ལས་གཉེར་མཁན་ཡོད་པ་དང་། རྒྱ་གར་གྱི་དབུས་ལྟ་བུའི་ས་ཁུལ་

ཁ་ཤས་སུ་ནགས་ཚལ་ཡོ ད ་པས། དེ ར ་གནས་སྡོ ད ་བྱེ ད ་པའི ་ མི ་ ཚོ ས ་

ནགས་ལས་ཐོན་སྐྱེད་གཉེར་བ་དང་རི་དྭགས་རྔོན་ཏེ་འཚོ་ཐབས་སྐྱེལ་གྱི་

ཡོད། གོང་མའི་མངའ་ཐང་ཆེན་པོ་དེའི་ཁོངས་སུ་གཏོགས་པའི་ཡུལ་ལུང་སོ་

སོའི་མི་རྣམས་ཀྱི་སྐད་དང་། བཟའ་བཏུང་། ཆས་གོས། གོམས་སྲོལ་སོགས་ ཀྱང་འདྲ་མིན་སྣ་ཚོགས་ཡོད།

གོང་མའི་མངའ་ཐང་དང་རྒྱལ་པོའི་མངའ་ཐང་དབར་གྱི་ཁྱད་པར།

དཔེ་རིས། ༡༢་༡ ཨ་ཤོ་ཀ་རྡོ་རིང་།

གོ ང ་མའི ་ མངའ་ཐང་དང་རྒྱལ་པོ འི ་ མངའ་ཐང་གཉི ས ་ལས་གོ ང ་མའི ་

མངའ་ཐང་ཆེ ་ བར་བརྟེན། ཐོ ན ་ཁུངས་དང་མངའ་ཐང་སྲུང་སྐྱོབ་ཆེ ད ་ དམག་དཔུང་ཡང་འབོར་ཆེན་དགོས་པ་མ་ཟད། གོང་མའི་མངའ་ཐང་ཧ་ ཅང་ཆེ ན ་པོ ་ ཡོ ད ་སྟབས་ཁྲལ་བསྡུ་དཔོ ན ་རི ག ས་ཀྱང་རྒྱལ་པོ འི ་ མངའ་ ཁོངས་ལས་མང་བ་དགོས།

གོང་མས་མངའ་ཐང་བསྐྱངས་ཚུལ།

གོང་མའི་མངའ་ཐང་ཧ་ཅང་རྒྱ་ཆེན་པོ་ཡོད་པས། མངའ་ཁུལ་སོ་སོར་འཛིན་

སྐྱོང་བྱེད་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཡོད། པཊ་ལི་པུཏྲ་ནི་གོང་མའི་ཐད་

སྐྱོང་འོག་ལ་ཡོད། པཊ་ལི་པུཏྲ་ས་ཁུལ་གྱི་གྲོང་དང་གྲོང་རྡལ་སོགས་སུ་དཔྱ་ དཔེ་རིས། ༡༢་༢ ཨ་ཤོ་ཀའི་བཀའ་ཡིག་རྡོ་བརྐོས།

ཚིག་ གསར།

རྡོ་ཡི་ཀ་བ།-Stone Pillar རྒྱལ་སྲིད།-Kingdom གོང་མ།-Emperor ཕོ་ཉ།-Messenger

ཕེབས་བྱམས།-Palanquin

ཁྲལ་སྡུད་མཁན་ལས་བྱེད་མང་པོ་བསྐོས་ཏེ། ཕོགས་ཐོབ་ཀྱང་སྤྲོད་ཀྱི་ཡོད།

ཁྲལ་སྡུད་ལས་བྱེད་ཚོས་མི་མང་ནང་གོང་རིམ་གྱི་བཀའ་ལ་མི་རྩི་མཁན་

ཡོད་ཚེ་ཉེས་ཆད་ཀྱང་གཅོད་ཀྱི་ཡོད། ཡུལ་ཕན་ཚུན་དབར་ཕོ་ཉ་འགྲོ་འོང་

དང་། གཞུང་གི་ལས་བྱེད་ཚོར་གསང་བའི་སྒོ་ནས་ལྟ་རྟོག་བྱེད་མཁན་ཡང་ ཡོད། གོང་མ་ཆེན་པོས་ནི་བཀའ་ཡི་བློན་ཆེན་བགྲེས་པ་ཚོ་དང་ཁོང་གི་

འཁོར་ཚོགས་ལྷན་དུ་མངའ་ཐང་སྤྱི་ཁྱབ་ལ་གཟིགས་སྐྱོང་གནང་གི་ཡོད།

98


གཞན་ད་དུང་རྡོ་འཇོག་དང་ཨུཇཻྗན་སོགས་རང་སྐྱོང་ས་

ཁུལ་ཡང་མང་པོ་ཡོད། གོང་རིམ་ནས་ས་ཁུལ་དེ་རིགས་

ལ་རྒྱལ་པོའི་སྲས་སོགས་གཞུང་དོན་བསྒྲུབ་པར་བཏང་ སྟེ་འཛིན་སྐྱོང་བྱེད་ཀྱི་ཡོད་ནའང་། ས་ཁུལ་སོ་སོའི་

ཡུལ་སྲོལ་གོམས་གཤིས་ལ་འགྱུར་ལྡོག་གཏོང་གི་མེད།

རྒྱ་གར་གྱི་ལོ་

མཆན་ འགྲེལ།

སྐྱི་གཡའ་བ། འཇིགས་སྐྲག་སྐབས་ལུས་ཀྱི་སྤུ་ལྡང་། ཤ་ལྤགས་སྦྲིད་པ་ལྟར་འགྱུར་བ་ལ་ཟེར།

ལྕོག་མཁར། མཁར་གྱི་རྩིག་པའི་སྟེང་དང་ཁང་པའི་ ཡང་སྟེང་དུ་ཡོད་པའི་ཁང་ཆུང་།

གྲོང་ཁྱེར་ལྟེ་བར་གྱུར་པའི་ས་ཁུལ་འདི་དག་དབར་གྱི་ས་ཁྱོན་ཧ་ཅང་རྒྱ་ཆེན་པོ་ཡོད། མཽརྱའི་རྒྱལ་པོ་ཚོས་གཞུང་ལམ་

དང་གཙང་པོའི་རྒྱུད་ཀྱི་ས་ཁུལ་རྣམས་དབང་འོག་ཏུ་བསྡུ་བར་འབད་བརྩོན་བྱས་ཡོད། དེ་ལྟར་བྱེད་དོན་ནི་སྐབས་དེར་

གཙང་པོ་དང་གཞུང་ལམ་ནི་དངོས་ཟོག་དབོར་འདྲེན་དང་། དཔྱ་ཁྲལ་སོགས་བསྡུ་བར་སྤྱོད་སྒོ་ཆེན་པོ་ཡོད་པས་ཡིན།

སྐབས་དེར་བསྡུ་བའི་ཁྲལ་དང་འབུལ་བའི་ལེགས་སྐྱེས་སོགས་གཙོ་བོ་ནི། གསེར་དང་། རྡོ་རྩ་ཆེན་རིགས། གླང་ཆེན།

སྦྲང་རྩི། ཤིང་ཆ། ལ་ཆ་སོགས་ཡིན།

གོང་མ་དང་གྲོང་ཁྱེར་པཊ་ལི་པུཏྲ།

ཨེ་ཤི་ཡའི་ནུབ་རྒྱུད་དུ་ཡོད་པའི་གྷི་རིག་ཡུལ་ལུང་གི་རྒྱལ་པོ་ནི་ཀཱ་ཊར་ (Nicator) གྱིས་མངགས་པའི་གཞུང་ཚབ་མེ་

གྷཱ་ས་ཐེན་ས་ (Megasthenes) ཞེས་པས་སྐབས་དེའི་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། “གོང་མ་ཕོ་བྲང་གི་ཕྱི་ལ་ ཕེབས་པའི་མཛད་སྒོའི་རྣམ་པ་དེ་ཧ་ཅང་རྒྱས་སྤྲོས་ཆེ། གོང་མ་གསེར་གྱི་འགྱོགས་བྱམས་ཤིག་གི་ནང་ཕེབས་པ་དང་།

སྐུ་སྲུང་ཚོ་གསེར་དང་དངུལ་གྱི་རྒྱན་ཆ་ལེགས་པར་སྤྲས་པའི་གླང་པོ་ཆེ་ལ་བཞོན། སྐུ་སྲུང་ཁ་ཤས་ཀྱིས་སྦྱོང་བརྡར་ སྤྲད་པའི་ནེ་ཙོའི་ཁྱུ་དང་བྱིའུ་འཁོར་བའི་ཤིང་སྡོང་རིགས་འཁྱེར། ནེ་ཙོའི་ཁྱུ་དེས་གོང་མའི་དབུ་ཐད་དུ་ལྡིང་སྐོར་རྒྱག

གོང་མ་ལྐོག་གསོད་བྱ་བར་དོགས་ཟོན་གྱིས་ཁོང་གི་མཐའ་འཁོར་རྣམས་དྲག་ཆས་སྤྲས་པའི་བུད་མེད་ཀྱིས་བསྐོར་

ཡོད། ད་དུང་ཞལ་ཟས་མཆོད་སྐབས་གོང་མས་མ་མཆོད་སྔོན་ལ་ཟས་ཀྱི་དུག་སེལ་ཞུ་མཁན་གྱི་དམིགས་བསལ་ ཞབས་གཡོག་ཀྱང་འདུག བདེ་འཇགས་ཀྱི་ཆེད་དུ་གོང་མ་ཁོང་གཟིམ་ཁང་གཅིག་གི་ནང་མཚན་གཉིས་རིང་མུ་མཐུད་

གཟིམ་གྱི་མེད་པར་མཚན་རེ་བཞིན་གཟིམ་ས་བརྗེ་བཞིན་ཡོད།”

ད་དུང་ཁོང་གིས་གྲོང་ཁྱེར་པཊ་ལི་པུཏྲ་ཡི་སྐོར་ལ་བྲིས་དོན། “གྲོང་ཁྱེར་དེ་ནི་རྒྱ་ཆེ་ཞིང་ཡིད་དུ་འོང་བ་ཞིག་རེད། དེའི་ མཐའ་རྣམས་བརྗིད་ཅིང་སྟུག་པའི་རྩིག་པ་ཡིས་བསྐོར་ཡོད་པ་དང་། དེ་རུ་ལྕོག་མཁར་ ༥༧༠ དང་རྒྱལ་སྒོ་ ༦༤ ཡོད།

ཁང་པ་ཉིས་བརྩེགས་དང་སུམ་བརྩེགས་ཅན་ཤིང་དང་སོ་ཕག་གིས་བྱས་ཡོད་པ་དང་། གོང་མའི་ཕོ་བྲང་ཡང་ཤིང་དང་

བརྐོས་ཡིག་ཀྱིས་ལེགས་པར་བརྒྱན་པའི་རྡོ་ཡིས་བསྐྲུན་ཡོད། ཕོ་བྲང་གི་མཐའ་འཁོར་ཀུན་སྐྱེད་ཚལ་གྱིས་བསྐོར་ཡོད་

99


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

པ་དང་། བྱ་བྱིའུ་རིགས་ཉར་ཆེད་ར་སྐོར་ཡང་ཡོད།”

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀ་ལིངྒའི་ཡུལ་དུ་དམག་དྲངས་པ།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀ་ལིངྒའི་ཡུལ་མངའ་འོག་ལ་འཇུག་པར་དམག་དྲངས་པ་རེད། འོན་ཀྱང་། ཁོང་གིས་དྲག་

པོའི་དམག་འཁྲུག་དང་། མི་མང་པོའི་ཚེ་སྲོག་ཤོར་བའི་ཟུངས་ཁྲག་གི་བཞུར་རྒྱུན་སྐྱི་གཡའ་བ་དེ་མཐོང་བས། དུས་

དེ་ནས་བཟུང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་བློ་ཐག་བཅད། ཁོང་ནི་འཛམ་གླིང་ལོ་རྒྱུས་ནང་དམག་འཁྲུག་ལ་

རྒྱལ་ཁ་ཐོབ་རྗེས་དམག་འཁྲུག་གི་ལས་ཡོངས་སུ་སྤངས་པའི་རྒྱལ་པོ་གཅིག་པུ་དེ་ཡིན་པ་རེད།

ཀ་ལིངྒ་ཡི་དམག་འཁྲུག་སྐོར་བྲིས་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག

༄༅། །ང་རང་རྒྱལ་པོར་གྱུར་ནས་ལོ་བརྒྱད་ཀྱི་རྗེས་སུ་ཀ་ལིངྒ་ཡི་ཡུལ་མངའ་འོག་ལ་བཅུག་པ་ཡིན། མི་འབུམ་ གཅིག་དང་ཕྱེད་འཛིན་བཟུང་བྱས་ཤིང་། མི་འབུམ་གཅིག་ལྷག་གི་སྲོག་བཅད་ཡོད། གནད་དོན་འདིས་ངའི་ཡིད་

སེམས་སྐྱོ་གདུང་གིས་མནར་བྱུང་། གང་ཡིན་ཞེ་ན། དུས་རྒྱུན་རང་དབང་ལྡན་པའི་ཡུལ་ལུང་ཞིག་མངའ་འོག་ཏུ་

སྡུད་སྐབས། མི་འབུམ་ཕྲག་མང་པོའི་སྲོག་ཤོར་དགོས་པ་དང་། མང་པོ་ཞིག་བཙོན་དུ་འཇུག་དགོས། བྲམ་ཟེ་དང་ དགེ་འདུན་པ་མང་པོ་ཞིག་གི་སྐུ་སྲོག་ཀྱང་འཆོར་ངེས་ལ། རང་གི་ཕ་མ་དང་། སྤུན་ཉེ། གྲོགས་པོ། གཡོག་པོ་སོགས་ བསམ་པ་དཀར་བའི་མི་མང་པོ་ཞིག་གི་སྲོག་ཀྱང་འཆོར་གྱི་འདུག དེར་བརྟེན་ངའི་སེམས་པ་སྐྱོ་བས་མནར་ཏེ། རང་

ཉིད་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་སུ་ལེན་རྒྱུ་དང་། གཞན་ལའང་དེའི་དོན་འདོམས་པར་བྱེད་

རྒྱུའི་བློ་ཐག་བཅད་པ་ཡིན། ང་ལ་གཞན་དག་བཙན་འཛུལ་གྱིས་མངའ་འོག་ལ་འཇུག་ཐབས་བྱེད་པ་ལས་གཞན་གྱི་ བློ་ཁ་ཆོས་ལ་བསྒྱུར་ན་ལེགས་པའི་ངེས་ཤེས་སྐྱེས་བྱུང་། ངས་འདི་ལྟར་ཡི་གེར་བཀོད་པ་ན། མ་འོངས་པར་ངའི་བུ་ རབས་ཚ་རྒྱུད་ཚོས་དམག་འཁྲུག་ལ་བློ་མི་འཁོར་བར། ཆོས་སྤེལ་ཐབས་གང་དགེ་ལ་འབད་པ་བྱེད་བར་ཕན་ཐོགས་ འབྱུང་ངེས།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམས་སུ་བླངས་པའི་ཆོས་ནི་ཅི་ཞིག་ཡིན་ནམ།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམས་སུ་བླངས་པའི་ཆོས་ནི་ལྷ་ལ་ཕྱག་མཆོད་བྱེད་རྒྱུའམ་དམར་མཆོད་ཀྱི་ཆོ་ག་བསྒྲུབ་

རྒྱུ་སོགས་གང་ཡང་མ་ཡིན། ཁོང་གི་ཐུགས་སུ་ཕ་ཞིག་གིས་རང་གི་བུ་ཕྲུག་ཚོ་ལ་ལམ་སྟོན་བྱེད་པ་བཞིན། རང་ཉིད་

ལ་མངའ་འོག་གི་འབངས་མི་ཚོར་སློབ་སྟོན་གནང་རྒྱུའི་འགན་ཡོད་པར་དགོངས་ཀྱི་ཡོད་ལ། སངས་རྒྱས་བཅོམ་ལྡན་

100


རྒྱ་གར་གྱི་ལོ་

དཔེ་རིས། ༡༢་༣ ཨ་ཤོ་ཀ་ཕོ་བྲང་གི་ཕྱི་ལ་ཕེབས་པའི་རྣམ་པ་ཡི་རྡོ་བརྐོས།

འདས་ཀྱི་གསུང་གིས་གཞན་ལ་ཕན་པའི་ལས་བསྒྲུབ་འདོད་ཀྱི་ཐུགས་སྤོབས་རྒྱས་པར་མཛད།

ཁོང་གིས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་བྱུང་། གོང་མའི་མངའ་འབངས་ཚོས་ཆོས་ལུགས་མི་ འདྲ་བ་སྣ་ཚོགས་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། སྐབས་འགར་དེའི་རྐྱེན་གྱིས་རྙོག་གྲ་ཡང་ཡོང་གི་ཡོད། ཁ་ཤས་

ཀྱིས་སེམས་ཅན་བསད་དེ་དམར་མཆོད་བྱེད་པ་དང་། ཁ་ཤས་ཀྱིས་རང་གི་གཡོག་རྣམས་ལ་ཚད་ལས་བརྒལ་བའི་ མནར་གཅོད་གཏོང་བ་དང་། མཚམས་རེར་ནང་མི་ཁྱིམ་མཚེས་དབར་འཁྲུག་རྩོད་ཀྱང་ཤོར་གྱི་ཡོད། ཆོས་རྒྱལ་མྱ་

ངན་མེད་ཀྱི་ཐུགས་ལ་རྩོད་རྙོག་དང་དཀའ་ངལ་དེ་རིགས་སེལ་ཐབས་བྱེད་རྒྱུ་ནི་རང་གི་ལས་འགན་ཡིན་པར་དགོངས།

དེར་བརྟེན་ཁོང་ས་གནས་གཅིག་ནས་གཅིག་ལ་ཕེབས་ཏེ་འབངས་རྣམས་ལ་ཆོས་ཀྱི་དོན་ལེགས་པར་འཆད་པའི་ལས་

བྱེད་བསྐོ་འཛུགས་གནང་བ་མ་ཟད། ཁོང་གི་བཀའ་ཡིག་རྣམས་བྲག་རྡོ་དང་ཀ་བའི་ངོས་སུ་བརྐོས་ཏེ་ཡི་གེ་ཀློག་མི་

ཤེས་པའི་འབངས་མི་ཚོར་ལས་བྱེད་ཚོས་བཀླག་དགོས་པའི་བཀའ་ཁྱབ་གནང་།

ད་དུང་ཁོང་གིས་སངས་རྒྱས་ཀྱི་ཆོས་དེ་སི་རི་ཡཱ་དང་། ཨི་ཇིབ། གྷི་རཱིས། ཤྲི་ལངྐཱ་སོགས་ཡུལ་ལུང་གཞན་དག་ཏུ་སྤེལ་

དགོས་པའི་བཀའ་མངགས་དང་བཅས་ཕོ་ཉ་རྣམས་ཡུལ་ཕྱོགས་སོ་སོར་བཏང་། ཁོང་གིས་འབངས་ཀྱི་ཕན་བདེའི་ཆེད་ གཞུང་ལམ་བསྐྲུན་པ་དང་། ཁྲོན་པ་འབྲུ་བ། ངལ་གསོ་ཁང་རྒྱག་པ་སོགས་བྱས་པ་མ་ཟད། འགྲོ་བ་མི་དང་བཅས་པའི་

སེམས་ཅན་རྣམས་ནད་ཀྱིས་མནར་བའི་དཀའ་ངལ་སེལ་ཆེད་སྨན་བཅོས་ཀྱི་མཐུན་རྐྱེན་ཡང་བསྐྲུན་ཏོ།།

101


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཁོང་གི་འཁོར་འབངས་ལ་སྩལ་བའི་བཀའ་ཡིག

༄༅། །མི་ཚོས་རང་ཉིད་ནད་ཀྱིས་མནར་དུས་དང་། རང་ལ་བུ་ཕྲུག་སྐྱེས་པའི་སྐབས་དང་། རང་གི་བུ་ཕྲུག་ཚོས་

གཉེན་སྒྲིག་པའི་སྐབས། ཡང་ན། རང་གིས་རྒྱང་ཐག་རིང་བའི་ཡུལ་ཞིག་ལ་འགྲུལ་བཞུད་བྱེད་པའི་སྐབས་སོགས་

སུ་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྒྲུབ་ཀྱི་ཡོད། འོན་ཀྱང་། ཆོས་ལུགས་ཀྱི་ཆོ་ག་དེ་རིགས་ནི་དེ་ཙམ་གྱིས་ཕན་

རླབས་ཆེན་པོ་མེད། དེའི་ཚབ་ལ་མི་ཚོས་ཉམས་ལེན་གཞན་ཞིག་བྱས་ན་ཕན་འབྲས་ཆེ་བར་མཐོང་། ཉམས་ལེན་

བྱེད་རྒྱུ་གཞན་དེ་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་རང་གི་བྲན་དང་གཡོག་གི་རིགས་ལ་ཡག་པོ་བྱེད་རྒྱུ་དང་། རྒན་པ་

ལ་གུས་ཞབས་བྱེད་རྒྱུ། སེམས་ཅན་ཐམས་ཅད་ལ་བྱམས་སྐྱོང་བྱེད་རྒྱུ། བྲམ་ཟེ་དང་དགེ་འདུན་ལ་སྦྱིན་པ་གཏོང་ རྒྱུ་སོགས་ཡིན་ཞེས་གསུངས་ལ།

རང་གི་ཆོས་ལུགས་ལ་བསྔགས་བརྗོད་བྱེད་པ་དང་། གཞན་གྱི་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་པ་གང་ཡིན་ཡང་དེ་

ནི་ནོར་འཁྲུལ་ཡིན། སུ་འདྲ་ཞིག་ཡིན་ཡང་གཞན་གྱི་ཆོས་ལུགས་ལ་བརྩི་འཇོག་བྱ་དགོས། གལ་ཏེ་མི་ཞིག་གིས་

རང་གི་ཆོས་ལུགས་ལ་བསྔགས་བརྗོད་དང་གཞན་གྱི་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཚེ། དོན་དངོས་སུ་དེ་ ནི་གཞན་གྱི་ཆོས་ལུགས་ལ་ཕོག་ཐུག་ཆེན་པོ་གཏོང་གི་ཡོད། དེར་བརྟེན་སོ་སོས་གཞན་གྱི་ཆོས་ལུགས་ཀྱི་བསྟན་ དོན་རྟོགས་ཐབས་དང་དེར་བརྩི་འཇོག་བྱེད་དགོས། ཞེས་གསུངས།

102


རྒྱ་གར་གྱི་ལོ་

སྦྱོང་ཚན། དང་པོ། འགྲིག་མིན་རྟགས་རྒྱོབ། ༡།

ཆོས་རྒྱལ་མྱ་ངན་མེད་ནི་རྒྱལ་ཕྲན་ཆུང་ཆུང་ཞིག་གི་རྒྱལ་པོ་རེད།

༣།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ནང་པའི་ཆོས་འདི་རྒྱལ་ཁབ་གཞན་མང་པོ་ཞིག་གི་ནང་དུའང་སྤེལ་ཐབས་བྱས་ཡོད།

༢།

༤།

གཉིས་པ།

རྒྱལ་པོ་ཨ་ཤོ་ཀ་ནི་ནང་པའི་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམས་སུ་བླངས་པའི་ཆོས་ནི་ལྷ་ལ་ཕྱག་མཆོད་བྱེད་རྒྱུའམ་དམར་མཆོད་ཀྱི་ཆོ་ག་བསྒྲུབ་རྒྱུ་ སོགས་མིན།

ལན་མདོར་བསྡུས་རེ་བྲིས།

༡།

ཆོས་རྒྱལ་མྱ་ངན་མེད་ཀྱིས་བསྐྱངས་པའི་རྒྱལ་སྲིད་ཆེན་པོ་དེ་ཐོག་མར་འཛུགས་མཁན་སུ་ཡིན་ནམ།

༣།

ཆོས་རྒྱལ་མྱ་ངན་མེད་ཀྱི་བློ་ཁ་ཆོས་ལ་ཕྱོགས་པའི་རྒྱུ་རྐྱེན་གང་ཡིན་ནམ།

༢།

༤།

གསུམ་པ།

ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག་རྣམས་གང་དུ་འཁོད་ཡོད། ཅི་ཞིག་ལ་རྒྱལ་རྒྱུད་ཟེར།

གྲོས་སྡུར་བྱ་རྒྱུ།

༡།

ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱལ་རྒྱུད་བྱུང་ཚུལ་སྐོར་ལ་གྲོས་སྡུར་བྱོས།

༣།

ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡུལ་ཀ་ལིངྒ་ལ་དམག་དྲངས་ཚུལ་དང་དེའི་མཇུག་འབྲས་ཐད་གྲོས་སྡུར་བྱོས།

༢།

༤།

གོང་མ་དང་རྒྱལ་པོའི་མངའ་ཐང་གི་ཁྱད་པར་ལ་གྲོས་སྡུར་བྱོས།

ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག་རྣམས་ཀྱི་སྐོར་ལ་གྲོས་སྡུར་བྱོས།

བཞི་པ། བྱེད་སྒོ།

ཆོས་རྒྱལ་ཨ་ཤོ་ཀའི་ལོ་རྒྱུས་ལ་བལྟས་ཏེ་ཚད་མཐོའི་རིག་རྩལ་ལས་ཤེས་གསུམ་རེའུ་མིག་ཅིག་བཟོས།

103


བོད་ཀྱི་ལོ་རྒྱུས། ༄༅། །ལོ་རྒྱུས་ནི་སྔོན་དུས་སུ་བྱུང་བའི་རང་བྱུང་ཁམས་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་དངོས་

ཡོད་ཀྱི་ལམ་ནས་བཀོད་པ་ཞིག་ལ་ཟེར་ཞིང་། སངས་རྒྱས་ཆོས་ལུགས་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ལ་ཆོས་

འབྱུང་དང་། རྒྱལ་པོའམ་སྲིད་དོན་པའི་བྱུང་བ་བརྗོད་པའི་ལོ་རྒྱུས་ལ་རྒྱལ་རབས། བླ་མའི་བྱུང་བ་བརྗོད་པའི་ལོ་ རྒྱུས་ལ་རྣམ་ཐར། མི་སྐྱ་གྲགས་པ་ཅན་གྱི་མི་ཚེའི་བྱུང་བ་བརྗོད་པ། ད་དུང་གདུང་རབས་དང་། གདན་རབས།

དེབ་ཐེར་སོགས་བྱུང་བ་ནི་ལོ་རྒྱུས་ཀྱི་བྱེ་བྲག་ཡིན་པ་ལས། ལོ་རྒྱུས་ཀྱིས་གང་མཚོན་པར་བྱེད་པའི་དོན་དག་ ཐམས་ཅད་ཐ་སྙད་དེ་དག་གིས་མཚོན་པར་མི་ནུས་སོ། །

"" བོད་ཡུལ་ངོ་སྤྲོད།

"" གནའ་རབས་བོད་མིའི་ཤེས་རིག

"" གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་རབས།


སྟོད་མངའ་རིས་སྐོར་གསུམ།

་མད སྨད

བར་དབུས་གཙང་རུ་བཞི།

ོ་ཁམ

ས་སྒ ང་དྲུ ག

༡༣

བོད་ཡུལ་ངོ་སྤྲོད།

བོད་ཀྱི་ལོ་རྒ

དཔེ་རིས། ༡༣་༡ བོད་ཀྱི་ས་བབ་ཆགས་ཚུལ།

བོད་ཀྱི་སྣོད་བཅུད་ཆགས་ཚུལ།

༄༅། །དེ་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་གསལ་བ་བཞིན།“སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་

ཚུལ། ། བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ། ། སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། ། ཀུན་ཀྱང་ཆུ་ཡི་རྒྱ་མཚོར་ གྱུར་པའི་ནང་། །” ཞེས་བོད་ཀྱི་ཡུལ་འདི་གནའ་སྔ་མོ་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་བཤད་ཡོད་ཅིང་། ཕྱིས་སུ་མཚོ་བྲི་ ནས་རིམ་བཞིན་མདོ་དབུས་མཐོ་སྒང་གི་ཡུལ་ལྗོངས་སུ་གྱུར། ཚན་རིག་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན། ད་ཕན་ཕལ་

ཆེར་ལོ་ངོ་དུང་ཕྱུར་གཉིས་ཀྱི་སྔ་རོལ་དུ་ཁ་བའི་ལྗོངས་འདི་ཆུ་གཏེར་ཆེན་པོ་ཞིག་ཡིན་ལ། ལོ་ས་ཡ་ལྔ་བཅུའི་གོང་དུ་ས་

བབ་མཐོ་རུ་ཕྱིན་པས་སྐམ་ས་ཆེན་པོ་འདི་ཆགས་པར་འདོད། སྐམ་ས་ཆེན་པོ་དེའི་སྟེང་དུས་ཡུན་རིང་པོའི་རིང་ནགས་

ཚལ་དང་སྲོག་ཆགས་སྣ་ཚོགས་བྱུང་མྱོང་ཡོད་ཅིང་། རི་བོ་ཧི་མཱ་ལ་ཡ་ས་སྟེང་ནས་འབུར་དུ་མ་ཐོན་གོང་རྒྱ་གར་ཕྱོགས་

ཀྱི་རྒྱ་མཚོ་ཆེན་པོའི་རླན་གཤེར་དང་དྲོད་རླུང་སོགས་འགོག་པའི་བཀག་རྒྱ་མེད་སྟབས། མདོ་དབུས་མཐོ་སྒང་གི་གནམ་

གཤིས་ཀྱང་དྲོད་གཤེར་གཉིས་ལྡན་ཡིན་པ་དང་། དྲོད་ཁུལ་གྱི་སྐྱེ་དངོས་མང་པོས་ཁྱབ་ཡོད།

105


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

དེ་ནས་རིམ་བཞིན་སའི་གོ་ལའི་འགུལ་སྐྱོད་ཀྱི་དབང་གིས་ཧི་མཱ་ལ་ཡའི་རི་

ཁྱེད་ཀྱིས་ཤེས་སམ་

རྒྱུད་ཇེ་མཐོར་སོང་བས། མདོ་དབུས་མཐོ་སྒང་སྤྱི་དང་། ཁྱད་པར་དབུས་

ང་ཚོ འི ་ ཕ་ཡུལ་གྱི ་ མི ང ་ལ་བོ ད ་ཟེ ར ་ཞི ང ་། གཙང་ས་ཁུལ་སོགས་ཀྱི་རང་བྱུང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། བོད་ནི་འཛམ་གླིང་ནང་ཆེས་མཐོ་བའི་ཡུལ་གྲུ་ ཞིག་ཡིན་པས་འཛམ་གླིང་གི་ཡང་ཐོག་ཅེས་ ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བའི་རྣམ་པ་འདི་ཆགས་པ་མ་ཟད། རྩི་ཤིང་ འབོད། དེའི་མཐའ་སྐོར་དུ་དུས་བཞིར་འགྱུར་ དང་སྲོག་ཆགས་ཀྱི་སྐྱེ་འཕེལ་ལའང་འགྱུར་ལྡོག་ཆེན་པོ་བྱུང་། བ་མེད་པའི་གངས་རིས་བསྐོར་ཡོད་པར་ བརྟེན་བོད་གངས་ཅན་དང་། ཁ་བའི་ལྗོངས། བོད་འདི་སྔར་རྒྱ་མཚོ་ཆེན་པོ་ཞིག་ཡིན་ན་ཕྱིས་སུ་མཚོ་དེ་གང་དུ་ གངས་ལྗོངས་སོགས་ཀྱང་ཟེར།

སོང་ངམ།

ཆུ་བོ་ནི་མཐོ་ས་ནས་དམའ་སར་འབབ་པའི་ཆོས་ཉིད་ལྟར། བོད་མཐོ་སྒང་དེ་རིམ་བཞིན་མཐོ་སར་འཕགས་སྐབས།

དེའི་ཁུལ་གྱི་ཆུ་རྣམས་དམའ་སར་བབས་པ་ཚོད་དཔག་བྱེད་ཐུབ། ལོ་རྒྱུས་མཁས་པ་ཁ་ཅིག་གིས། སྔོན་ཆད་བོད་དེ་

ཆུས་བཀང་ཡོད་ཀྱང་། རྗེས་སུ་ཆུ་དེ་རྣམས་ཀོང་པོ་རྒྱ་ལའི་སེང་གཏམ་ཀོང་ཆུ་བརླག་ཟེར་བའི་རི་བརྟོལ་ཏེ། རྒྱ་གར་ ཨ་སམ་སོགས་བརྒྱུད་ནས་རྒྱ་གར་རྒྱ་མཚོའི་ནང་བབས་པ་ནས་བཟུང་རིམ་བཞིན་སྐམ་ས་དང་ནགས་ཚལ་ཆགས་ པར་གསུངས།

བོད་ཡུལ་དུ་གནའ་སྔ་མོར་ཆུ་ཡིས་ཁེངས་པའི་ཤུལ་རྗེས་ཅི་འདྲ་ཡོད་དམ།

བོད་དེ་ལོ་ངོ་ས་ཡ་མང་པོའི་གོང་དུ་རྒྱ་མཚོའི་གཏིང་དུ་ཡོད་པ་དང་། རིམ་

བཞིན་སྐམ་སའི་རྣམ་པ་ཐོན་ཡོང་བ་ཡིན།

(དཔེ་རིས།༡༣་༢,༡༣་༣,༡༣་༤,༡༣་༥)

རྒྱལ་

ཚིག་གསར།

འགྱུར་རྡོ།-fossil

ཟེགས་རྡོ།- Sedimentary Rock

སྤྱིའི་ཉམས་ཞིབ་པ་ཁག་ཅིག་ལ་བོད་མཐོ་སྒང་གི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་ཚད་མཚོ་ངོས་ལས་ཕུ་ཊི་ཆིག་ཁྲི་ལྔ་ སྟོང་ (༡༥,༠༠༠) གི་མཚམས་སུ་གནམ་གཤིས་དྲོད་ཚད་ཆེ་ཞིང་། རླན་གཤེར་ཆེ་བའི་ས་ཁུལ་ལ་མ་གཏོགས་མེད་པའི་ མཚོའི་ཟེགས་རྡོ་དང་། རྩི་ཤིང་། སེམས་ཅན་གྱི་འགྱུར་རྡོ་སོགས་མང་པོ་ཞིག་གསར་རྙེད་བྱུང་ཡོད།

བོད་ཡུལ་དུ་མི་ཡི་འགྲོ་བ་བྱུང་ཚུལ།

འཇིག་རྟེན་འདིར་མི་ཡི་འགྲོ་བ་བྱུང་ནས་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་ཅིང་། བོད་ཀྱི་ས་ཁུལ་ཤན་ཚ་དང་།

དིང་རི། སྤུ་ཧྲེང་། ནག་ཆུ། ཚྭ་འདམ་གཤོང་། མཚོ་སྔོན་རྟ་ནག་སོགས་ནས་སྲོག་ཆགས་ཀྱི་རུས་པའི་འགྱུར་རྡོ་དང་རྡོ་

ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་སྣ་ཚོགས་ཤིག་རྙེད་སོན་བྱུང་བར་བརྟགས་ན། བོད་ཀྱི་ཡུལ་འདིར་སྲོག་ཆགས་

106


བོད་ཀྱི་ལོ་རྒ ལོ་ས་ཡ་ ༦༥༠

ཨ་རིའི་ས་དཔྱད་མཁས་པ་སེ་ཀོ་ཊེས྄་ (Scotese) ཡིས་སའི་གོ་ལའི་ལོ་རྒྱུས་ལ་ཉམས་ཞིབ་བྱས་པའི་སྙན་ཐོ།

དཔེ་རིས། ༡༣་༢ ལོ་ས་ཡ་ ༦༥༠ གོང་གི་སའི་གོ་ལ།

ལོ་ས་ཡ་ ༢༥༥

བོད།

དཔེ་རིས། ༡༣་༣ ལོ་ས་ཡ་ ༢༥༥ གོང་དུ་བོད་དང་། ཨི་རཱན། ཏུར་ཀི་སོགས་ད་དུང་མཚོ་གཏིང་དུ་ཡོད།

107


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཨ་རིའི་ས་དཔྱད་མཁས་པ་བ་སེ་ཀོ་ཊེས྄་ (Scotese) ཡིས་སའི་གོ་ལའི་ལོ་རྒྱུས་ལ་ཉམས་ཞིབ་བྱས་པའི་སྙན་ཐོ།

ལོ་ས་ཡ་ ༡༩༥

བོད།

དཔེ་རིས། ༡༣་༤ ལོ་ས་ཡ་ ༡༩༥ གོང་དུ་བོད་དང་། ཨི་རཱན། ཏུར་ཀི་སོགས་ས་ངོས་སུ་ཐོན་བཞིན་ཡོད་མོད། དེ་དག་གླིང་ཕྲན་གྱི་རྣམ་པར་གནས་ཡོད།

ལོ་ས་ཡ་ ༥༠-༥༥

བོད།

དཔེ་རིས། ༡༣་༥ ལོ་ས་ཡ་ ༥༠ གོང་དུ་རྒྱ་གར་གྱི་སྐམ་ས་ཨེ་ཤི་ཡ་གླིང་ཆེན་གྱི་ཕྱོགས་སུ་འགུལ་སྐྱོད་བྱས་པ་དང་། མཚོ་བོད་མཐོ་སྒང་དང་ཧི་མཱ་ལ་ཡ་ས་ངོས་སུ་འབུར་དུ་ཐོན་ཡོད།

108


གནས་པ་ནས་ལོ་ངོ་ས་ཡ་ལྷག་ཙམ་འདས་པ་བདེན་དཔང་བྱས་ཡོད། དེ་ལྟར་

བོད་ཀྱི་ལོ་རྒ

ན་འགྲོ་བ་མི་ཡི་རིགས་ཀྱང་དེ་དག་དང་ཧ་ལམ་དུས་མཚུངས་ཙམ་དུ་བྱུང་

ཡོད་པ་ཤེས་ཐུབ། འོན་ཀྱང་ཕྱིས་སུ་དུས་རབས་མི་འདྲ་བར་བོད་མིའི་བྱུང་

ཚུལ་སྐོར་ལ་ཤོད་སྟངས་མི་འདྲ་བ་ཁ་ཤས་བྱུང་ཡོད།

དེ་ལས་རང་ཅག་བོད་དུ་ཡོངས་གྲགས་སུ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་ དང་། མ་བྲག་སྲི ན ་མོ ་ གཉི ས ་ཀྱི ་ བུ་རྒྱུད་ལས་མི འི ་ རི ག ས་འཕེ ལ ་བར་

འདོད། དེ་ཡང་སྤྲེའུ་ཞེས་པ་ནི་སྤྲ་ཆུང་ཆུང་གི་དོན་དང་། བྲག་སྲིན་མོ་ཞེས་

དཔེ་རིས། ༡༣་༦ བོད་ཀྱི་མིའི་རིགས་བྱུང་ཚུལ།

པ་ནི་གནས་ཡུལ་བྲག་ཕུག་ཏུ་བཅས་པ་དང་གདོད་མའི་སྤྲ་མི་ལྟར་སྲོག་

ཆགས་གཞན་གྱི ་ ཤ་ཁྲག་ལ་བརྟེན་ནས་འཚོ ་ བའི ་ སྤྲ་རི ག ས་ཤི ག ་ཡི ན ་ པས། གནས་ས་དང་འཚོ་ཐབས་ལ་བརྟེན་ནས་བྲག་སྲིན་མོ་ཞེས་འབོད་པ་ ལས་འདྲེ་མོའམ་གདོན་འདྲེ་མོ་ཞེས་པའི་དོན་མིན།

དེ་ལྟར་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་ཀྱི་ནགས་ཚལ་དུ་གནས་ཤིང་།

ཤིང་འབྲས་ཟ་བའི་སྤྲ་རིགས་ཆུང་བ་དང་བྲག་ཕུག་ཏུ་སྡོད་ཅིང་སྲོག་ཆགས་

ཀྱི་ཤ་ཁྲག་ལ་རོལ་བའི་སྤྲ་རིགས་ཆེ་བ་གཉིས་ཕན་ཚུན་འདུས་པ་ལས་ཕྲུ་

གུ་རྣམས་རིམ་བཞིན་འཕེལ། ལོ་ངོ་ཁྲི་ཕྲག་དུ་མའི་རིང་སྤྲ་མི་ཚོས་རང་ཉིད་

འཚོ་གནས་ཀྱི་ཆེད་རང་བྱུང་ཁམས་ལ་འཐབ་རྩོད་ཀྱིས་ངལ་རྩོལ་ཡུན་རིང་ བྱས་པར་བརྟེན་རིམ་བཞིན་མིར་གྱུར་པ་དང་། ཁོང་ཚོའི་རྒྱུད་པ་རིམ་བཞིན་

དཔེ་རིས། ༡༣་༧ བོད་སྟོད་ལུང་ནས་རྙེད་པའི་གདོད་མའི་མིའི་ རྐང་ལག་གི་རྗེས་ཤུལ།

ཁྱེད་ཀྱིས་ཤེས་སམ།

འཕེལ་བ་ལས་བོད་མི་རིགས་ཀྱི་མེས་པོ་སྟེ། བསེ་དང་། རྨུ། ལྡོང་། སྟོང་། ང་རང་ཚོ འི ་ མེ ས ་པོ ་ སྤྲ་མི ་ ཚོ ས ་ཡུན་རི ང ་ དབྲ། འབྲུ་བཅས་མིའུ་གདུང་དྲུག་བྱུང་། ཁོང་ཚོས་ཟས་སུ་ཤིང་འབྲས་ཟ་ པོར་རང་བྱུང་ཁམས་ལ་འཐབ་རྩོད་བྱས་ནས།

ཞིང་། གོས་སུ་ཤིང་ལོ་གྱོན། ནགས་གསེབ་ཏུ་རི་དྭགས་ལྟར་འཚོ་སྡོད་བྱེད་

པའི་རྣམ་པ་དེ་རིམ་བཞིན་འགྱུར་ནས། འབྲོག་པ་དང་། ས་མ་འབྲོག ཞིང་ པ་སོགས་བྱུང་སྟེ་ཡུལ་སྡེའི་རྣམ་པར་གྱུར།

109

རིམ་པར་ཤེས་རིག་འཕེལ་རྒྱས་བྱུང་། ཁོང་ ཚོས་རྡོ་ཆས་དང་རྫ་ཆས། ཤིང་གི་ཡོ་བྱད། རུས་ཆས། མཚོན་ཆ་སོགས་གསར་བཟོ་དང་ ལེགས་བཅོས་བྱས་པ་རེད།

ཁོང་ཚོས་ཆར་པ་དང་། ཁ་བ། གཅན་གཟན་ གྱི ་ གནོ ད ་པ་སོ ག ས་འགོ ག ་ཆེ ད ་བྲག་ཕུག་ དང་རྩི་ཤིང་གི་སྤྱིལ་བུ་བཟོས་ནས་སྡོད་ཁང་ ལ་བརྟེན་པའི་ཐབས་ཤེས་བཙལ།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

མེས་པོའི་ཞལ་རྒྱུན་

གཉའ་ཁྲིའི་གོང་གི་བོད་ཡུལ།

བོ ད ་ཡུལ་ལྷོ་ཁའི ་ རྩེད་ཐང་མགོ ན ་པོ ་ རི ་ ནི ་

བོད་ལ་འགྲོ་བ་མི་བྱུང་བ་ནས་རིམ་གྱིས་དཔལ་ཡོན་དར་འགོ་ཚུགས་པ་

པོ་ཅན་གྱི་རི་ཞིག་ཡིན་པ་དང་། རྩེད་ཐང་ཞེས་

ཀྱི་ལོ་རྒྱུས་ཁག་ལ་གཅིག་གྱུར་དུ་གསལ་ཡོད། ལྷག་པར་དུས་སྐབས་སོ་

སྤྲེའུ་དེ་དག་གནས་ཡུལ་གྱི་ནགས་ཚལ་སྟུག་ པའི་ས་ཆ་དེ་ནི་སྤྲེལ་ཕྲུག་རྣམས་ཐང་དུ་བབས་

ནས་རྩེད་མོ་རྩེད་ས་ཡིན་པས་རྩེད་ཐང་ཞེས་

གྲགས་པ་ཡི ན ། ཐང་དེ འི ་ ས་ཞི ང ་དུ་སྤྲེ འུ ་ རྣམས་ཀྱིས་ས་བོན་བཏབ་སྟེ་འབྲུ་རིགས་སྐྱེས་

སྐབས། ཕན་ཚུན་ཟོ་དང་ཞེས་པའི་མིའི་སྐད་སྨྲ་

དང་། དུས་ཡུན་དེའི་ནང་དབང་མཛད་རིམ་པ་བཅུ་གཉིས་ཙམ་བྱུང་བ་བོད་

སོར་བྱུང་བའི་དབང་མཛད་དང་རྒྱལ་ཕྲན་ཁག་མང་པོ་བྱུང་ཡོད་ཀྱང་། དེ་ དག་བྱུང་བའི་དུས་ཡུན་རིང་བ་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར། ཆབ་སྲིད་

དང་རིག་གཞུང་གི་འགྱུར་ལྡོག རང་བྱུང་ཁམས་ཀྱི་གོད་ཆག ལོ་རྒྱུས་འབྲི་

མཁན་ཚོའི་ཕྱོགས་ཞེན་གྱི་བསམ་བློས་ལོ་རྒྱུས་ལ་ལྷད་བསྲེས་པ་སོགས་

ཤེས་པར་གྱུར་པས། ཞིང་དེ་ལ་ཟོ་དང་ཞིང་

ཀྱིས། དེང་སྐབས་སྔོན་མའི་གནས་ཚུལ་མང་པོ་ཞིག་ཞིབ་ཅིང་ཕྲ་བར་ཤེས་

གྲགས། དེ་ནས་ཡར་ལུང་ཁོག་ནི་མི་ཡི་ཡུལ་

གྱི་སྤྱི་ཚོགས་ཀྱི་གནས་བབ་ཇི་བཞིན་ར་འཕྲོད་པར་བཀག་རྒྱ་ངེས་ཅན་

ཟེར་བ་དང་། ཞིང་ལ་སྔ་བ་ཟོ་དང་ཞིང་ཞེས་ དུ་གྱུར་སྟབས། ཡུལ་ལ་སྔ་བ་ཡར་ལུང་སོག་ ཀ་ཞེས་གྲགས་སོ། །

ཐུབ་ཐབས་མེད་པ་ལྟ་བུར་གྱུར་ཡོད་ལ། གནས་ཚུལ་འདི་དག་གིས་སྔོན་ ཞིག་བྱུང་ཡོད།

དབང་མཛད་བཅུ་གཉིས།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་གོང་བོད་དུ་དབང་མཛད་བཅུ་གཉིས་བྱུང་ཡོད་པ་ཡོངས་གྲགས་ཡིན། དབང་མཛད་ཅེས་པ་ནི་མིས་མི་ལ་དབང་བསྒྱུར་བའི་དོན་ཡིན།

བོད་ཡུལ་གྲུབ་པའི་རྗེས་ནས་རིམ་པར་དབང་སྒྱུར་སྤྱི་ཚོགས་འགོ་ཚུགས་པ་དང་། དུས་སྐབས་དེའི་ནང་དུ་མི་རྣམས་ནི་

ལུས་མི་རུ་གྲུབ་ཀྱང་། ནང་གི་བསམ་བློ་དང་ཕྱིའི་ཀུན་སྤྱོད་ད་དུང་མི་ཚད་ལྡན་དུ་མ་གྱུར་པས། ཤེས་རིག་དར་བའི་རྗེས་

ཀྱི་མི་དང་བསྡུར་ན། གང་ཅིའི་ཐད་ནས་རྗེས་ལུས་ཡིན། ཁོང་ཚོའི་བསམ་བློ་འཁྱེར་སྟངས་དང་། ཀུན་སྤྱོད་གཉིས་ཀའི་ཆ་ ནས་མི་མ་ཡིན་ཞེས་པའི་རྣམ་པར་གནས་ཡོད།

ཚིག་ གསར།

མཐོ་སྒང་།-Plateau

དཔལ་ཡོན།- Civilisation མེས་པོ།-Ancestor ངལ་རྩོལ།-Labour

མཆན་ འགྲེལ།

110

བྲི། -ཆུ་སོགས་ཟད་པའི་དོན། ལྷད།-སྐྱོན་དང་དྲི་མའི་དོན།

རྒྱལ་ཕྲན།-རྒྱལ་ཁབ་ཆུང་བའི་དོན། དབང་མཛད།-དབང་སྒྱུར་མཁན།


ཨང་། ༡

དབང་མཛད་དུས་རབས།

གནོད་སྦྱིན་ནག་པོ།

བོད་ཀྱི་ལོ་རྒ

དབང་མཛད་བཅུ་གཉིས། ཡུལ་གྱི་མིང་།

བཟང་ཡུལ་རྒྱན་མེད།

ལག་ཆ་གསར་ཐོན།

མདའ་གཞུ།

ར་ཏེ་མགོ་གཡག་བདུད།

བདུད་ཡུལ་ཁ་རག་རོང་དགུ།

སྟ་རེ།

དམར་འཇམ་ལྷ།

ལྷ་ཡུལ་གུང་ཐང་།

ཆུ་གྲི།

༣ ༥

སྲིན་པོ་གཉའ་རེངས་ཁྲག་མིག དམུ་རྒྱལ་ཁོ་རྗེ།

སྲིན་པོ་ནག་པོ་དགུ་ཡུལ། ད་འཕྲང་ཅང་འཕྲང་།

ཀྲོག་ཀྲོག་འདྲེ།

ལང་ཏང་ལིང་ཏང་།

ཀླུ།

བོད་ཁམས་གླིང་དགུ།

༧ ༩

མ་སངས་རུས་དགུ།

རྒྱལ་པོ།

༡༠ འགོང་པོ་སྤུན་དགུ།

༡༡ རྒྱལ་ཕྲན་བཅུ་གཉིས།

བོད་ཁ་ཉ་དྲུག

མདའ་དང་སྒྱོགས། ཞགས་པ།

འུར་རྡོ།

དོང་རལ་གོ་ཆ་ཕུབ་ཆུང་།

ངམ་ཡུལ་ནག་པོ།

སྟོང་སྡེ་བཅོ་བརྒྱད།

༡༢ སིལ་མ་བཞི་བཅུ།

གོང་ནས་བཤད་པའི་དབང་མཛད་དུས་རབས་དེ་དག་གི་སྐབས་སུ་བྱུང་ བའི་ལམ་ལུགས་དང་དབང་མཛད་བྱུང་ས་རྣམས་ནི་ས་གནས་གཅིག་མིན་

ཁྱེད་ཀྱིས་ཤེས་སམ།

པ་མ་ཟད། དེ་དག་ཏུ་བྱུང་བའི་དབང་མཛད་ཀྱི་རྣམ་པའང་གཅིག་མཚུངས་ བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་ཕྲན་བཅུ་གཉིས་ མིན།

དང་སི ལ ་མ་བཞི ་ བཅུ་སོ ག ས་ལ་དབང་ མཛད་ཅེ ས ་ཟེ ར ་ཞི ང ་། ལོ ་ རྒྱུས་ཀྱི ་ ཡི ག ་

དུས་ཡུན་རིང་པོའི་རིང་དབང་མཛད་ཕན་ཚུན་དམག་འཐབ་བྱས་ནས་ཚོ་བ་ ཚང་ལ་ལར་མངའ་མཛད་དང་། ལ་ལར་ ཆེན་པོ་རྣམས་ཀྱིས་ཚོ་བ་ཆུང་ཁག་རྣམས་རིམ་ཟོས་བྱས་པར་བརྟེན། མཐར་ དབང་བྱས། ཡང་འགའ་རེ ར ་དབང་བྱེ ད ་

རྒྱལ་ཕྲན་ཁག་བཅུ་གཉིས་སུ་གྱེས། རྒྱལ་ཕྲན་དེ་དག་ནི་དུས་ཚོད་གཅིག་གི་ སོགས་འབྲི་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་

རིང་མཉམ་དུ་གནས་པ་དང་། དེ་དག་ནང་ཁུལ་དུའང་འཐབ་རྩོད་དང་འགལ་ ཡོད་ཀྱང་། དེ་དག་གི་གོ་དོན་ནི་དབང་ལུང་ ཟླ་ཆེ། འཐབ་རྩོད་ཀྱི་རྣམ་པ་ཆེ་རུ་འགྲོ་སྐབས་ཕན་ཚུན་དམག་འཁྲུག་བྱུང་

111

སྒྱུར་བའི་དོན་ཡིན།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

བས། རྒྱལ་ཕྲན་བཅུ་གཉིས་སུ་གནས་པ་དེ་དག་གི་སྒྲིག་གཞི་དང་ལམ་ལུགས་ཁག་རྩ་འཐོར་དུ་སོང་ནས། མཐར་སིལ་

མ་བཞི་བཅུར་འཐོར་བ་རེད།

དེ་ལྟར་གཉའ་ཁྲི་བཙན་པོ་མ་བྱུང་གོང་བོད་ཀྱི་ཡུལ་འདིར་དབང་སྒྱུར་བྱེད་པའི་དབང་མཛད་སྣ་ཚོགས་ཤིག་བྱུང་ཡོད་

ཅིང་། བོད་ཡུལ་སྟོད་སྨད་བར་གསུམ་ནས་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་དབང་མཛད་དུས་རབས་ཀྱི་གནའ་ རྫས་འབོར་ཆེན་ཞིག་གསར་རྙེད་བྱུང་ཡོད།

དབང་མཛད་སྐབས་ཀྱི་སྤྱི་ཚོགས།

བོད་ཡུལ་འདིར་རྗེ་འབངས་ཀྱི་རྣམ་པ་བྱུང་བའི་ཐོག་མ་དབང་མཛད་གནོད་སྦྱིན་ནག་པོ་ནས། རྒྱལ་ཕྲན་སིལ་མ་བཞི་ བཅུའི་བར་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་སྤྱི་ཚོགས་ཀྱི་རྣམ་པ་ཇི་བཞིན་བཤད་དཀའ་ནའང་། བོད་ཀྱི་ས་ཁུལ་གང་ས་

ནས་རྙེད་པའི་གནའ་རྫས་དང་སྔར་བྱུང་ལོ་རྒྱུས་སོགས་ལ་བརྟགས་ན་གནས་ཚུལ་གང་འཚམས་ཤིག་ཤེས་ཐུབ་ངེས་

ཡིན། སྐབས་དེར་རྒྱལ་ཕྲན་ཕན་ཚུན་དབར་འཁྲུག་རྩོད་མང་པོ་ཞིག་བྱུང་བ་དང་། དེ་དག་འགོག་སྲུང་གི་ཆེད་རྡོ་དང་རུས་

པ། ཟངས། ལྕགས་སོགས་ཀྱི་ཡོ་བྱད་དང་ལག་ཆ་བཟོ་བའི་ལག་རྩལ་འགོ་བརྩམས་ཏེ། མདའ་གཞུ་དང་། སྟ་རེ། མདུང་།

མདའ་གཞུ།

མདུང་།

སྟ་རེ།

ཞགས་པ། ཆུ་གྲི།

ཕུབ།

སྒྱོགས།

འུར་རྡོ།

དཔེ་རིས། ༡༣་༨ གནའ་བོའི་ལག་ཆ།

112


སྒྱོགས། ཆུ་གྲི། ཞགས་པ། འུར་རྡོ། ཕུབ་སོགས་གསར་བཟོ་བྱས།

(དཔེ་རིས། ༡༣་༨)

བོད་ཀྱི་ལོ་རྒ

དེ་བཞིན་དབང་མཛད་ཀྱི་དཔོན་པོ་དེ་

དག་ལ་བློན་པོ་དང་། དམག་མི། བྲན་གཡོག་སོགས་གྲལ་རིམ་གྱི་རྣམ་པ་བྱུང་བ་མ་ཟད། ས་ཞིང་དང་སྒོ་ཕྱུགས། དམག་ གི་འགྲོ་སོང་སོགས་གསོག་ཆེད་མི་དམངས་རྣམས་ལ་དཀའ་སྡུག་ཚད་མེད་མྱོང་དུ་བཅུག་ཡོད།

བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བའི་དུས་སུ། བོད་ནང་རྒྱལ་ཕྲན་མང་པོ་ཡོད་པ་དང་དེ་དག་ཕན་ཚུན་

དབར་མཐུན་སྒྲིལ་མེད་པ་མ་ཟད། མི་སེར་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པས། རྒྱལ་པོ་གཉའ་ཁྲི་བཙན་ པོས་རྒྱལ་ཕྲན་དེ་དག་གཅིག་སྡུད་བྱས་སོ། །

སྦྱོང་ཚན། ཀ༽ གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ། ༡།

བོད་འདི་གནའ་སྔ་མོ་རྒྱ་མཚོ་ཆེན་པོ་ཞིག་ཡིན།

༣།

དེང་སྐབས་བོད་ནང་མཚོ་དང་མཚེའུ་གང་ཡང་མེད།

༢།

༤། ༥།

ཧི་མཱ་ལ་ཡ་ཇེ་མཐོར་སོང་བས་བོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དབང་མཛད་དུས་སྐབས་སུ་སྟ་རེ་སོགས་ལག་ཆ་མང་པོ་ཞིག་གསར་བཟོ་བྱས་ཡོད།

བོད་ཡུལ་དུ་སྲོག་ཆགས་གནས་ནས་ལོ་ངོ་ས་ཡ་ལྷག་ཙམ་འདས་པའི་བདེན་དཔང་ཡོད།

ཁ༽ གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས། ༡།

མདོ་དབུས་མཐོ་སྒང་གི་སྐམ་ས་མ་ཆགས་གོང་བོད་ཡུལ་གྱི་རྣམ་པ་ཅི་འདྲ་ཡིན།

༣།

བོད་དུ་འགྲོ་བ་མི་བྱུང་ཚུལ་ཇི་ལྟར་ཡིན་ནམ།

༢།

༤། ༥།

མ་བྲག་སྲིན་མོ་ཞེས་པ་གང་ལ་གོ་དགོས་སམ།

དབང་མཛད་རྣམས་རིམ་པར་རྒྱལ་ཕྲན་དང་རྒྱལ་ཕྲན་སིལ་མར་གྱུར་དགོས་དོན་གང་རེད། བོད་མི་རིགས་ཀྱི་མེས་པོ་མིའུ་གདུང་དྲུག་གང་ཡིན་བྲིས།

113


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ག༽ གྲོས་སྡུར་བྱ་རྒྱུ། ༡།

༢།

ང༽ བྱེད་སྒོ། ༡།

༢།

སྔོན་ཆད་བོད་ཡུལ་འདི་ཆུས་ཁེངས་པའི་སྐོར་ལ་གྲོས་སྡུར་བྱོས། གཉའ་ཁྲི་བཙན་པོའི་གོང་གི་བོད་ཡུལ་སྐོར་ལ་གྲོས་སྡུར་བྱོས།

དབང་མཛད་དུས་སྐབས་ཀྱི་ལག་ཆ་རི་མོ་བྲིས།

བོད་ཀྱི་འགྲོ་བ་མི་བྱུང་ཚུལ་འཁྲབ་སྟོན་ (ཕ་སྤྲེའུ་དང་། མ་བྲག་སྲིན། ཟས་སུ་ཤིང་འབྲས་ཟ་བ། གོས་སུ་ཤིང་ལོ་གྱོན་པ། མིའུ་

གདུང་དྲུག)

114


༡༤

བོད་ཀྱི་ལོ་རྒ

གནའ་རབས་བོད་མིའི་ཤེས་རིག

༄༅། །ང་ཚོ་བོད་མི་རྣམས་ཀྱང་འགྲོ་བ་མི་གཞན་དག་ལྟར་ཐོག་མར་ཟས་སུ་ཤིང་འབྲས་ཟ་བ་དང་། གོས་སུ་ཤིང་ལོ་ གྱོན་པ། སྤྱིལ་བུ་དང་བྲག་ཕུག་ཏུ་སྡོད་ཅིང་། རྡོ་དང་དབྱུག་པའི་ལག་ཆ་ཐེབས་ཆག་ཙམ་ལ་བརྟེན་ནས་འཚར་ལོངས་

བྱུང་། དེ་ནས་རིམ་བཞིན་ཞིང་འབྲོག་གི་འཚོ་བར་བརྟེན་པ་དང་། རིག་གནས་སྣ་ཚོགས་ལ་གོམས་འདྲིས་བྱས་ནས་ད་

ལྟའི་སྤྱི་ཚོགས་སུ་སླེབས་ཐུབ་པ་བྱུང་།

རྡོའི་དུས་རབས་རྙིང་པའི་སྐབས་ཀྱི་བོད་མིའི་ཤེས་རིག

རྡོའི་དུས་རབས་རྙིང་པའི་སྐབས་ཀྱི་གནའ་རྫས་མང་པོ་ཞིག་ད་ལྟ་བོད་ཀྱི་

ཡུལ་གྲུ་མང་པོ་ནས་གསར་རྙེད་བྱུང་ཡོད་པ་འདིས། བོད་དུ་བསྐལ་པ་ཡ་

ཐོག་ནས་འགྲོ་བ་མིའི་རིགས་འཚོ་གནས་བྱུང་བ་དང་། ཁོང་ཚོའི་ལག་ ཤེས་གང་འཚམས་ཡག་པོ་ཡོད་པ་ཤེས་ཐུབ། བོད་ཀྱི་ནག་ཆུ་ས་ཁུལ་དང་།

གཉའ་ལམ། དིང་རི། ཤན་ཚ། ཚྭ་འདམ་གཤོང་། མཚོ་སྔོན་རྟ་ནག་སོགས་

དཔེ་རིས། ༡༤་༡ བོད་ནས་རྙེད་པའི་རྡོའི་དུས་རབས་རྙིང་པའི་ སྐབས་ཀྱི་རྡོ་ཆས།

ནས་རྡོའི་དུས་རབས་རྙིང་པའི་དུས་སྐབས་ཀྱི་འགྱུར་རྡོ་དང་། རྡོ་ཆས། རུས་

ཆས་སོགས་སྣ་ཚོགས་ཤིག་གསར་རྙེད་བྱུང་ཡོད་ཅིང་། དེ་དག་ལ་ལོ་ངོ་ཁྲི་ ཕྲག་དུ་མའི་ལོ་རྒྱུས་ལྡན་འདུག དུས་རབས་དེ་དག་གི་རིང་ང་ཚོའི་མེས་པོ་

ཚོས་རང་ཉིད་ལ་མཁོ་བའི་ལག་ཆ་དང་། མཚོན་ཆ་སོགས་བཟོ་རྒྱུའི་ལག་

ཤེས་ཡག་པོ་ཡོད་པ་འདི་མི་རིགས་གཞན་ལ་ངོམ་ཆོག་པ་ཞིག་རེད།

རྡོའི་དུས་རབས་གསར་མའི་སྐབས་ཀྱི་བོད་མིའི་ཤེས་རིག

དཔེ་རིས། ༡༤་༢ བོད་ཁ་རུབ་ནས་རྙེད་པའི་རྡོའི་དུས་རབས་ གསར་མའི་སྐབས་ཀྱི་རྭ་སྙུང་།

རྡོའི་དུས་རབས་གསར་མའི་དུས་སྐབས་ནི་ད་ནས་ཡར་ལ་བརྩིས་པའི་ལོ་ ངོ་ཁྲི་གཅིག་མན་གྱི་དུས་སྐབས་ཡིན་ཞིང་། དེའི་སྐབས་ཀྱི་གནའ་རྫས་མང་

པོ་ཞིག་དེང་སང་བོད་ཀྱི་ས་ཁུལ་གང་ས་ནས་རྙེད་སོན་འབྱུང་གི་ཡོད། དེ་

115

དཔེ་རིས། ༡༤་༣ བོད་ཁ་རུབ་ནས་རྙེད་པའི་རྡོའི་དུས་རབས་ གསར་མའི་སྐབས་ཀྱི་གྲོད་པུ་དབྱིབས་ཅན་གྱི་རྫ་ཆས།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཡང་ཆབ་མདོ ་ཁ་རུབ་སོ ག ས་ནས་གནའ་རྫས་རྙེད་སོན་བྱུང་བ་དེ ་དག་

ནང་། སྦྱག་མ་དང་། འཇོར། གཤོལ། འབྲེག་གཏུབ་ལག་ཆ་སོགས་ཞིང་

ལས་ལ་མཁོ་བའི་རྡོའི་ཡོ་ཆས་སྣ་ཚོགས་དང་། བཟོ་བཀོད་ལེགས་པའི་

ཁོག་མ་དང་སླ་ང་། ཕོར་བ་སོགས་རྫ་ཆས་ཀྱི་རིགས། རྒྱུན་མཁོའི་ཡོ་ཆས་

སྙུང་བུ་དང་། ཁབ། སྟ་རེ། རྭ་སྙུང་སོགས་རུས་ཆས་ཀྱི་རིགས་དང་། ད་དུང་

རྡོ་དང་། གཡང་ཊི། རུས་པ་སོགས་ལས་བཟོས་པའི་མཛེས་ཤིང་སྤུས་ཀ་ དཔེ་རིས། ༡༤་༤ བོད་ཁ་རུབ་ནས་རྙེད་པའི་རྡོའི་དུས་རབས་ གསར་མའི་སྐབས་ཀྱི་རྡོ་སྟ།

དག་པའི་མཛེས་རྒྱན་སོགས་གསར་རྙེད་ཐུབ་པ་འདིས། རྡོའི་དུས་རབས་ གསར་མའི་སྐབས་བོད་མིའི་ལག་ཤེས་ལ་ཡར་ཐོན་ཆེན་པོ་བྱུང་ཡོད་པ་ ཤེས་རྟོགས་ཐུབ།

གདོད་མའི་ཆོས་ལུགས་དང་རིག་གནས།

དཔེ་རིས། ༡༤་༥ བོད་ཁ་རུབ་ནས་རྙེད་པའི་རྡོའི་དུས་རབས་ གསར་མའི་སྐབས་ཀྱི་རྡོ་གྲི།

གནའ་རབས་བོད་ཀྱི་ཆོས་ལུགས་ནི་བོན་ཡིན་ཞིང་། བོན་ལ་གདོད་བོན་ དང་། གཡུང་དྲུང་བོན་བཅས་རིགས་གཉིས་ཡོད། གདོད་བོན་ནི་བོད་རང་ ས་ནས་དར་བའི་གདོད་མའི་ཆོས་ལུགས་ཤིག་ཡིན།

གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ཏུ་བལྟས་ན། སྔར་གྱི་བོན་པོ་དེ་ རི ག ས་གཡུང་དྲུང་བོ ན ་དང་མི ་ འདྲ་བའི ་ ཁྱད་པར་ཞི ག ་ནི ། གདོ ད ་བོ ན ་

རྣམས་ཀྱི ས ་ལྷ་གསོ ལ ་བྱེ ད ་དུས་དམར་མཆོ ད ་བྱེ ད ་པ་ལྟ་བུ་གསུངས་

འདུག་པ་མ་ཟད། བཙན་བོན། འདྲེ་བོན། ཀླུ་བོན་ལྟ་བུའི་མཚན་ཡང་

བཏགས་འདུག་པས། དེ་ནི་ཉི་ཟླ་དང་རི་ལུང་སོགས་ལ་གསོལ་མཆོད་བྱེད་

མཁན་གྱི་གདོད་མའི་ཆོས་ལུགས་ཤིག་ཡིན།

གཡུང་དྲུང་བོན་གྱི་ཆོས་ལུགས།

དཔེ་རིས། ༡༤་༦ བོན་གྱི་སྟོན་པ་གཤེན་རབ།

གཡུང་དྲུང་བོན་ནི་སྟག་གཟིག་དང་ཞང་ཞུང་ནས་ནང་འདྲེན་བྱས་པའི་ཆོས་

ལུགས་ཤིག་ཡིན་ཞིང་། དེ་དང་པོ་དར་སའི་ཡུལ་ནི་སྟག་གཟིག་འོལ་མོ་

ལུང་རིང་ཡིན། གནས་དེར་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་པ་དང་།

116


(དཔེ་རིས། ༡༤་༦)

རིམ་པར་གཤེན་ལོ་བརྒྱད་ཅུ་གྱ་གཉིས་བཞུགས། ཁོང་གིས་

གསུངས་པའི་སྒོ་བཞི་མཛོད་ལྔའི་རྣམ་གཞག་དང་། གཞི་ལམ་འབྲས་བུའི་

རྣམ་གཞག་ཞིབ་ཚགས་སུ་གསུངས་པའི་ཆོས་ལུགས་དེ་ལ་གཡུང་དྲུང་ བོན་ཞེས་བརྗོད། སྟོན་པ་གཤེན་རབ་སྐུ་འཚོ་བཞུགས་སྐབས་སུ་བོད་དུ་

ལན་གཅིག་བྱོན་པ་དང་། དུས་དེར་རྒྱུ་བོན་རྣམས་སྤེལ་བ་དང་། འབྲས་བུའི་ བོན་གྱི་སྣོད་དུ་མ་གྱུར་པར་བརྟེན་ཐུགས་སྨོན་མཛད་ནས་སླར་སྟག་གཟིག་

སུ་བྱོན། སྟོན་པ་གཤེན་རབ་འདས་པའི་རྗེས་སུ་གདུང་འཚོབ་མུ་ཆོ་ལྡེམ་ དྲུག་བྱོན་པ་དང་། དེས་འཁོར་ལོ་རིམ་པར་ཕྱེ་ནས་གསུངས། རིམ་པར་སྟག་

གཟིག་ནས་ཞང་ཞུང་དུ་གཡུང་དྲུང་བོན་དར་བ་དང་། ཞང་ཞུང་གི་མཁས་པ་

དང་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་རིམ་པར་བོད་དུ་སྤེལ། བོད་དུ་གཉའ་ཁྲིའི་ སྔོན་དུ་གཡུང་དྲུང་བོན་དར་ཡོད་པ་མ་ཟད། བཙན་པོ་ཁྲི་རབས་གཉིས་པ་མུ་

ཁྲི་བཙན་པོ་ནི་བོན་གྱི་སྔགས་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་

གཤེགས་པ་ཞིག་ཡིན། དེ་ནས་རིམ་པས་གྲི་གུམ་བཙན་པོས་བོན་བསྣུབས་

པས། རྒྱལ་པོ་འདིའི་སྔོན་དུ་དར་བའི་བོན་ལ་སྔ་དར་དང་། པུ་དེ་གུང་རྒྱལ་

གྱིས་སྤེལ་ནས་རིམ་པས་དར་བའི་བོན་ལ་བོན་ཕྱི་དར་ཟེར་རོ། །

བོད་ཀྱི་ལོ་རྒ  ཁྱེ​ེད་ཀྱི​ིས་ཤེ​ེ ས་སམ།  བོད་ཀྱི་བསྐལ་པ་ཡ་ཐོག་གི་མི་རྣམས་དུས་ ཡུན་རིང་པོའི་འཚོ་བའི་བརྒྱུད་རིམ་ཁྲོད་དུ། རང་བྱུང་ཁམས་དང་འཐབ་རྩོད་བྱེད་སྐབས།

དཀའ་ངལ་དང་འཇིགས་སྣང་སྣ་ཚོགས་པ་ འཕྲད་ཚེ། དེ་དག་འགྲོ་བ་མི་ཡི་ནུས་སྟོབས་

ལས་བརྒལ་བའི ་ བྱེ ད ་པོ ་ ལྷ་འདྲེ་གང་རུང་ ཞིག་གིས་བྱས་པ་རེད་སྙམ་གྱི་ཡོད། དེར་

བརྟེན་ཁོང་ཚོས་ལྷ་མཆོད་པ་དང་། འདྲེ་སྐྲོད་ པའི་ལུགས་སྲོལ་དར་སྤེལ་དང་རྒྱུན་འཛིན་ བྱུང་བ་རེད།

སྐབས་དེ ར ་ཆུ་ལོ ག ་རྒྱག་པ་དང་། གློ ག ་ འཁྱུག་པ། ལྷགས་རླུང་དྲག་པོ་གཡོ་བ་སོགས་

རང་བྱུང་ཁམས་ཀྱི་གནོད་པ་བྱུང་དུས། ཡུལ་ ལྷ་གཞི་བདག་རྣམས་ལ་གསོལ་མཆོད་འཕྲིན་

བཅོལ་གཏོང་བ་དང་། བསང་གཏོང་བ། འབྲུ་ རིགས་སྣ་ཚོགས་དང་སེམས་ཅན་བསད་པའི་

རིག་གནས།

ཤ་ཁྲག་བཅས་ཀྱིས་མཆོད་པ་བྱེད་སྲོལ་ཡོད།

དང་། དེ་ཡང་ལྷ་ཡར་གསོལ་བས་མི་ལ་མགོན་བྱེད་ཐབས་སྟོན་པ་དང་།

བྱེད་པ་དང་། མི་ཤི་བའི་ཚེ། རང་གི་རྒྱན་

བོད་ཀྱི་གདོད་མའི་རིག་གནས་ནི་གཡུང་དྲུང་བོན་དང་འབྲེལ་བ་ཡོད་པ་

གཡང་བཀུགས་ནས་ནོར་ཕྱུགས་སྤེལ་ཐབས། གླུད་བཏང་ནས་འདྲེ་ཡི་གནོད་ པ་འགོག་ཐབས། ཤི་བོ་བདེ་འགྲོར་འདྲེན་ཐབས། ཁྲུས་དང་བསང་བཏང་ནས་

ལྷ་སྲུང་གསོལ་ཐབས། དགྲས་མཐུ་བཏང་བའི་གནོད་འཚེ་སེལ་ཐབས། འབྱུང་ ཁམས་འཁྲུགས་པའི་ནད་རིགས་སེལ་ཐབས། ཕྱི་ནང་གི་དངོས་པོའི་ཁམས་ ལ་བརྟགས་ནས་ལྟས་བཟང་ངན་ལ་བརྟག་ཐབས་སོགས་ཡོད།

117

གཞན་ཡང་མི་ལ་ན་ཚ་བྱུང་སྐབས་སེམས་ ཅན་གྱི་ཤ་ཁྲག་གཏོར་ནས་ན་ཚ་དྲག་ཐབས་

གོས་དང་ནོར་རྫས་སོགས་ཕུང་པོ་དང་ལྷན་ དུ་མེར་བསྲེགས་པའམ། ཡང་ན། དུར་རྫོངས་

བྱེད་པ་སོགས་ཀྱི་སྲོལ་ཡོད།

མཆན་ འགྲེལ།

སྟག་གཟིག-དེང་སང་གི་ཨི་རཱན་རྒྱལ་ཁབ། ཞང་ཞུང་།-སྟོད་མངའ་རིས་ཕྱོགས།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྦྱོང་ཚན། དང་པོ། གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ། ༡།

བོད་ཀྱི་ས་ཁུལ་ནས་རྙེད་པའི་རྡོའི་དུས་རབས་རྙིང་པའི་སྐབས་ཀྱི་གནའ་རྫས་ཁག་ལ་ལོ་ངོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ལྡན་ཡོད།

༢།

རྡོའི་དུས་རབས་གསར་མའི་སྐབས་ནི་ད་ནས་ལོ་ཁྲི་དགུ་མན་གྱི་དུས་ཚོད་ལ་ཟེར།

༤།

གདོད་བོན་ནི་རྒྱ་གར་ནས་དར་བའི་ཆོས་ལུགས་ཤིག་རེད།

༣། ༥།

གཉིས་པ།

རྡོའི་དུས་རབས་གསར་མའི་སྐབས་སུ་བོད་མིའི་ལག་ཤེས་ཡར་ཐོན་ཆེན་པོ་བྱུང་ཡོད། གཉའ་ཁྲིའི་གོང་ནས་བོད་དུ་བོན་དར་ཡོད།

གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

༡།

གཡུང་དྲུང་བོན་གྱི་སྲོལ་འབྱེད་མཁན་སུ་ཡིན་ནམ།

༣།

བོན་སྔགས་ལ་བརྟེན་ནས་གྲུབ་པའི་གོ་འཕང་ཐོབ་པའི་བཙན་པོ་དེའི་མཚན་ལ་ཅི་ཟེར།

༢།

༤། ༥།

གསུམ་པ། ༡།

༢།

རྡོའི་དུས་རབས་གསར་མའི་སྐབས་སུ་ཞིང་ལས་ལ་མཁོ་བའི་ལག་ཆ་གང་དག་བཟོས་ཡོད་དམ། རྡོའི་དུས་རབས་གསར་མའི་སྐབས་ཀྱི་ལག་ཆ་རྣམས་རྒྱུ་ཆ་གང་གིས་བཟོས་པ་རེད་དམ། བོན་སྔ་དར་དང་ཕྱི་དར་གཉིས་ཀྱི་མཚམས་གང་ནས་དབྱེ་དགོས་སམ།

གྲོས་སྡུར་བྱ་རྒྱུ།

གདོད་མའི་བོད་ཀྱི་ཤེས་རིག་འཕེལ་རྒྱས་བྱུང་ཚུལ་སྐོར་ལ་གྲོས་སྡུར་བྱོས། བོད་དུ་གཡུང་དྲུང་བོན་དར་ཚུལ་སྐོར་ལ་གྲོས་སྡུར་བྱོས།

བཞི་པ། བྱེད་སྒོ།

གཤམ་གསལ་གྱི་བྱེད་སྒོ་ཁག་མཐོང་ཐོས་བྱུང་ཡོད་ཚེ་རང་རང་གི་མྱོང་ཚོར་བཤད་འཇུག་རྒྱུ། (བསང་གསོལ། ལྷ་འབབ་པ། གླུད་གཏོང་བ། གཡང་འགུགས།)

118


༡༥

བོད་ཀྱི་ལོ་རྒ

གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་རབས།

དཔེ་རིས། ༡༥་༡ ཕོ་བྲང་ཡུམ་བུ་བླ་སྒང་།

གཉའ་ཁྲི་བཙན་པོ།

༄༅། །བོད་ཀྱི་དབང་མཛད་དུས་རབས་མཐའ་མ་རྒྱལ་ཕྲན་སིལ་མ་བཞི་བཅུའི་རྗེས། ཕྱི་ལོའི་སྔོན་གྱི་ལོ་ ༡༢༧ ལ་བོད་ ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན། གཉའ་ཁྲི་བཙན་པོའི་མི་ཁུངས་གང་ཡིན་ལ་བོད་ཀྱི་ལོ་རྒྱུས་ཁག་ཏུ་བཞེད་

སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་ཏེ། གནམ་གྱི་ལྷ་ལས་མིའི་རྒྱལ་པོར་བྱོན་པ་དང་། ཤཱཀྱ་རི་བྲག་གི་རིགས་ལས་བྱོན་

པ་དང་། ལི་ཙ་ཝིའི་རིགས་ཡིན་པར་འདོད་མཁན་ཞིག་དང་། འཕན་མྱི་ཡིན་པར་འདོད་པ་དང་། བོད་རང་གི་མི་ཡིན་པར་ འདོད་པ་སོགས་དུ་མ་ཞིག་སྣང་།

མཆན་ འགྲེལ།

འཕན་མྱི། འཕན་པོའི་མི་ལ་གོ

དེ་ལས་རྒྱུན་སྲོལ་དུ་གྲགས་པ་ལྟར་ན་རྒྱ་གར་མ་ག་དྷའི་རྒྱལ་པོ་

སྤྱུགས་པ། ས་ཆ་གཞན་ལ་ཕྱི ར ་འབུད་

སྨིན་མ་ཅན། སོར་མོ་ཤའི་དྲ་བས་སྦྲེལ་བ་ཞིག་འཁྲུངས་པ་དང་།

སྨིན་མ། མིག་སྤུ་ལ་གོ

བང་སོ། རོ་ཁང་ངམ་རོ་སྦེད་སའི་གནས། བཏང་བའམ། བསྐྲད་པའི་དོན།

དམག་བརྒྱ་པའི་སྲས་མིག་ཡས་འགྲིབས་སུ་ཡོད་པ། གཡུ་ཡི་

ཡུལ་དེའི་རྒྱལ་པོས་སྲས་དེ་མི་ལ་སྟོན་མ་ནུས་པར་བོད་ཡུལ་གྱི་

119


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཕྱོགས་སུ་སྤྱུགས་པས། རྒྱལ་སྲས་དེ་བོད་དུ་སླེབས་ནས་བོད་ཀྱི་རྒྱལ་པོར་ བསྐོས་པར་གྲགས།

གཞན་ཡང་བོད་རང་གི་མི་ཁུངས་ཡིན་པར་འདོད་པ་ནི་ཁུངས་དག་པར་

དཔེ་རིས། ༡༥་༢ གཉའ་བར་ཁྲི་བྱས་ཏེ་གདན་དྲངས་པས་ གཉན་ཁྲི་བཙན་པོ་ཞེས་མཚན་གསོལ།

གསར་གཏོད།

སྣང་བ་མ་ཟད། སྔོན་ནས་བཟུང་ཤོད་སྲོལ་དེ་ཡང་ཡོད། བཙན་པོ་འདི་ཉིད་

འཁྲུངས་ས་ནི་སྤོ་བོའི་ཡུལ་དུ་ཡིན་ཞིང་། ཁོང་སྤོ་ཡུལ་གྱི་བུད་མེད་མི་མོ་མོ་

བཙུན་གྱི་བུ་སྤུན་དགུའི་ཐ་ཆུང་ཡིན། ཁོང་སྟོབས་རྩལ་ཆེ་ཞིང་ཡུལ་དཔོན་

ལ་ངོ་ལོག་སྟེ། ཕ་ཡུལ་ནས་ཁ་བྲལ་ཏེ་ཡར་ཀླུང་ཕྱོགས་སུ་ཕེབས་པས།

བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་གདན་དྲངས་ཏེ་ཡར་ཀླུང་བོད་ཁ་ཉ་དྲུག་ ཏུ་བྱོན། སྐབས་དེར་ཡུལ་ལུང་འདིར་རྗེ་བོ་མེད་པའི་སྐབས་དང་ཁེལ་བ་

མ་ཟད། ཕྱི་རོལ་ནས་དྲག་རྒོལ་བྱེད་མཁན་གྱི་སུམ་པའི་བོན་པོ་དང་། ནང་

ཁུལ་མ་མཐུན་པར་གཅིག་འོག་གཅིག་མ་འདུས་པའི་དུས་ཡིན་པས། བཙན་ པུ་དེ ་ གུང་རྒྱལ་དུས་སུ་རྡོ ་ བཞུས་པ་ལས་ ལྕགས་དང་ཟངས། ཀོ ་ བ་བཞུས་པ་ལས་

སྤྱི ན ་བྱུང་། ཕུ་ཆུ་རྫི ང ་དུ་བསྐྱི ལ ་ཏེ ་ ཡུར་

བར་དྲངས། ཆུ་ལ་ཟམ་པ་བཙུགས། སྐུ་

མཁར་ཕྱིང་དབར་སྟག་རྩེ་བརྩིགས། ཤིང་ལ་ མིག་ཕུག་ནས་གཉའ་ཤིང་བྱས། རྨོན་དོར་

བསྡེབས་ནས་སྤང་ཐང་ཞིང་དུ་རྨོས། རྨོས་ པའི་ལོ་ཏོག་གི་ཐོག་མ་འདི་ནས་བྱུང་། ཡང་

རྒྱལ་པོ་འདིའི་རིང་ལ་ཞིང་ལ་དོར་ཁ་བརྩིས་

པ་དང་། འབྲོག་ལ་ཐུལ་ཁ་བརྩིས་པ། ས་ཞིང་ ལ་ཆུ་དྲངས་ནས་རྨོན་འདེབས་པ་སོགས་ཀྱི་ ལག་རྩལ་ཤེས་བྱ་གསར་དུ་བཏོད།

མཆན་ འགྲེལ།

སྦྲུམ་མ། མངལ་ཆགས་པའི་བུད་མེད། རྗེ་བོ། གཙོ་བོའམ་དཔོན་པོ།

པོ་འདིའི་དབང་ལུང་སླེབས་ཐུབ་པ་བྱུང་། རྗེ་གཉའ་ཁྲི་བཙན་པོས་ཕོ་བྲང་གི་

ཐོག་མ་ཡུམ་བུ་བླ་སྒང་བརྩིགས། རྒྱལ་ཕྲན་མང་པོ་དབང་དུ་བསྡུས། རིས། ༡༥་༡)

(དཔེ་

བཙན་པོ་གཉའ་ཁྲི་ནས་རིམ་པར་གནམ་གྱི་ཁྲི་བདུན་བྱོན་པ་དང་། གནམ་ གྱི་ཁྲི་བདུན་ནི་གཡུང་དྲུང་ཚེའི་རྨུ་ཐག་ལ་བརྟེན་ནས་ནམ་མཁར་གཤེགས་

པས་བང་སོ་མེད་ཟེར། གཡུང་དྲུང་ཚེའི་རྨུ་ཐག་ལ་བརྟེན་ནས་ནམ་མཁར་

གཤེགས་ཞེས་པ་ནི་ཞེ་ས་ཞིག་ཡིན་ཞིང་། དེའི་དོན་ནི་འདས་གྲོངས་སུ་ གྱུར་པའི་དོན་ཡིན། པུར་དང་བང་སོ་མེད་པར་ནམ་མཁར་ཡལ་ཟེར་དགོས་

དོན་ནི། སྐུ་གདུང་ཞུགས་འབུལ་བྱས་པ་དང་། ཞུགས་འབུལ་བྱས་པའི་དུ་བ་

ནམ་མཁར་འཇའ་ལྟར་ཡལ་བས་དེ་ལྟར་བརྗོད་དོ། །

གྲི་གུམ་བཙན་པོ།

རྒྱལ་ཐོག་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་སུ་ཕྱི་ནང་གི་གནས་ཚུལ་

མང་པོ་ཞིག་གི་འོག་ནས་བོན་བསྣུབས་པ་དང་། བོན་གྱི་གཤེན་པོ་རྣམས་

120


ཀྱང་སྐབས་དེ འི ་ བོ ད ་ཁུལ་ནས་ཕྱི ར ་འབུད་བཏང་། གནས་ཚུལ་འདི ་ ལ་བརྟེན་ནས་བློན་པོ་ལོ་ངམ་དང་འགལ་ཟླ་བྱུང་བ་མ་ཟད། མཐའ་མར་

བཙན་པོའི་སྐུ་སྲོག་ཤོར་བ་དང་། ཆབ་སྲིད་དང་དབང་ཆ་ཡང་ལོ་ངམ་ལ་

ཤོར། གཞན་ཡང་ཁོང་གི་སྲས་རྣམས་ཡུལ་གཞན་དུ་བྱོལ་དགོས་ཐུག་པ་

མ་ཟད། གྲི་གུམ་གྱི་སྲས་མོ་ཡང་ལོ་ངམ་གྱིས་བཙན་ཤེད་ལ་བརྟེན་ནས་ བཙུན་མོ་བྱེད་དུ་བཅུག ལོ་ངམ་གྱིས་བོད་ཀྱི་ཆབ་སྲིད་ལོ་ངོ་བཅུ་གསུམ་

རིང་བསྐྱངས། དུས་དེར་བཀྲགས་དང་རྒྱ་ཞེས་པའི་རུས་ཚོ་གཉིས་ཡོད་པ་

ལས། བཀྲགས་ནི་གྲི་གུམ་བཙན་པོ་དང་གཉེན་ཚན་ཡིན་པར་བརྟེན། བཙན་

པོའི་སྐུ་དུས་སུ་རྒྱ་ཡིས་བཀྲགས་ལ་ཁ་གཏད་མ་ཡོང་བར་བརྟེན། བཙན་ པོ་ཉམས་ཉེས་སུ་ཕྱིན་པའི་རྗེས་སུ་རྒྱ་ཡིས་ལོ་ངམ་ལ་འབྲེལ་བ་བཟོས་ཏེ། བཀྲགས་ཀྱི་མི་རབས་མེད་པར་བཟོས། འོན་ཀྱང་བཀྲགས་ཀྱི་ཁྱིམ་རྒྱུད་ཀྱི་

མནའ་མ་ཞིག་སྦྲུམ་མར་གྱུར་ནས་ཟླ་ཤས་ལས་མ་སོང་བར་བརྟེན། སྦྲུམ་མ་

ཡིན་པ་མ་ཤེས་པར་དེ་མུར་བཞག་པས་ཕྱིས་སུ་ཕྲུ་གུ་ཞིག་བཙས་པ་དེ་ནི།

རུ་ལས་སྐྱེས་ཞེས་པ་དེ་ཡིན། ཁོང་ནི་ཕྱོགས་གཅིག་ནས་བཙན་པོའི་སྤུན་ མཆེད་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ཡིས་བཙན་པོའི་རིགས་

རྒྱུད་མེད་པར་བཟོས་པའི་འཁོན་འཛིན་ཡོད་པར་བརྟེན། ཁོང་གི་ཐབས་ ཇུས་འོག་ནས་བཙན་པོའི་སྲིད་དབང་སླར་གསོ་བྱེད་ཐུབ་པ་བྱུང་། ཁོང་ གིས་ཀྱང་ཆུ་ཡུར་ཡོད་པའི་ཞིང་ཁ་བཟོས་པ་དང་། ཟངས་ལྕགས་སོགས་

མཁོ་འདོན་བྱེད་སྟངས་ཀྱི་རིག་པ་གསར་གཏོད་བྱས་པས། ཁོང་མཛངས་ མི་དང་པོར་བགྲངས།

དེ་ནས་པུ་དེ་གུང་རྒྱལ་གྱིས་སྲིད་བཟུང་བ་དང་། སླར་ཡང་བོན་དར་བས་

བོན་ཕྱི་དར་ཟེར། ཁོང་གི་ཡབ་ཀྱི་རིང་ལ་སྲིད་དབང་ཤོར་བ་དང་། དགྲ་

ལག་ཏུ་འདས་པ་དྲན་གསོ་བྱ་ཆེད་བང་སོ་བརྩིགས་པའི་སྲོལ་བཏོད། ཁོང་ དང་ཁོང་གི་ཡབ་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་བ་དང་། དེ་ནས་བར་གྱི་

ལེགས་དྲུག ས་ལ་ལྡེ་བརྒྱད། ཚིགས་ཀྱི་བཙན་ལྔ་སོགས་རིམ་པར་བྱོན། སྐབས་དེའི་ཆབ་སྲིད་ནི་སྒྲུང་། ལྡེའུ། བོན་གསུམ་གྱིས་བསྐྱངས།

121

བོད་ཀྱི་ལོ་རྒ

རྒྱལ་རབས་ཞེ་གཅིག་གི་མཚན།

གནམ་གྱི་ཁྲི་བདུན།

གཉའ་ཁྲི་བཙན་པོ། མུ་ཁྲི་བཙན་པོ། དེང་ཁྲི་ བཙན་པོ། ཤོ་ཁྲི་བཙན་པོ། མེ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ། སྟོད་ཀྱི་སྟེང་གཉིས།

གྲི་གུམ་བཙན་པོ། སྤུ་དེ་གུང་རྒྱལ། བར་གྱི་ལེགས་དྲུག

ཨེ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་ རུ་ལེགས། འབྲོང་ཞེར་ལེགས། ཨི་ཤོ་ལེགས། ས་ལ་ལྡེ་བརྒྱད།

ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་ སྣོལ་ནམ་ལྡེ། སེ་སྣོལ་བོ་ལྡེ། ལྡེ་སྣོལ་ནམ། ལྡེ་ སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན། ཚིགས་ཀྱི་བཙན་ལྔ།

ཏོ་རི་ལོང་བཙན། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་ བཙན། ཁྲི་ཐོག་རྗེ་བཙན། ལྷ་ཐོ་ཐོ་རི་གཉན་ བཙན། (འདིའི་འོག་རྣམས་སློབ་ཕྲུག་གི་ངེས་བདེ་ཕྱིར་སྡེ་ཚན་དུ་ཕྱེ་བ་ ལས་ལོ་རྒྱུས་ཁུངས་མ་ན་མེད་པས་ཡིད་འཇགས་མཛོད།)

རྒྱལ་པོ་གཉན་གསུམ།

ཁྲི ་ གཉན་གཟུང་བཙན། འབྲོ ང ་གཉན་ལྡེའུ། སྟག་རི་གཉན་གཟིགས། རྒྱལ་པོ་སྲོང་བཞི།

གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ། མང་ སྲོང་མང་བཙན། འདུས་སྲོང་མང་པོ་རྗེ། མཐའ་མའི་རྒྱལ་པོ་དྲུག

ཁྲི་ལྡེ་གཙུག་བརྟན། ཁྲི་སྲོང་ལྡེ་བཙན། མུ་ནེ་ བཙན་པོ། ཁྲི་ལྡེ་སྲོང་བཙན། (སད་ན་ལེགས།) ཁྲི་རལ་པ་ཅན། གླང་དར་མ་འུ་དུམ་བཙན།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ཀྱི་སྤྱི་ཚོགས་ ཀྱི ་ གུས་སྲོ ལ ་དང་ཆེ ་ མཐོ ང ་བྱེ ད ་སྲོ ལ ་ནི །

དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང་། བུས་ ཕ་ལ་གུས་པ་བྱེད། མས་བུ་ལ་གུས་པ་བྱེད།

ལམ་དུ་འགྲོ་ བའི ་ ཚེ ་ གཞོ ན་པ་རྣམས་སྔོ ན་

དང་། རྒན་པ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་ པ་ལས་གཞོན་པར་གུས་པ་ཆེ། རང་བཞིན་

གྱིས་ཤི་བ་ངན་པར་བརྩི། གཡུལ་དུ་བསད་ པ་བཟང་པོར་བརྩི་སྲོལ་ཡོད།

ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་བོད་

དུ་གསོ་བ་རིག་པ་འཕེལ་རྒྱས་ཆེན་པོ་བྱུང་ ཡོད་ཅིང་། རྒྱལ་པོས་སྨན་པ་བི་བྱི་དགའ་

བྱེད་དང་བི་ལྷ་མ་དགའ་མཛེས་གཉིས་ཕོ་

བྲང་དུ་སྤྱན་དྲངས་ནས་འབུལ་བ་གྱ་ནོ མ ་

པ་ཕུལ་པར། སྨན་པ་གཉི ས ་ཀྱི ས ་ཀྱང་ རེག་པ་རྩའི་མདོ་དང་འཚོ་བ་ཟས་ཀྱི་མདོ་

སོགས་གནང་ནས་སྨན་གྱི་འགྲོ་དོན་རྒྱ་ཆེར་

མཛད། རྗེས་སུ་སྨན་པ་བི་བྱི་དང་ལྷ་ལྕམ་ ཡིད་ཀྱི་རོལ་ཆའི་སྲས་སྨན་པ་དུང་གི་ཐོར་ ཅོག་ཅན་གྱིས་ལྷ་ཐོ་ཐོ་རི་དང་། དེའི་སྲས་

ཁྲི ་ གཉན་གཟུང་བཙན་གྱི ་ བླ་སྨན་མཛད། དེ་ནས་བཟུང་བོད་ཀྱི་རྒྱལ་པོ་རྣམས་ལ་བླ་ སྨན་འཇོག་པའི་སྲོལ་དར།

ལྷ་ཐོ་ཐོ་རི་གཉན་བཙན།

བཙན་པོ་འདིའི་མཚན་ལ་ལྷ་ཐོ་དོ་རི་གཉན་བཙན་ཞེས་ཀྱང་སྣང་། ཕྱི་ལོ་

༡༧༣ ལོར་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༢༢༣ ལོར་བཙན་པོ་འདི་ཉིད་

དགུང་གྲངས་དྲུག་ཅུ་བཞེས་པའི་སྐབས་སུ་དམ་པའི་ཆོས་ཀྱི་རྟགས་ཙམ་

བྱུང་། སྐབས་འདིར་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་བརྒྱ་བ་ དང་། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་

གེ་དྲུག་པ། ཅིནྟ་མ་ཎིའི་རྐོས་ཕོར། མུ་དྲའི་ཕྱག་རྒྱ་བཅས་ནམ་མཁའ་ནས་ བྱོན་པར་བཤད་པ་ཞིག་དང་། པཎྜིཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐེ་སེ་

སོགས་ཀྱིས་ཁྱེར་ཡོང་བར་བཞེད་མཁན་གཉིས་ཡོད་ཀྱང་། དམ་པའི་ཆོས་ ཀྱི་གླེགས་བམ་དང་རྟེན་སོགས་ཐོག་མ་འདི་ནས་བྱུང་བར་འདོད་པ་གཅིག་

མཐུན་དུ་སྣང་། དེ་དག་གི་དོན་ཅི་ཡིན་རྒྱལ་བློན་རྣམས་ཀྱིས་མ་ཤེས་པར་ མཛོད་ཁང་དུ་བཞག་ནས་མཆོད་པ་ཕུལ་བས་བཙན་པོ་དགུང་གྲངས་བརྒྱ་ དང་ཉི་ཤུར་བཞུགས་པ་མ་ཟད། དབུ་སྐྲ་དཀར་པོ་རྣམས་ནག་པོར་གྱུར་པ་ སོགས་ཀྱི་བཀྲ་ཤིས་པའི་མཚན་མའང་མང་དུ་བྱུང་།

ཁྲི་གཉན་གཟུང་བཙན་དང་འབྲོང་གཉན་ལྡེའུ།

རྒྱལ་པོ་ཁྲི་གཉན་གཟུང་བཙན་ནི། ཡབ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ དང་། ཡུམ་གནོ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། དེའི་སྲས་ འབྲོང་གཉན་ལྡེའུ་ཡིན་ཞིང་། བཙན་པོ་འདི་ཉིད་སྐུ་ན་གཞོན་དུས་སུམ་པའི་

ཡུལ་དུ་ཕེབས་པ་དང་། དེར་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་

ཞིག་དང་འབྲེལ་བ་བྱུང་བ་ལས། སྲས་སུམ་རི་རིང་པོ་ཟེར་བ་ཞིག་འཁྲུངས་

ཀྱང་བཙན་པོས་ངོས་བཞེས་མ་གནང་། དེ་ནས་མཆིམས་བཟའ་ཁབ་ཏུ་ བཞེས། མཆིམས་བཟའ་ཐོག་མར་མཛེས་སྡུག་ལྡན་པ་ཞིག་ཡོད་ཀྱང་། རིམ་ གྱིས་བཞིན་རས་ངོས་སུ་ནག་ཁྲ་ཕོག་པས་མཛེས་མདངས་ཉམས། དེའི་རྒྱུ་

རྐྱེན་འདྲི་སྐབས་མཆིམས་བཟས་ཕ་ཡུལ་ན་ཟས་ཤིག་ཡོད་པ་དེ་བསྟེན་

122


པས་ཡིན་པར་ཞུས་པས། བཙན་པོས་ཟས་དེ་བསྟེན་དགོས་པར་བཀའ་ སྩལ། མཆིམས་བཟས་སྦལ་པ་མར་ཁུས་བཙོས་པ་མཛོད་དུ་བཅུག་ནས་

ལྐོག་ཏུ་བསྟེན་པས་མཛེས་མདངས་སླར་གསོ་ཐུབ། བཙན་པོས་ཁ་ཟས་ གང་ཡིན་ཤེས་ཆེད་མཛོད་ཁང་ནང་དུ་དབྱེ་ཞིབ་གནང་བ་ལས། སྦལ་པའི་ ཤ་ཡིན་པར་མཁྱེན་པས་རྣམ་རྟོག་ཤུགས་ཆེར་བྱུང་བའི་དབང་གིས་བཙན་ པོ་འདི་ཉིད་ཀྱི་སྐུ་ལ་མཛེ་ནད་ཕོག བཙན་པོས་ནད་རྒྱུན་གཅོད་ཆེད་ཡར་

ཀླུང་ཞང་མདར་བང་སོ་བརྩིགས་ནས་བཙན་པོ་ཡབ་ཡུམ་གསོན་དུར་དུ་ བཞུགས་ཤིང་། བང་སོའི་མིང་ལའང་གསོན་མཆད་ཟླུམ་པོ་ཞེས་ཟེར།

བཙན་པོ་གསོན་དུར་དུ་ཕེབས་སྐབས་སྲས་སྟག་རི་གཉན་གཟིགས་ལ་འ་

ཞ་ནས་སྨན་པ་བོས་ཏེ། མིག་ཕྱེ་དགོས་པ་དང་། གལ་ཏེ་མིག་ཕྱེ་མ་ཐུབ་ན་

བོད་ཀྱི་ལོ་རྒ

ཁྱེད་ཀྱིས་ཤེས་སམ།

རྒྱལ་པོ་ཁྲི་གཉན་གཟུང་བཙན་གྱིས་རང་གི་ མ་ཡི་མིང་པོ་ལ་ཞང་ཞེས་བོས་པས། དེ་ཕྱིན་

ཆད་ལ་མ་ཡི ་ མི ང ་པོ ར ་ཞང་དུ་འབོ ད ་པའི ་

སྲོལ་བྱུང་ཞིང་། དེའི་ཡན་གྱི་དུས་སུ་མ་ཡི་ མིང་པོ་ལ་ཇོ་བོ་ཞེས་འབོད་སྲོལ་ཡོད།

སུམ་པའི་སྲས་དེ་གདན་དྲངས་ནས་ཁྲིར་འགོད་དགོས་པ། སྲས་སྟག་རི་

གསར་

གཉན་གཟིགས་གཤེགས་རྫུན་འདེབས་དགོས་ཚུལ་སོགས་ཀྱི་སློབ་སྟོན་

གཏོད།

ཡང་གནང་ངོ་། །

སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན།

སྟག་རི ་ གཉན་གཟི ག ས་ཀྱི ས ་འ་ཞ་ནས་སྨན་པ་བོ ས ་ནས་མི ག ་ཕྱེ ་ སྟེ ་ ཁྲི ་

ལ་བཞུགས་པ་དང་། དྭགས་པོའི་ཡུལ་དང་། བན་པ་རྗེ་སོགས་གཡོ་རུའི་ གཡས་གཡོན་གྱི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ནས་མངའ་ཁོངས་རྒྱ་ སྐྱེད་བཏང་།

གནམ་རི་སྲོང་བཙན་གྱི་སྐབས་སུ་དབུས་གཙང་རུ་བཞི་བཙན་པོའི་མངའ་

འོག་ཏུ་བསྡུས། སྐབས་དེར་བོད་ཅེས་པ་ནི་དབུས་གཙང་རུ་བཞི་ལ་གོ་ དགོས་པ་དང་། བཙན་པོའི་དབང་ལུང་གི་ཁྱབ་ཡུལ་ཡང་རུ་བཞི་ཡིན་པས། བོད་ཁུལ་རྒྱ་སྐྱེད་ངེས་ཅན་ཞིག་བྱུང་། བཙན་པོའི་སྲིད་དབང་རྒྱ་སྐྱེད་

གཏོང་མཁན་གྱི་སྲོལ་འབྱེད་མཁན་ནི་སྟག་རི་གཉན་གཟིགས་ཡིན་པ་དང་། དེ་ནས་རིམ་བཞིན་མངའ་ཐང་རྒྱ་སྐྱེད་བྱས།

123

རྒྱལ་པོ་འབྲོང་གཉན་ལྡེའུ་ཡི་སྐབས་སུ་བོད་ དུ་དཀར་ཡོ ལ ་བཟོ ་ རྒྱུའི ་ ལག་རྩལ་དར་བ་

དང་། རྒྱལ་པོ ་ སྟག་རི ་ གཉན་གཟི ག ས་ཀྱི ་ སྐབས་སུ་དངོས་རྫས་རྣམས་ཚད་ལ་གཞལ་

བྱེ ད ་བྲེ ་ དང་སྲང་ལ་སོ ག ས་པའི ་ ཚད་གཞི ་

གསར་དུ་བཟོས་ཏེ་འབྲུ་རིགས་བྲེ་ལ་འཇལ་ ཞིང་། མར་སྲང་ལ་འདེགས་པའི་ཚོང་ལས་ཀྱི་ འགྲོ་ལམ་གསར་པ་ཞིག་འགོ་བཙུགས།

ཚིག་གསར།

མཛེ་ནད།-leprosy

རྒྱ་སྐྱེད།- Expansion


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

གནམ་མཚོ།

གཡས་རུ། རུ་ལག

བལ་ཡུལ།

དབུ་རུ།

ལྷ་ས།

ཡར་ཀླུང་གཙང་པོ།

ཡར་འབྲོག་གཡུ་མཚོ།

ཡར་ཀླུང་།

གཡོན་རུ།

ཡར་ཀླུང་གཙང་པོ།

སྤོ་མ་གཡུ་མཚོ།

དཔེ་རིས། ༡༥་༣ དབུས་གཙང་རུ་བཞི་ཡི་ས་ཁྲ།

དོ་སྣང་བྱ་རྒྱུ།

""

རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་དར་ཁྱབ་བྱུང་ཡོད།

""

ཨེ་ཤོ་ལེགས་ཀྱི་སྐབས་མཛངས་བློན་ལྷ་བུ་མགོ་དཀར་གྱིས་ཞིང་དང་ཕྱུགས་ལས་འཕེལ་རྒྱས་རྒྱ་ཆེར་

""

"" ""

པུ་དེ་གུང་རྒྱལ་གྱི་སྐབས་མཛངས་བློན་རུ་ལས་སྐྱེས་ཀྱིས་གསེར་དངུལ་ཟངས་ལྕགས་བཞུ་སྦྱངས་བྱས། བཏང་།

སྤུར་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུའི་སྐབས་བོད་དུ་དཀར་ཡོལ་བཟོ་བའི་ལག་རྩལ་དར། སྟག་རི་གཉན་གཟིགས་ཀྱི་སྐབས་བྲེ་སྲང་གཞལ་བྱེད་ཀྱི་སྲོལ་བཏོད།

124


བོད་ཀྱི་ལོ་རྒ

སྦྱོང་ཚན།

དང་པོ། གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ། ༡།

པུར་དང་བང་སོ་མེད་པར་ནམ་མཁར་ཡལ་ཟེར་དགོས་དོན་ནི། སྐུ་གདུང་ཞུགས་འབུལ་བྱས་པ་དང་། ཞུགས་འབུལ་བྱས་པའི་

༢།

བཙན་པོའི་སྲིད་དབང་རྒྱ་སྐྱེད་བྱེད་མཁན་ཐོག་མ་ནི་སྟག་རི་གཉན་གཟིགས་ཡིན།

༣།

༤། ༥།

གཉིས་པ།

དུ་བ་ནམ་མཁར་འཇའ་ལྟར་ཡལ་བས་དེ་ལྟར་བརྗོད་དོ། ། བཀྲགས་དང་རྒྱ་ཞེས་པ་ནི་རུས་ཚོ་གཉིས་ཀྱི་མིང་ཡིན། མཛངས་མི་དང་པོའི་མཚན་ལ་གྲི་གུམ་བཙན་པོ་ཟེར།

ཕྱི་ལོ་ ༢༢༣ ལོར་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས།

གཤམ་གྱི་དྲི་བ་རྣམས་ལ་ལན་བྲི​ིས།

༡།

གཉའ་ཁྲི་བཙན་པོའི་མི་ཁུངས་གང་ཡིན་ཐད་བཤད་སྲོལ་མི་འདྲ་བ་གང་དག་ཡོད།

༣།

གྲི་གུམ་བཙན་པོ་དང་ལོ་ངམ་དབར་དམག་འཐབ་བྱས་ནས་མཇུག་འབྲས་ཅི་ཞིག་བྱུང་ངམ།

༢།

༤། ༥།

གསུམ་པ། ༡།

༢།

གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་དབར་འགལ་ཟླ་བྱུང་བའི་རྒྱུ་རྐྱེན་གང་ཡིན་ནམ།

ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་དུ་དམ་པའི་ཆོས་ཀྱི་གླེགས་བམ་སོགས་དད་རྟེན་ཅི་འདྲ་བྱུང་ངམ། གནམ་རི་སྲོང་བཙན་སྐབས་བོད་ཀྱི་མངའ་ཁུལ་རྒྱ་སྐྱེད་ཇི་ལྟར་གནང་ཡོད།

གྲོས་སྡུར་བྱ་རྒྱུ།

གཉའ་ཁྲི་བཙན་པོ་བྱོན་པའི་སྐབས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གང་འདྲ་ཡོད་པའི་སྐོར་ལ་གྲོས་སྡུར་བྱོས། བོད་དུ་དམ་པའི་ཆོས་དབུ་བརྙེས་ཚུལ་སྐོར་ལ་བགྲོ་གླེང་བྱ་དགོས།

125



བོད་གནས་ངོ་སྤྲོད། "" བོད་ཀྱི་རྒྱལ་དར་ངོ་སྤྲོད། "" བོད་ཀྱི་འབྲོག་པ།

"" བོད་ཀྱི་དུས་ཆེན་དང་དུས་དྲན།



བོད་གནས་ངོ་སྤྲོ

༡༦

བོད་ཀྱི་རྒྱལ་དར་ངོ་སྤྲོད།

ཁྱེད་ཀྱིས་དར་ཆ་འདི་ཚོ་ངོས་འཛིན་ཐུབ་བམ།

དཔེ་རིས། ༡༦་༡ དར་ཆ་མི་འདྲ་བ།

དར་ཆ་ཟེར་ན་ཅི་ཞིག་རེད།

༄༅། །དར་ཆ་ནི་རས་ལྷེབ་བཟོ་དབྱིབས་དང་ཚོས་གཞི་འདྲ་མིན་ཞིག་གི་སྟེང་རྒྱལ་ཁབ་དང་། ཚོགས་པ། རུ་ཁག་གང་ རུང་གིས་མཚོན་དོན་བྲིས་ཏེ། དར་ཤིང་གི་རྩེ་ལ་བསྒྲེངས་ནས་སོ་སོའི་ངོ་བོ་མཚོན་བྱེད་ཅིག་གོ །

རྒྱལ་དར་ཟེར་ན་ཅི་ཞིག་རེད།

རྒྱལ་དར་ཟེར་ན་རྒྱལ་ཁབ་ཅིག་གི་མཚོན་རྟགས་ཀྱི་དར་ཆ་ཞིག་ཡིན། དུས་

རྒྱུན་དར་ཆ་དེ་རྒྱལ་ཁབ་ཅིག་གི་གཞུང་ངམ། ཡང་ན། དེའི་མི་མང་གིས་ སྒྲེང་འཛུགས་བྱེད་པ་ཡང་ཡང་མཐོང་ཐུབ།

རྒྱལ་དར་གྱིས་གང་མཚོན་ཐུབ་བམ།

རྒྱལ་དར་གྱིས་རྒྱལ་ཁབ་ཅིག་གི་ངོ་བོ་དང་། གདེང་སྤོབས། རང་དབང་

མཚོན་ཐུབ། རྒྱལ་དར་གྱི་དབྱིབས་དང་། ཁ་དོག དཔེ་རིས་སོགས་ཀྱིས་ རྒྱལ་ཁབ་ཅིག་གི་ཆེ་མཐོང་དང་། ལོ་རྒྱུས་མངོན་ཐུབ་པ་མ་ཟད། དེས་སོ་

སོའི་མི་རིགས་ཀྱི་ཆིག་སྒྲིལ་དང་། རྒྱལ་ཞེན། འཕེལ་རྒྱས་སོགས་སེམས་ ཁོང་དུ་གནས་ཐུབ་པར་ཕན་ནུས་འདོན་ཐུབ།

129

ཁྱེད་ཀྱིས་ཤེས་སམ་། རྒྱལ་སྤྱིའི་ཨོ་ལིམ་པིག་གི་དར་ཆའི་ནང་གི་

སྒོར་སྒོར་ལྔ་ཡིས་གླིང་ཆེན་ལྔ་གཅིག་གྱུར་

གྱིས་མཛའ་འབྲེལ་བྱེད་པ་མཚོན། རྩེད་འགྲན་

དེ་ནི་འཛམ་གླིང་གཅིག་གྱུར་དང༌། སྤྱི་ཚོགས་ བདེ་ཐབས། འགྲོ་བ་མིའི་ཐོབ་ཐང་བཅས་ཡར་ རྒྱས་གཏོ ང ་བར་དམི ག ས་པའི ་ རྩེད་འགྲན་ ཞིག་ཡིན།


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

བོད་ཀྱི་རྒྱལ་དར།

བོད་ཀྱི་རྒྱལ་དར་ལ་ཡང་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཀྱི་འཕེལ་

དཔེ་རིས། ༡༦་༢ བཙན་པོའི་སྐབས་ཀྱི་རུ་དར།

ཁྱེད་

རིམ་ཡོད། དེ་ཡང་བོད་རྒྱལ་ལོ་བརྒྱད་བརྒྱ་ཉི་ཤུའམ། ཡི་ཤུའི་འདས་ལོ་

བརྒྱ་ཕྲག་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། བོད་རྒྱལ་ཁབ་ཆེན་པོའི་ས་ཡུལ་རྒྱ་ཆེ་ཞིག་རྒོད་ཀྱི་སྟོང་སྡེ་དང་། གཡུང་ གི་མི་སྡེ་ཞེས་པའི་ཡུལ་ཚོ་ཁག་ཏུ་དབྱེ་བགོས་མཛད། སྡེ་ཁག་དེ་དག་ནས་

དམག་གི་དཔུང་ཚོགས་ཆེན་པོ་འབུམ་ཕྲག་ཉི་ཤུ་རྩ་བརྒྱད་དང་། ཁྲི་དྲུག་

ཀྱིས་

ཙམ་བསྡུས་ཏེ་བོད་ཀྱི་མཐའ་མཚམས་ཁག་ཏུ་མངགས། བོད་རྒྱལ་ཁབ་

ཤེས་

སམ་ རྒྱལ་ཁབ་མང་པོའི་རྩ་ཁྲིམས་སུ་རྒྱལ་དར།

རྒྱལ་རྟགས། རྒྱལ་གླུ་སོགས་གཏན་ལ་ཕབ་ ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་གྱི་གནས་

སྐབས་ཡིན་སྟབས་དེའི་སྐོར་གཏན་འབེབས་ གནང་མེད། ལྔ་བཅུ་ང་དགུའི་ལོ་དེར་༸གོང་

ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་

དུ་ཆིབས་སྒྱུར་གནང་བ་ནས་བཟུང་རྒྱལ་དར་

ཀྱི་མངའ་ཁོངས་ཡོངས་རྫོགས་རྒྱལ་ཁྲིམས་གཅིག་གི་འོག་ཏུ་བསྡུས་པར་

མཛད། བོད་ཀྱི་ཁྱིམ་མཚེས་རྒྱ་ནག་གི་རྒྱལ་སའང་བོད་དམག་གིས་དབང་ སྒྱུར་བྱས་པ་སོགས་སྔ་རབས་བོད་མིའི་དཔའ་མཛངས་སྙིང་སྟོབས་ཀྱི་ལོ་ རྒྱུས་ནི། དུས་ད་ལྟའི་བར་འཛམ་གླིང་འདིར་རླུང་ལྟར་གྲགས་ཡོད།

སྐབས་དེའི་བོད་ཀྱི་དམག་དཔུང་གི་རུ་དར་ནི་གཡོན་རུ་སྟོད་ཀྱི་རུ་དར་

སེངྒེ་ཁ་སྤྲོད་དང་། གཡས་རུ་སྨད་ཀྱི་རུ་དར་སེངྒེ་གོང་བཀྲ། གཙང་རུ་

ལག་གི་རུ་དར་སེངྒེ་གནམ་སྒྲེང་། དབུ་རུ་སྟོད་ཀྱི་རུ་དར་དམར་པོ་ལ་མེ་

དང་། རྒྱལ་རྟགས། རྒྱལ་གླུ་བཅས་འཛིན་སྐྱོང་

ལྕེ་དཀར་པོ་གསལ་བ་ཞེས་སོགས་ད་དུང་དམག་སོ་སོའི་རུ་དར་རྣམ་པ་

ད་ལྟ་མཐོང་རྒྱུ་ཡོད་པའི་བོད་ཀྱི་རྒྱལ་དར་

པ་འདིའི་འགོ་སྟོད་བར་བོད་དམག་ཚོའི་རུ་དར་གཞི​ི་དམར་པོའི་ངོས་སུ་

འོངས་པར་ཁྲིམས་ཡིག་ཏུ་གཏན་འབེབས་

ཡོད་ཅིང་། ཕྱིས་སུ་གངས་ལྗོངས་ཆོས་སྲིད་ཡོངས་ཀྱི་བདག་པོ་༸གོང་

གིས་ཐག་གཅོད་དང་གཏན་འབེབས་བྱས།

གྱི་རི་མོ་དང་ཆེ་ཆུང་གི་ཚད་གཞི་སོགས་མ་ ཡོང་ངེས་པ་ཡིན།

ཚིག་ གསར།

དམག་སྒར།-Military Camp ངོ་བོ།-Identity

མཐའ་མཚམས།-Border

རྒྱལ་རྟགས།-National Emblem

མི་འདྲ་བ་རེ་རེ་ཡོད་པའི་གནའ་སྲོལ་རིམ་བརྒྱུད་ཀྱིས་དུས་རབས་ཉི་ཤུ་

སེངྒེ་ཁ་སྤྲོད་དང་། སེངྒེ་གནམ་མཆོངས་ཀྱི་རི་མོས་བརྒྱན་པ་ཅི་རིགས་

ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་འཛམ་གླིང་

རྒྱལ་ཁབ་སྤྱི་སྲོལ་ལྟར་དུས་བསྟུན་ཡར་རྒྱས་ཀྱི་ལེགས་ཆ་བཏུས་པའི ་

ཆབ་སྲིད་འཛིན་སྐྱོང་བཀའ་དྲིན་ཆེ་སྐབས། ད་ལྟའི་བོད་ཀྱི་རྒྱལ་དར་འདིའི་ རིས་བཀོད་ཀྱང་རྩ་བ་སྔར་ཡོད་ལ་གཞི་བཅོལ་ཏེ་གསར་བཟོ་མཛད་པ་

130


དང་། བོད་ཀྱི་རྒྱལ་སྲུང་དམག་སྒར་ཚང་མས་རྒྱལ་དར་

འདི་གཅིག་གྱུར་གྱིས་སྒྲེང་འཛུགས་དགོས་པའི་གཞུང་ འབྲེལ་བཀོད་ཁྱབ་གནང་། དུས་དེ་ནས་བཟུང་བོད་དམག་

རུ་ཤོག་སོ་སོའི་དམག་དར་ཡང་བོད་ཀྱི་རྒྱལ་དར་འདི་ ཉིད་བྱེད་པ་ཡིན།

མཆན་ འགྲེལ།

བོད་གནས་ངོ་སྤྲོ

རྒོད་ཀྱི ་ སྟོ ང ་སྡེ ། སྲོ ང ་བཙན་སྒམ་པོ འི ་ སྐབས་ཡུལ་གྲུ་སོ ་ སོ ར ་ བཙུགས་པའི་དམག་སྡེ།

གཡུང་གི་མི་སྡེ། སྲོང་བཙན་སྒམ་པོའི་སྐབས་སུ་རྒྱལ་པོར་དགོས་ མཁོ་སྒྲུབ་མཁན་འབངས་མིའམ་བྲན་གཡོག་དྲག་གྲས།

རྒྱལ་དར་འདིའི་ཚོན་རིས་ཀྱིས་གངས་ལྗོངས་བོད་ཆོས་ལྡན་ཞིང་གི་བཀོད་པ་དང་། བོད་མི་རིགས་ཀྱི་སྤྱི་ཚོགས་གོམས་

གཤིས། བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་སོགས་གང་ཅིའི་ཁྱད་ཆོས་གསལ་པོར་མཚོན་པ་དང་། བོད་ནི་འཛམ་གླིང་

ནང་རྒྱལ་ཁབ་རྙིང་པའི་གྲས་ཤིག་ཡིན་པའི་རྒྱལ་རབས་ལོ་རྒྱུས་གསལ་པོ་སྟོན་གྱི་ཡོད་པར་བརྟེན། ཆོལ་ཁ་གསུམ་དུ་ གྲགས་པའི་བོད་ཡུལ་ཁྱོན་གྱི་སྐྱེ་བོ་རིས་སུ་མ་ཆད་པས་རྒྱལ་དར་འདི་བཞིན་རང་གི་ཕ་མེས་ཀྱིས་བཞག་པའི་བོད་རྒྱལ་

ཁབ་ཀྱི་མཚོན་དོན་བླ་ན་མེད་པ་ཞིག་ཡིན་པར་གཅིག་གྱུར་དུ་ངོས་འཛིན་དང་། གཙིགས་མཐོང་ཤིན་ཏུ་ཆེན་པོ་བྱས་དང་ བྱེད་བཞིན་ཡོད་དོ། །

དཔེ་རིས། ༡༦་༣ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར།

རྒྱལ་དར་འགྲེལ་བཤད།

"" དབུས་སུ་གངས་ཀྱི་རི་བོ་བརྗིད་ཆགས་སུ་གནས་པས་གངས་རིས་བསྐོར་བའི་ཞིང་ཞེས་ཡོངས་སུ་ གྲགས་པའི་བོད་རྒྱལ་ཁབ་ཆེན་པོའི་ཡུལ་གྱི་བཀོད་པ་མཚོན།

"" ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས། སེ་དང་། རྨུ། ལྡོང་། སྟོང་། འབྲུ། དབྲ་སྟེ་

131


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

བོད་མི་རིགས་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན།

"" རིགས་ཀྱི་ཁ་དོག་དམར་པོ་དང་། ནམ་མཁའི་ཁ་དོག་སྔོ་ནག་སྤེལ་བས། རིང་ནས་འགོ་བའི་ལྷ་སྲུང་ དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོབ་ཀྱི་འཕྲིན་ལས་གཡེལ་བ་མེད་པར་སྒྲུབ་པ་མཚོན།

"" གངས་རིའི་རྩེ་ནས་ཉི་མ་ཤར་བའི་འོད་ཟེར་རྒྱ་ཁྱབ་ཏུ་འཕྲོ་བས།

བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་

རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་སྣང་བར་ཀུན་སྙོམས་སུ་ལོངས་སུ་སྤྱོད་པ་མཚོན།

"" གངས་རིའི་ངོགས་སུ་མི་འཇིགས་གདོང་ལྔ་འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས། ཆོས་སྲིད་ ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཀུན་ལས་རྣམ་པར་རྒྱལ་བ་མཚོན།

"" གོང་ན་ནོར་བུ་ཁ་དོག་གསུམ་ལྡན་འོད་འབར་པས།

བོད་མི་ཡོངས་ཀྱིས་རྟག་ཏུ་སྐྱབས་གནས་

དཀོན་མཆོག་རིན་ཆེན་རྣམ་གསུམ་གཙུག་ཏུ་བཀུར་བ་མཚོན།

"" སེངྒེ་གཉིས་ཀྱི་ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་དོག་གཉིས་ལྡན་ཞིག་བཟུང་བས། བ་བཅུ་དང་།

ལྷ་ཆོས་དགེ་

མི་ཆོས་གཙང་མ་བཅུ་དྲུག་སྙིང་པོར་གྱུར་པའི་ལུགས་ཟུང་བླང་དོར་གྱི་རང་ཁྲིམས་

གཅེས་སྲུང་བྱེད་པ་མཚོན།

"" མཐའ་ལྕགས་ཁ་དོག་སེར་པོས་བརྒྱན་པས། གསེར་སྦྱངས་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ ཕྱོགས་དུས་མུ་མེད་དུ་དར་ཞིང་རྒྱས་པ་མཚོན་པ་བཅས་སོ། །

132


བོད་གནས་ངོ་སྤྲོ

སྦྱོང་ཚན། ཀ༽ གཤམ་གྱི་དྲི་བར་ལན་རྒྱོབས། ༡།

རྒྱལ་དར་ཟེར་ན་གང་རེད།

༣།

ཁ་དོག་དམར་པོ་དང་། སྔོ་ནག་སྤེལ་མས་གང་མཚོན་ནམ།

༤། ༥།

རྒྱལ་དར་གྱིས་གང་མཚོན་ཐུབ་བམ།

གངས་རིའི་རྩེ་ནས་ཉི་འོད་ཁྱབ་པས་གང་མཚོན་ནམ། མཐའ་ལྕགས་ཁ་དོག་སེར་པོས་གང་མཚོན་ནམ།

ཁ༽ བྱེད་སྒོ།

༡། ཁྱེད་ཀྱིས་འབྲི་དེབ་ནང་བོད་ཀྱི་རྒྱལ་དར་གྱི་རི་མོ་བྲིས་ནས་ཚོན་ཐོངས། ༢།

འཛམ་གླིང་ནང་གི་རྒྱལ་ཁབ་ལྔ་ཡི་རྒྱལ་དར་བཙལ་ནས་ཁྱེད་ཀྱི་འབྲི་དེབ་ནང་སྦྱོར་དགོས།

༣། ཁྱེད་ཀྱིས་དགའ་མོས་བྱེད་སའི་རྒྱལ་ཁབ་ཅིག་གི་རྒྱལ་དར་སྐོར་འཛིན་གྲྭའི་ནང་ངོ་སྤྲོད་བྱོས།

ག༽ གལ་ཏེའི་དྲི་བ།

"" གལ་ཏེ་ང་ཚོའི་རྒྱལ་ཁབ་ལ་རྒྱལ་དར་མེད་ན། སློབ་ཕྲུག་གསུམ་མམ་བཞི་སྡེ་ཚན་དུ་བགོས་ཏེ། གྲོས་བསྡུར་བྱས་ ནས་ལན་འབྲི་བ་དང་། སྡེ་ཚན་གྱི་འཐུས་ཚབ་ཅིག་ གིས་སྒྲོག་སྦྱང་བྱེད་དགོས།

133


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ང་།༽ མཐུན་སྦྱོར་གྱིས།

བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་རང་དབང་

ཆོ ས ་འབྱོ ར ་བདེ ་ སྐྱི ད ་ཀྱི ་ སྣང་བར་ཀུན་ སྙོམས་སུ་ལོངས་སུ་སྤྱོད་པ་མཚོན།

བོད་རྒྱལ་ཁབ་ཆེན་པོའི་ཡུལ་གྱི་བཀོད་པ་ མཚོན།

ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་ མ་བཅུ་དྲུག་སྙི ང ་པོ ར ་གྱུར་པའི ་ ལུགས་ ཟུང་བླང་དོར་གྱི་རང་ཁྲིམས་གཅེས་སྲུང་ བྱེད་པ་མཚོན།

སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་མུ་ མེད་དུ་དར་ཞིང་རྒྱས་པ་མཚོན།

134


༡༧

བོད་གནས་ངོ་སྤྲོ

བོད་ཀྱི་འབྲོག་པ།

༄༅། །སྒྲོལ་མའི་སེམས་ནང་། མོའི་ཕ་མེས་ཚོས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སྤང་ལྗོངས་

དང་རྩྭ་ཐང་གི་སྟེང་། གཡག་གི་རྩིད་པ་ལས་བཟོས་པའི་སྦྲ་གུར་དང་། རྟ་ནོར་ལུག་གསུམ་ གྱི་མཉམ་དུ་བསྐྱལ་བའི་འཚོ་བ་སྐྱིད་པོ་དེ་དྲན།

འོན་ཀྱང་ཟླ་ཤས་སྔོན་རྒྱ་ནག་གཞུང་གི་དབང་འཛིན་པས་འབྲོག་པ་རྣམས་ལ་རྩྭ་

ཐང་སླར་གསོ་དང་བྱེ་འགྱུར་འགོག་ཐབས་ཀྱི་ཆེད་ཡིན་ཞེས་ཁ་གཡར་ནས་འབྲོག་

པ་རྣམས་གནས་སྤོ་དགོས་པའི་དུས་བཀག་བཙན་བཀའ་བཏང་། སྒྲོལ་མའི་ཁྱིམ་

ཚང་གིས་རྒྱ་གཞུང་གིས་བཤད་པར་མ་ཉན་སྟབས། གཞུང་གིས་དམག་མི་བཏང་ནས་མོའི་

ནང་མིར་འཇིགས་སྐུལ་བྱས་པ་དང་། དུས་བཀག་ནང་ཚུད་གནས་སྤོ་མ་བྱས་ན་ཉེས་ཆད་རྒྱ་སྒོར་ ༡༠༠༠ སྤྲོད་ དགོས་པ་མ་ཟད། བཙོན་འཇུག་གི་ཉེས་པ་ཡང་ཕོག་སྲིད་པའི་སྡིགས་ར་བསྐུལ།

བོད་མཐོ་སྒང་གི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༢.༥ ལས་བརྒྱ་ཆ་ ༧༠ ཙམ་ནི་རྩྭ་ཐང་གིས་ཁྱབ་ཡོད། བོད་ཀྱི་འབྲོག་པ་ཚོར་མཚོན་ན་རྩྭ་ཐང་ནི་ཁོ་ཚོའི་ཁྱིམ་གཞི་ཡིན། ཁོ་ཚོས་གཡག་དང་། འབྲི། ར། ལུག རྟ་བཅས་

གསོ་སྐྱོང་བྱེད་ཀྱི་ཡོད་ཅིང་། ཕྱུག་པོ་ཞིག་ལ་ར་ལུག་དང་འབྲི་གཡག་སྟོང་ཕྲག་མང་པོ་ཡོད་སྟབས་ས་ཆ་གཅིག་ རང་ལ་གཏན་སྡོད་མི་བྱེད་པར། སྒོ་ཕྱུགས་རྣམས་ཤ་ཤེད་རྒྱས་པ་དང་། དཀར་ཆུ་བཟང་པོ་ཡོང་ཆེད། རྩྭ་ཆུ་བཟང་ བའི་ས་ཆ་རུ་སྤོས་ནས་འགྲོ་ཡི་ཡོད།

འབྲོག་པ་ཟེར་ན་ཅི་ཞིག་ཡིན་ནམ།

སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱས་ ཏེ ་ གནས་ངེ ས ་མེ ད ་དུ་འཚོ་བ་སྐྱེལ་ མཁན་ལ་འབྲོག་པ་ཟེར།

དཔེ་རིས། ༡༧་༡ འབྲོག་པའི་འཚོ་བ།

135


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ཁྱོད་ཀྱིས་ཤེས་སམ་།

སློབ་གྲོགས་ཚོ། ཁྱེད་ཚོས་

འབྲོག་པའི་སྐོར་ལ་གང་ ཤེས་ཀྱི་ཡོད་དམ།

༡།

བོད་ཀྱི་འབྲོག་པའི་རྒྱུན་སྤྱོད་མཁོ་ཆས།

འབྲོག་པའི་སྦྲ་གུར།

སྦྲ་གུར་ནི་འབྲོག་པ་སྡོད་སའི་གུར་ཡིན་ལ། དེ་ནི་གཡག་གི་རྩིད་པའི་སྐུད་ པ་འཁེལ་བ་དང་། སྐུད་པའི་རེ་ལྡེ་འཐག་སྟེ་བཟོས་པ་ཞིག་ཡིན། སྦྲ་གུར་ལ་ ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད།

༢།

འབྲོག་པའི་ཟས།

འབྲོག་པའི་ཟས་གཙོ་བོ་ནི་ཞོ་དང་། འོ་མ། མར། ཕྱུར་བ་སོགས་དཀར་

ཟས་ཀྱི་རིགས་དང་། གཡག་ཤ་དང་། ལུག་ཤ་སོགས་དམར་ཟས་རིགས་

དཔེ་རིས། ༡༧་༢ འབྲོག་པའི་སྦྲ་གུར།

ཀྱི་གཙོ་བོ་ཡིན། གཞན་ཡང་ཞིང་པས་འབྲོག་པར་རྩམ་པ་དང་། གྲོ་ཞིབ།

འབྲས་སོགས་ཞིང་པའི་སྟོན་འབྲས་དང་། འབྲོག་པས་ཞིང་པར་ཤ་དང་།

མར། ཕྱུར་བ་མཁོ་འདོན་བྱས་ཏེ་བརྗེ་ཚོང་ལམ་ལུགས་ཀྱི་སྲོལ་ཡང་ཡོད།

༣།

དཔེ་རིས། ༡༧་༣ འབྲོག་པའི་ཕྱུར་བ། རྣ་ལོང་།

སྟོད་ཐུང་།

འོག་འཇུག

སློག་པ།

མེ་ལྕགས།

འུར་རྡོ།

སྐ་རགས།

ཞོ་བཟུང་།

ཁབ་ཤུབས།

དོར་མ།

ཕྱུ་པ།

མཐའ་གཤམ།

ལྷམ།

དཔེ་རིས། ༡༧་༤ འབྲོག་པའི་ཆས་གོས།

136

འབྲོག་པའི་ཆས་གོས།

གནའ་སྔ་མོ་འབྲོག་པ་ཚོས་རྒྱུན་དུ་

སེམས་ཅན་གྱི་པགས་པས་བཟོས་པའི་

སློག་པ་དང་། ཕྱུ་པ། སྟོད་ཐུང་། དོར་ མ་སོགས་གྱོན་གྱི་ཡོད། སྐྱེས་པ་ཚོས་

གོང་བ་དང་མཐའ་གཤམ་ལ་སྤུ་མ་ནག་ པོ་མཐོ་གང་ཙམ་བྱས་པའི་མཐའ་ལྕགས་

གཏོ ང ་བ་དང་། བུད་མེ ད ་ཚོ ས ་གོ ས ་

ཀྱི ་ གོ ང ་བ་དང་མཐའ་གཤམ་ལ་མཐའ་ ལྕགས་སྔོན་པོ་དང་། སེར་པོ། དཀར་པོ། དམར་པོ། ལྗང་ཁུ་བཅས་ས་ཆ་སོ་སོའི་


ལུགས་སྲོལ་ལྟར་འཇའ་གཏོང་སྲོལ་ཡོད། གཞན་ཡང་འབྲོག་པ་རྣམས་གོས་

ཀྱི་མཐའ་གཤམ་དང་གོང་བ་རུ་སྟག་ལྤགས་དང་གཟིག་ལྤགས། ཝ་ལྤགས། སྲམ་ལྤགས་བརྒྱན་པའི་དར་སྲོལ་ཆེན་པོ་ཡོད་ནའང་། ཕྱི་ལོ་ ༢༠༠༦ ལོར་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྩ་ཆེན་སྲོག་ཆགས་ སྲུང་སྐྱོབ་ཀྱི་བཀའ་སློབ་ལ་བརྟེན་ནས་མཚམས་འཇོག་བྱས།

འབྲོག་པ་ཕོ་མོའི་ལས་འགན།

ཚིག་ གསར།

འབྲོག་པ། སྦྲ་གུར།

བོད་གནས་ངོ་སྤྲོ Nomad Tent

སྒོ་ཕྱུགས། ཕྱུར་བ།

Domestic Animal

Cheese

བརྗེ་ཚོང་ལམ་ལུགས། ཐགས་འཐག་པ། རྨོད།

Barter System

Weave

Plough

འབྲོག་མོ་ཚོས་རྒྱུན་དུ་འོ་མ་འཇོ་བ་དང་། ཞོ་བསྙལ་བ། མར་འདོན་པ།

ཕྱུར་བ་དང་ཕྱུར་ཞིབ་བཟོ་བའི་དཀར་ཆུའི་རིགས་དང་། བལ་གསེད་པ།

སྣལ་མ་འཁེལ་བ། ཐགས་འཐག་པ། སྦྲ་གུར་བཟོ་བ་བཅས་འཁེལ་འཐག་

གི་རིགས། ཉིན་ལྟར་ཇ་སྐོལ་བ་དང་། ཁ་ལག་བཟོ་བ། སྣོད་ཆས་བཀྲུ་བ་ སོགས་ཐབ་ལས་ཀྱི་རིགས། ནོར་ལྷས་ནས་ལྕི་བ་འཕོ་བ་དང་། མེ་ཤིང་

ཆེད་ལྕི་བ་སྐམ་པ་སོགས་ཀྱིས་མཚོན་པའི་ནང་ལས་བྱེད་ཀྱི་ཡོད།

དཔེ་རིས། ༡༧་༥ འབྲོག་མོས་འོ་མ་བཞོ་བ།

འབྲོག་པའི་སྐྱེས་པ་ཚོས་ནོར་ལུག་འཚོ་བ་དང་། རྟ་འདུལ་སྦྱོང་། བལ་འབྲེག་པ། ཀོ་བ་དང་པགས་པ་མཉེད་པ། ཚོང་ལས་ བྱེད་པ། དགྲ་འཐབ་པ། ཁྱིམ་མིའི་ཟ་མའི་ཆེད་ལུག་སོགས་བཤའ་བའི་ལས་རྣམས་བྱེད་ཀྱི་ཡོད།

གནའ་སྔ་མོར་འབྲོག་པ་ཕོ་མོའི་ལས་ཀར་དབྱེ་མཚམས་འབྱེད་སྲོལ་ཡོད་ཀྱང་། དེང་སྐབས་ཕོ་མོ་ལ་དབྱེ་བ་མེད་པར་

དགའ་ཕྱོགས་དང་འཇོན་ཐང་ལ་དཔག་སྟེ་ལས་ཀ་བྱེད་ཀྱི་ཡོད།

འབྲོག་པའི་དུས་སྟོན།

འབྲོག་པའི་དུས་སྟོན་རིང་འབྲོག་པ་ཚོས་དགའ་དགའ་སྤྲོ་སྤྲོ་བྱེད་

བཞིན། དུས་སྟོན་སྐབས་འབྲོག་པ་རྣམས་ས་ཁུལ་གཅིག་ཏུ་འཛོམས་

ཏེ་བདུན་ཕྲག་རེ་གཉིས་རིང་རྟ་རྒྱུག་དང་། གཡག་རྒྱུག མི་རྒྱུག

དཔེ་རིས། ༡༧་༦ རྟ་རྒྱུག་འགྲན་བསྡུར།

མདའ་རྩལ། གཡག་རྡུང་ག་འགྲན་པ་བཅས་བྱེད་པ་མ་ཟད། གཞས་ དང་ཞབས་བྲོ་འཁྲབ་སྟེ་དུས་སྟོན་ལ་རོལ་གྱི་ཡོད།

137


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཚིག་ གསར།

འབྲོང་།

རུ་སྤོར་བ།

Wild Yak

ནུ་གསོ་སྲོག་ཆགས། འབྲོག་ཁྱི།

Mammal

Tibetan Mastiff

འབྲོག་པ་རྣམས་ས་གནས་གཅིག་ཏུ་གཞིས་ཆགས་ནས་མི་སྡོད་པར། ནམ་

དུས་དང་བསྟུན་ནས་རུ་སྤོར་ནས་འགྲོ་ཡི་ཡོད། དཔྱིད་ཀ་ནི་མ་མོ་ལ་ལུ་གུ་

དང་། ར་མ་ལ་རེའུ། འབྲི་ལ་བེའུ་སྐྱེས་པའི་སྐབས་

ཡིན་པས། བྲེལ་བ་ཆེ་ཞིང་སྒོ་ཕྱུགས་འཚོ་སྐྱོང་ལ་ དཀའ་ལས་ཆེ་ཤོས་ཀྱི་དུས་ཡིན། དབྱར་ཁའི་དུས་ སུ་རྩྭ་ཆུ་བཟང་བས་ནོར་ཕྱུགས་རྣམས་དེད་ནས་

ས་བབ་མཐོ་སར་སྤོར་བ་དང་། ས་དེ་ལ་དབྱར་ས་

ཟེར། སྟོན་ཀའི་དུས་སུ་འབྲོག་པས་ནོར་ལུག་རྣམས་ ས་བབ་ཅུང་དམའ་སར་སྤོར་ནས་འགྲོ་བ་དང་། དེ་

དུས་དཀར་ཆུ་འོ་མ་བཟང་ཞིང་། ཤ་ཤེད་རྒྱས་པས་

དཔེ་རིས། ༡༧་༧ འབྲོག་པ་རུ་སྤོ་བ།

འབྲོག་པ་སྐྱེས་པ་ཚོ་ཚོང་རྒྱག་ཏུ་འགྲོ་བའི་དུས་ཚོད་ཡིན། དགུན་ཁའི་དུས་སུ་གནམ་གཤིས་ཧ་ཅང་གྲང་བས་ས་ཆ་

དམའ་སར་སྡོད་ལ། ས་དེ་ལ་དགུན་ས་དང་དགུན་མཚེར་ཡང་ཟེར།

༡།

གཡག

འབྲོག་པའི་སེམས་ཅན།

གཡག་ནི་གཟུགས་སྟོབས་ཆེན་པོ་ཡོད་པའི་ནུ་གསོ་སྲོག་ཆགས་ཤིག་ཡིན། གཡག་སྤྱིའི་གཟུགས་པོའི་མཐོ་ཚད་ལ་མི་ ཊར་ ༡་༡ ནས་ ༡་༤ བར་དང་། ལྗིད་ཚད་ནི་ཀི་

ལོ་ ༣༢༠ ནས་ ༤༦༠ ཙམ་ཡིན། མིས་བདག་

སྐྱོང་བྱས་པ་ལ་གཡག་དང་། བདག་སྐྱོང་མ་བྱས་

པར་བྱང་ཐང་དུ་གནས་པ་ལ་འབྲོང་ཟེར། གཡག་ ནི་གནམ་གཤིས་གྲང་མོ་དང་། ས་ཆ་སྐམ་པོ། ཆ་

སྙོ མ ས་མཐོ ་ ཚད་རྒྱ་མཚོ ་ ལས་མི ་ ཊར་ལྔ་སྟོ ང ་ ཡན་གྱི་ས་ཆར་སྡོད་ཐུབ་ཀྱི་ཡོད། དེ་ལྟར་སྡོད་

དཔེ་རིས། ༡༧་༨ གཡག

138


བོད་གནས་ངོ་སྤྲོ

ཐུབ་པའི་རྒྱུ་མཚན་ནི། གཡག་གི་ལུས་ལ་སྐྱེས་པའི་ཁུ་ལུ་དང་རྩིད་པ་མཐུག་པོ་ཡོད་པས་ཡིན། འབྲོག་པ་རྣམས་ཀྱིས་ བོད་མཐོ་སྒང་གི་ས་མཐོར་གཡག་ལ་ཁལ་བཀལ་ནས་འགྲུལ་བཞུད་བྱེད་ཀྱི་ཡོད་སྟབས། ཕྱི་རྒྱལ་བ་ཚོས་གཡག་ལ་མཐོ་ སྒང་གི་གྲུ་གཟིངས་ཞེས་ཀྱང་འབོད་སྲོལ་འདུག

༢།

འབྲོག་ཁྱི།

འབྲོག་པའི་ཁྱི་ལ་འབྲོག་ཁྱི་ཟེར། ཁྱི་དེ་ནི་མཐོ་སྒང་ནས་བྱུང་བའི་ཁྱི་རྒྱུད་ཅིག་ཡིན་ལ། དེའི་གཟུགས་ཕུང་ཆེ་ཞིང་མཐོ་

ཚད་ལ་མི་ཊར་ ༠་༦༦ ནས་ ༠་༧༦ བར་དང་། ལྗིད་ཚད་ལ་ཀི་ལོ་ ༥༠ ནས་ ༧༠ ཙམ་ཡོད། འབྲོག་ཁྱི་ནི་དཀྱིལ་ཤར་ ཨེ་ཤི་ཡའི་ས་སྒང་དང་། རི་བོ། ཐང་གཤོངས། རི་བོ་ཧི་མཱ་ལ་ཡའི་འདབས་རོལ་གྱི་མཐོ་སྒང་གི་མི་དང་མཉམ་དུ་འཚོ་སྡོད་

བྱེད་བཞིན་ཡོད།

བོད་ས་མཐོ་རུ་འཚོ་བའི་འབྲོག་པ་རྣམས་ཀྱིས་འབྲོག་ཁྱི་འདི་སྦྲ་ཁྱིམ་དང་དགོན་སྡེ་སྲུང་ཆེད་གསོ་ཉར་བྱེད་པ་དང་།

ཉིན་མོ་ལྕགས་ཐག་དང་ཀོ་ཐག་གིས་འདོགས་པ་དང་། མཚན་མོ་གློད་ཀྱི་ཡོད། འབྲོག་པ་དགུན་ས་ནས་དབྱར་སར་སྤོ་ དུས་འབྲོག་ཁྱི་ཁ་ཤས་དགུན་ས་རུ་ཡོད་པའི་རྒན་རྒོན་དང་། བྱིས་པ། བཞོན་མ། བཞོན་རྟ་སོགས་སྲུང་སྐྱོབ་བྱེད་དུ་

འཇུག་གི་ཡོད།

དཔེ་རིས། ༡༧་༩ འབྲོག་ཁྱི།

139


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྦྱོང་ཚན། ཀ༽ གཤམ་གྱི་དྲི་བར་ལན་གནད་བསྡུས་རེ་བྲིས། ༡།

འབྲོག་པ་ཞེས་པ་སུ་ལ་གོ་དགོས་སམ།

༣།

བོད་པའི་འབྲོག་པ་ཚོས་རྩ་ཆེའི་སེམས་ཅན་གྱི་པགས་རིགས་གོན་མཚམས་བཞག་པའི་རྒྱུ་མཚན་གང་ཡིན།

༢།

༤། ༥།

རྒྱ་ནག་གཞུང་གིས་འབྲོག་པ་ཚོ་གནས་སྤོ་དགོས་པའི་རྒྱུ་མཚན་གང་བཤད་ཡོད། གཡག་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་འབོད་དགོས་དོན་གང་ཡིན་ནམ།

གནམ་གཤིས་ཚ་གྲང་ལ་བརྟེན་ནས་འབྲོག་པས་རུ་ཇི་ལྟར་སྤོ་ཡི་ཡོད་དམ།

ཁ༽ བསམ་བློ་བཏང་སྟེ་བྲིས། གལ་ཏེ།

ཁྱེད་རང་སྒྲོལ་མ་ཡིན་ན།

ཁྱེད་རང་རྒྱ་གཞུང་གི་འགོ་འཁྲིད་ཅིག་ཡིན་ན། ཁྱེད་རང་ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཡིན་ན།

ག༽ འདེམས་སྐོང་གྱིས། ༢༠༠༦

འབྲོང་།

༡།

བོད་མཐོ་སྒང་གི་ས་ཁྱོན་ལས་བརྒྱ་ཆ་

༣།

འབྲོག་པ་ཚོས་དགུན་དུས་སུ་སྡོད་ས་ལ་

༥།

འབྲོག་ཁྱིའི་གཟུགས་པོའི་ལྗིད་ཚད་ནི་ཀི་ལོ་

༢།

༤།

ཕྱི་ལོ་

༧༠

དགུན་མཚེར།

ཙམ་ནི་རྩྭ་ཐང་ཡིན།

༥༠-༧༠

ལོར་༸གོང་ས་མཆོག་གིས་རྩ་ཆེན་སྲོག་ཆགས་སྲུང་སྐྱོབ་དགོས་པའི་བཀའ་སློབ་ཕེབས།

ནི་མིས་བདག་སྐྱོང་བྱེད་ཀྱི་མེད།

140

ཡང་ཟེར།

ཙམ་ཡོད།


བོད་གནས་ངོ་སྤྲོ

ང༽ བྱེད་སྒོ།

༡། སློབ་ཕྲུག་རྣམས་སྡེ་ཚན་སོ་སོར་བགོས་ཏེ་འབྲོག་པའི་འཚོ་བ་སྐྱེལ་སྟངས་སྐོར་གྱང་སྦྱར་སྟེང་རི་མོ་བྲིས་ནས་ཚོན་ཐོངས།

༢།

༣།

སྦྲ་གུར་མ་ཡིན་པའི་མི་སྡོད་སའི་ཁང་པའི་བཟོ་ལྟ་མི་འདྲ་བ་གསུམ་གྱི་རི་མོ་བྲིས་ནས་ཚོན་ཐོངས། འབྲོག་པ་དང་འབྲེལ་བ་ཡོད་པའི་གཞས་ཤིག་སློབ་རྒྱུ།

141


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

༡༨

བོད་ཀྱི་དུས་ཆེན་དང་དུས་དྲན།

༄༅། །དུས་ཆེན་ཞེས་པ་ནི་གཙོ་བོ་འདས་པའི་ལོ་རྒྱུས་ནང་གི་གལ་ཆེན་གྱི་བྱུང་བ་དང་། དམིགས་བསལ་གྱི་དུས་ ཚེས་ཁྱད་པར་ཅན་ལ་གོ་བ་དང་། དུས་ཚེས་དེ་ཡང་དྲན་གསོ་བྱེད་དགོས་པའི་ཆ་ནས་དུས་དྲན་ཡང་ཟེར།

བསམ་བློ་ཞིག་

སྤྱིར་དུས་ཆེན་ལ་རྒྱལ་སྤྱིའི་དུས་ཆེན་དང་། རྒྱལ་ཁབ་ཀྱི་དུས་ཆེན། ཆོས་

ཐོངས་དང་། ལུགས་ཀྱི་དུས་ཆེན། མི་སྒེར་གྱི་དུས་ཆེན་བཅས་ཡོད་ཀྱང་། སྐབས་སུ་

བབས་པ་ནི་བོད་ཀྱི་དུས་ཆེན་ཏེ། བོད་ཀྱི་ལོ་གསར། གསུམ་བཅུའི་དུས་དྲན།

ཁྱེད་ཚོས་རྒྱུན་དུ་ལོ་གཅིག་ནང་དུས་ཆེན་

དང་དུས་དྲན་གང་དང་གང་སྲུང་བརྩི་ཞུ་ བཞིན་ཡོད་དམ།

ཤེས་ཀྱི་ཡོད་པ།

འཛམ་གླིང་སྤྱི་བསང་། ཆོས་འཁོར་དུས་ཆེན། འཁྲུངས་སྐར་དུས་ཆེན། མང་ གཙོའི་དུས་ཆེན། ལྷ་བབས་དུས་ཆེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་

མོ་སོགས་ཡོད། ཁག་ཅིག་ཕྱི་རྩིས་དང་། འགའ་ཤས་བོད་རྩིས་ཀྱི་ལུགས་ ལྟར་སྲུང་བརྩི་ཞུ་བཞིན་ཡོད།

༡༽ བོད་ཀྱི་ལོ་གསར། ཤེས་འདོད་པ།

ཤེས་རྟོགས་བྱུང་བ།

ལོ་གསར་ཞེས་པ་ནི་ལོ་གཅིག་གི་ལོ་འགོ་གསར་དུ་ཤར་བ་ལ་ཟེར་ཞིང་། རང་ཅག་བོད་ཀྱི་ལོ་གསར་ནི། ཞིང་པ་ཚོས་སོ་

ནམ་དང་སྟབས་བསྟུན་གྱིས་བོད་ཟླ་བཅུ་གཉིས་པའི་ནང་སྔོན་དུ་གཏོང་སྲོལ་ཙམ་ལས་ཡོངས་གྲགས་ནི་བོད་ཟླ་དང་པོའི་

ཚེས་གཅིག་ལ་ལོ་གསར་ངོས་འཛིན་བྱེད་སྲོལ་བྱུང་བ་ཡིན།

142


བོད་གནས་ངོ་སྤྲོ

ལོ་གསར་སྔོན་གྱི་གྲ་སྒྲིག

བོ ད ་མི ་ ཚོ ས ་ལོ ་ གསར་མ་སླེབས་གོ ང ་ལོ ་ གསར་དེ ་ གྲ་རྒྱས་ཕུན་སུམ་

ཟླ་བ། གཟི་བརྗིད་དང་སྙན་གྲགས་ ལྡན་པ་མཚོན།

ཚོགས་པ་ཞིག་ཡོང་སླད། ཁང་ཁྱིམ་ཚང་མ་གཙང་བཟོ་བྱེད་པ་དང་། ཚོན་

བླ་མ་དཀོན་མཆོག དྲང་བདེན་དང་

རྣམས་ལ་གྱོན་གོས་གསར་པ། དར་ཤིང་། དར་ལྕོག ཤམ་བུ། སྡེར་ཁའི་ཁ་

དམ་ཆོས་པུ་ཏི། ཆོས་སེམས་ཆེ་

བོད་ཚེས་ཉེར་དགུའམ་དགུ་ཐུག་ཉིན་མོ།

གདན་ཆུང་གྲུ་བཞི། དལ་དལ་ལྷོད་

རྩི་གཏོང་བ། དགོས་མཁོའི་ཤ་མར་དང་། ཟས་རིགས། ཤིང་འབྲས། ནང་མི་ ཟས། ཆང་། ལོ་ཕུད་སོགས་གྲ་སྒྲིག་བྱེད་ཀྱི་ཡོད།

བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར་གྲིབ་དང་མི་གཙང་

བ་ཐམས་ཅད་བྱབས་པའི་མོས་པ་དང་བཅས་ཁྱིམ་གྱི་ཕྱི་ནང་སྟེང་འོག་བར་ གསུམ་གད་ཕྱིས་གཙང་ཞིང་ཡིད་དུ་འོང་བ་ཞིག་བྱེད་པ་དང་། ས་གནས་ཁ་ ཤས་སུ་དགུ་གཏོར་དང་དགུ་འཆམ་མཇལ་རྒྱུ་ཡོད།

ཉེར་དགུའི་དགོང་དྲོར་དགུ་ཐུག་སྟེ། ཐུག་པ་དེར་རྫས་དགུ་ངེས་པར་དུ་

ཚང་དགོས་ཀྱི་ཡོད། དགུ་ཐུག་ནང་ཟན་རིལ་བཟོ་དབྱིབས་མི་འདྲ་བའི་ནང་

རྫས་རིགས་བླུགས་ཏེ། ཐུག་པ་འཐུང་སྐབས་མི་སུའི་ཕོར་པའི་ནང་རྫས་གང་

ལྷག་བསམ་རྣམ་དག་མཚོན།

ཞིང་། ཤེས་རིག་ཡོན་ཏན་ལྡན་ པ་མཚོན།

ལྷོད་ཡོང་བ་མཚོན།

སྡུག་གྲོ ད ་སྒོ ར ་མོ། ལྟོ་རྒྱགས་

ཚད་བཟས་ཏེ ་ ཉལ་ནས་སྡོ ད ་ པ་མཚོན།

གཟེ ་ མ་ར་མགོ ། ཀུན་ལ་ཟུག་པ་ ལྟར་སྤྱོད་པ་ངན་པ་མཚོན།

མ་ནུས་རྩེ་ཀྱོ ག ལས་ཀ་མི ་ བྱེ ད ་

པར་མཇི ང ་པ་ཀྱོ ག ་ནས་སྡོ ད ་ པ་མཚོན།

ཐོན་ན་དེས་མིའི་གཤིས་རྒྱུད་དང་ངང་ཚུལ་མཚོན་པར་བྱེད་ཀྱི་ཡོད་ཅེས་

ཡར་སྙུང་མར་སྙུང་། ཕྲ་མ་དང་

དུ་གླུད་བཅས་ལམ་ཁ་སུམ་མདོ་དང་། བཞི་མདོ་གང་རུང་ལ་བརྫངས་ཤིང་།

ལྟོགས་སླ་རྩེ་སྙུང་། ཟ་འདོད་

ལོ་གསར་པའི་ནང་མི་ནོར་ལོ་ཕྱུགས་ཀུན་ལེགས་པའི་རྟེན་འབྲེལ་མཚོན་

ཌ་མ་རུ། ཡི ད ་རྟོན་མི ་ རུང་མགོ ་

རྩེད་མོའི་སྐད་ཆ་དང་གད་མོ་སློང་བར་བྱེད། མཇུག་ཏུ་ཐུག་ལྷག་དང་མཉམ་ ཤེར་སྙིང་ཟློག་སྒྱུར་གྱིས་བཀྲ་མི་ཤིས་པ་རྣམས་ཞི་བའི་སྨོན་ལམ་བྱེད། དེས་ པར་བྱེད་བཞིན་ཡོད།

ཚིག་གསར།

དུས་ཆེན།

དུས་དྲན།

ལྟོགས་ཤེད་ཆེ་བ་མཚོན། གཉིས་མ་མཚོན།

ལན་ཆགས་རྒྱབ་ཁུར། ནལ་བུ་ འཁྱེར་བའམ་བཟོ་བ་མཚོན།

Festival Commemoration

ཆོས་དང་རིག་གཞུང་།

དཀྲུག་ཤིང་བྱེད་པ་མཚོན།

དཔེ་རིས། ༡༨་༡ དགུ་ཐུག་ནང་གྲོ་ཞིབ་ལས་བཟོས་པའི་བག་

Religion and Culture

ཚའི་གཟུགས་དབྱིབས་ཀྱི་མཚོན་དོན།

143


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

རྫས་འདྲ་མིན་གྲོ་ཞིབ་ནང་བསྒྲིལ་ཏེ་ཐུག་པའི་ནང་བླུགས་པ་དེ་ཡི་མཚོན་དོན། ༡། དཀར་གོང་། དེས་མི་དེ་སེམས་པ་དཀར་པོ་འགྱུར་བ་

༢། སྐུད་པ་ཕྱི་སྒྲིམ། དེས་མི་དེ་ནི་ནང་གི་དངོས་པོ་ཕྱི་ལ་

༣། སྐུད་པ་ནང་སྒྲིམ། དེས་མི་དེ་ནི་ཕྱིའི་དངོས་པོ་ནང་དུ་

༤། སོལ་བ། དེས་མི་དེའི་སེམས་ནི་སོལ་བ་བཞིན་ནག་

མེད་པ་མཚོན།

འཁྱེར་ཡོང་མཁན་ཞིག་ཡིན་པ་མཚོན།

༥། སི་པན། དེས་མི་དེ་ནི་ཁ་ཚ་པོ་སྟེ་གཞན་ལ་གཤེ་གཤེ་ གཏོང་རྒྱུར་དགའ་བ་མཚོན།

༧། སྒོག་པ། དེས་མི་དེ་ནི་རྟུག་དྲི་ཚ་པོ་ཡོད་པ་མཚོན།

སྐྱེལ་མཁན་ཞིག་ཡིན་པ་མཚོན། པོ་ཡིན་པ་མཚོན།

༦། ཚྭ། དེས་མི་དེ་ལས་ཀ་མི་ད་པ་སྒྱིད་མཚོན།

༨། ཁུ་ལུ། དེས་མི་དེ་ངང་རྒྱུད་རིང་པོ་མེད་པ་མཚོན།

༡༠། དཀར་ཡོལ། དེས་མི་དེ་ལྟོ་ལ་དགའ་ཞིང་། ལས་ལ་

༩། བལ། དེས་མི་དེ་ངང་རྒྱུད་རིང་པོ་ཡོད་པ་མཚོན།

གཡོལ་ནས་འགྲོ་མཁན་ཞིག་ཡིན་པ་མཚོན།

༡༡། རིལ་མ། དེས་མི་དེ་ཐེམ་པའི་སྟེང་གི་རིལ་མ་ཞེས་

༡༢། སྲན་མ། དེས་མི་དེ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་

༡༣། རྫ་ཆག དེས་མི་དེ་ནི་ལབ་རྒྱུ་གླེང་རྒྱུ་མང་པོ་ཡོད་པ་

༡༤། གྲོ། དེས་མི་དེ་ཁ་བྲོ་ཞེས་གཏམ་བཟང་པོ་ཡོད་པ་

ཕྱི་ནང་གང་དུ་གཏོགས་མིན་ཡིད་རྟོན་མེད་པ་མཚོན། མཚོན།

པོ་ཡོད་པ་མཚོན།

མཚོན།

གོང་གསལ་རྫས་རྣམས་ཟན་རིལ་ནང་བསྒྲིལ་ཏེ་ཐུག་པའི་ནང་བླུགས་ནས་བསྐོལ་རྗེས་ནང་མི་རྣམས་ཐུག་པ་འཐུང་གིན་ གད་མོ་ཁ་མཚར་བྱས་ནས་སྡོད་ཀྱི་ཡོད།

བོད་ཚེས་སུམ་ཅུ་འམ་གནམ་གང་།

ཟླ་རེའི་ཚེས་སུམ་ཅུ་ལ་གནམ་གང་ཟེར་ བ་ཡིན། གནམ་གང་ཉིན་མཆོད་ཁང་གི་

རྟེན་གྱི་དྲུང་དུ་ཁ་ཟས་དང་། ཕྱེ་མར། ཆང་ ཕུད། ལྗང་ཕུད། ལུག་མགོ ཇ། མར། འབྲུ་ དཔེ་རིས། ༡༨་༢ དགུ་ཐུག་འཐུང་བ།

144


བོད་གནས་ངོ་སྤྲོ རྩེ་སྒྲོ།

བཀྲ་ཤིས་རྟགས་བརྒྱད།

འབོ།

ཐུད།

ལུག་མགོ།

ཇ་ཕུད། གྲོ་སོ་ཕྱེ་མར།

གྲོ་མ་འབྲས་སིལ།

ཆང་ཕུད།

བོང་བུའི་ཨ་ཅོག

ལོ་ཕུད།

དཔེ་རིས། ༡༨་༣ ལོ་གསར་གྱི་སྡེར་ཁ།

སྣ། ཤིང་ཏོག མངར་ཆ་སོགས་ཀྱི་ཕུད་རྣམས་སྡེར་ཁ་བསྒྲིགས་པ་དང་། དེ་བཞིན་དུ་སྡོད་ཤག་ཏུ་གདན་ལྕོག་དང་། ཐབ་ ཚང་ནང་དུའང་སྡེར་ཁ་སྟབས་བདེ་རེ་བསྒྲིགས། ཐབ་ཚང་གི་རྩིག་ངོས་སུ་གྲོ་ཞིབ་ཀྱི་དཀར་ཐིག་དང་། བཀྲ་ཤིས་རྟགས་

བརྒྱད་སོགས་ཀྱི་རི་མོས་བརྒྱན། ཆུ་ཟངས་དང་ཆུ་བན་སོགས་སྣོད་ལ་ཁ་བཏགས་འདོགས་པ་དང་། སྒོ་དང་སྒེའུ་ཁུང་གི་

ཡོལ་བ་དང་ཤམ་བུ་གསར་དུ་བརྗེ། བུ་རྣམས་ཀྱིས་དགུ་ཐུག་ཉིན་དང་། བུ་མོ་རྣམས་ཀྱིས་གནམ་གང་ཉིན་མགོ་འཁྲུད་

པར་བྱེད།

ལོ་གསར།

བོད་ཟླ་དང་པོའི་ཚེས་གཅིག་ནི་བླ་མའི་ལོ་གསར་དུ་གྲགས་པ་བཞིན། དེ་ཉིན་ཞོགས་པ་རྣམ་ཀུན་ལས་སྔ་བ་ལངས་ཏེ་

ཁྲུས་ཀྱི་བྱ་བ་ཚར་ནས་རྒྱན་གོས་ཀྱིས་གཟབ་མཆོར་སྤྲས་ཏེ། རྟེན་འབྲེལ་གྱི་ཆེད་དུ་ཆུ་ཕུད་བླངས་ཏེ་དཀོན་མཆོག་ལ་

མཆོད་པ་ཕུལ་རྗེས་ཉེ་འཁོར་གྱི་དགོན་པ་དང་གཙུག་ལག་ཁང་ལ་མཆོད་མཇལ་ཞུ་བ་དང་། དེའི་རྗེས་ཕ་མ་གཙོས་པའི་

ནང་མི་ཡོངས་རྫོགས་བཞུགས་གྲལ་དུ་འཁོད་དེ་གྲོ་སོ་ཕྱེ་མར་དང་། ཆང་ཕུད་སོགས་ཕུད་གཏོར་དང་བཅས་བདེ་སྐྱིད་

ཕུན་སུམ་ཚོགས་པའི་དཀོན་མཆོག་ལ་གསོལ་འདེབས་བྱེད། གསོལ་ཇ་བསྲུབས་མ་དང་། གྲོ་མ་འབྲས་སིལ། ཆང་སྐོལ།

གྲོ་ཐུག གསོལ་ཚིགས་སོགས་རོ་བརྒྱའི་བཅུད་དང་ལྡན་པའི་བཟའ་བཏུང་གི་རིགས་སྣ་ཚོགས་ལ་ལོངས་སུ་སྤྱོད་ཞོར་ དགའ་དགའ་སྐྱིད་སྐྱིད་ངང་ཁྱིམ་དུ་སྡོད།

145


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཕྱེ ་ མར་རྒྱུག་མཁན་གྱི ས ་གྲོ ང ་པ་ཁྱི མ ་མཚེ ས ་དང་། མགྲོ ན ་པོ ་ སོ ག ས་

ལའང་ཕྱེ་མར་དང་། ཆང་ཕུད་བཏེགས་ཏེ། བཀྲ་ཤིས་བདེ་ལེགས་ཕུན་ གདུགས།

གསེར་ཉ།

སུམ་ཚོགས། །ཨེ་མ་བག་དྲོ་སྐུ་ཁམས་བཟང་། །གཏན་དུ་བདེ་བ་འཐོབ་པར་ ཤོག །དུས་སང་དུས་ཀྱི་ད་ཚོད་ལ། །ཞལ་ཁྲ་རུག་རུག་ཡོང་བར་ཤོག །ཅེས་

བརྗོད་དེ་བཀྲ་ཤིས་པའི་རྟེན་འབྲེལ་དང་། རྟེན་འབྲེལ་གྱི་འབེལ་གཏམ་སྨྲ་ བའི་འབྲས་དཀར་བ་ལའང་བཟའ་བཏུང་ཡིད་ཚིམ་པར་སྤྲོད་ཀྱི་ཡོད།

བུམ་པ།

པདྨ།

ཚེས་གཉིས་ཉིན་ནི་རྒྱལ་པོའི་ལོ་གསར་ཞེས་གྲགས་ཤིང་། དགའ་ཉེ་སྤུན་

མཆེད་ཕན་ཚུན་མགྲོན་འབོད་ཀྱི་ཤ་མར་ཐུད་གསུམ་གཙོས་པའི་བོད་ཟས་ དང་། ཇ་ཆང་འདྲེན་པ་སོགས་གསོལ་སྟོན་ལ་རོལ་བ་དང་། རྐང་བྲོ་གླུ་གཞས་ སོགས་རྩེད་མོའི་རིགས་སྣ་ཚོགས། སྒྲ་སྙན། པི་ཝང་། གླིང་བུ་སོགས་བཏང་ སྟེ་དགའ་སྐྱིད་ཀྱི་བྱ་བར་འཇུག

དུང་དཀར།

དཔལ་བེའུ།

ཚེ ས ་གསུམ་ནི ་ ཆོ ས ་སྐྱོང་ལོ ་ གསར་ཟེ ར ་ཞི ང ་། སྔ་དྲོ་ཚེ ་ བསོ ད ་དབང་

ཐང་དང་རླུང་རྟ་ཀུན་ཏུ་དར་བའི་ཕྱིར་ཁང་ཐོག་གི་དར་ལྕོག་རྙིང་པ་ཕབ་སྟེ་

གསར་པ་འཛུགས་པ་དང་། རི་མགོ་སོགས་སུ་རླུང་རྟ་དར་ལྕོག་གསར་པ་ སྒྲེང་འཛུགས་ཀྱི་ལྷ་སྲུང་གཞི་བདག་རྣམས་ལ་གཏང་རག་དང་། མཆོད་

རྒྱལ་མཚན།

འཁོར་ལོ།

དཔེ་རིས། ༡༨་༤ བཀྲ་ཤིས་རྟགས་བརྒྱད།

གཏོར། གསེར་སྐྱེམས། མཇུག་ཏུ་བསང་གསོལ་དང་འབྲེལ་ཏེ་ཀི་བསྭོ་ལྷ་

རྒྱལ་འཐེན་པ་བཅས་བྱེད་སྲོལ་ཡོད།

སྤྱིར་བཏང་དཔལ་འབྱོར་བཟང་ཞན་དང་། ཞིང་འབྲོག་ཁུལ། ལུང་ཚན་སོ་

སོའི་ལུགས་སྲོལ་གོམས་གཤིས་འདྲ་མིན་དབང་གིས་ཁྱད་པར་ཕྲན་བུ་རེ་

ཡོད།

དཔེ་རིས། ༡༨་༥ ཚེས་གསུམ་ཆོས་སྐྱོང་ལོ་གསར་ལ་ཁང་ ཐོག་ཏུ་དར་ལྕོག་འཛུགས་པ།

༢༽གསུམ་བཅུའི་དུས་དྲན།

དེ ་ ནི ་ རྒྱ་ནག་གཞུང་གི ས ་གཡོ ་ སྒྱུ་ཁྲམ་གསུམ་ལ་བརྟེན་ནས་བོ ད ་རྒྱལ་ ཁབ་ཆེན་པོ་དེ་ཉིད་ཧམ་བཟུང་བྱས་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་

༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསང་བའི་ངང་

146


བོད་གནས་ངོ་སྤྲོ

བཙན་ཁྲིད་བྱ་རྒྱུའི་ངན་བྱུས་འཐེན་པར། བོད་རྒྱ་ཆེའི་མི་མང་གིས་བཟོད་ཐབས་བྲལ་ཏེ། མ་གྲོས་བསམ་པ་གཅིག་

མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་ཆེན་མོ་བྱས་པ་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཡིན།

རྒྱ་མིས་བོད་ལ་བཙན་འཛུལ།

གནའ་སྔ་མོ་ནས་རྒྱ་ནག་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ལོ་རྒྱུས་ནང་སྐབས་རེར་ཕན་ཚུན་འཆམ་མཐུན་དང་།

མཚམས་རེར་དམག་འཁྲུག་ཤོར་བའི་དུས་སྐབས་ཀྱང་བྱུང་ཡོད། བོད་ལ་རང་གི་གཞུང་དང་། དབུ་ཁྲིད། རྒྱལ་དར། རྒྱལ་ རྟགས། རྒྱལ་གླུ། རྒྱལ་དངུལ། རྒྱལ་ཁྲིམས། སྦྲག་ཐམ། དམག་མི་བཅས་ཡོད་པས་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ལ་ ལྡན་པའི་ཆ་རྐྱེན་ཆ་ཚང་ཡོད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བོད་ཤར་ཕྱོགས་

ནས་ཐོག་མར་བཙན་འཛུལ་བྱས་ཡོད་ཅིང་། ཕྱི་ལོ་

༡༩༥༡ ལོར་ཁྲིམས་མཐུན་དང་དྲང་བདེན་མ་ཡིན་ པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་

ཤེད་ཀྱིས་མིང་རྟགས་བཀོད་བཅུག ཐོག་མར་ཁོ་ ཚོ ས ་བོ ད ་མི ་ ཚོ ར ་སྐད་ཆ་གང་སྙན་སྙན་བཤད་པ་

དཔེ་རིས། ༡༨་༧ གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པ།

དང་། རྣམ་འགྱུར་གང་ཡག་ཡག་བསྟན་ཏེ། རིམ་པས་

བོད་མི་མང་པོ་བསད་པ་དང་། དགོན་པ་གཏོར་བཅོམ་བྱས་པ། ཆོས་བྱེད་དུ་མ་བཅུག་པ་སོགས་བོད་མིའི་མངོན་འདོད་དང་

མི་མཐུན་པའི་ལས་ཀ་མང་པོ་བྱས་ཡོད། བོད་གཞུང་གིས་རྒྱ་མི་ དང་མཉམ་དུ་འཆམ་མཐུན་ཡོང་བའི་ཐབས་ཤེས་རིམ་པ་མང་པོ་

གནང་ཡོད་ཀྱང་། དེ་མཚུངས་ཀྱི་གྲུབ་འབྲས་ཤིག་བྱུང་མེད།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན། རྒྱ་ནག་གཞུང་གིས་༸གོང་

ས་མཆོག་རྒྱ་མིའི་དམག་སྒར་དུ་གཟིགས་མོར་གདན་འདྲེན་ཞུ་ རྒྱུར་ཁ་གཡར་ནས། དོན་དངོས་ཐོག་གསང་བའི་སྒོ་ནས་བཙན་

ཁྲིད་བྱ་རྒྱུའི་འཆར་གཞི་བཏིང་ཡོད་པ་རེད། གནས་ཚུལ་དེ་མི་

དཔེ་རིས། ༡༨་༦ ལྷ་སའི་ཞི་བའི་སྒེར་ལངས་ཆེན་མོ།

མང་གིས་ཤེས་སྟབས་དངངས་སྐྲག་དང་། འཇིགས་སྣང་། ཁོང་ཁྲོ་

བཅས་དུས་གཅིག་ཏུ་ལངས་ཏེ་བོད་མི་མང་པོ་ཕོ་བྲང་པོ་ཏ་ལའི་

147


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

མདུན་དུ་འཛོམས་ཏེ། རྒྱ་མིར་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པ་དང་། ཡང་མི་མང་སྟོང་ཕྲག་སུམ་ཅུ་ལྷག་ཙམ་ནོར་

བུ་གླིང་ཁར་འཛོམས་ནས་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་གཟིགས་མོར་ཆིབས་སྒྱུར་མ་གནང་རོགས་ཞེས་ཞུ་ བར་བཅར་ཡོད་པ་རེད།

མཇུག་འབྲས།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་ལྷ་སའི་མཚན་མོའི་ཆུ་ཚོད་ ༡༠ པའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་སྐུ་འཁོར་ཧྲག་བསྡུས་དང་བཅས་ནོར་བུ་གླིང་ག་ནས་ཕེབས་ཐོན་གྱིས་ལྷོ་ཁའི་ཕྱོགས་སུ་ཆིབས་སྒྱུར་

བསྐྱངས་པ་དང་། མཐར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དུ་ཕེབས་དགོས་བྱུང་། ཕེབས་རྗེས་སུ་བོད་མི་ཁྲི་བརྒྱད་ཙམ་རྒྱ་ གར་དང་། བལ་ཡུལ། འབྲུག འབྲས་ལྗོངས་བཅས་སུ་བཙན་བྱོལ་དུ་འབྱོར་བ་རེད།

བོད་ནང་དུ་བོད་མི་ཚོས་རྒྱ་མིར་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་སྟབས། རྒྱ་དམག་གིས་ཡ་ང་སྙིང་རྗེ་བྲལ་བའི་

དྲག་གནོན་གྱིས་མེ་མདའ་དང་། མེ་སྒྱོགས། འབར་རྫས་སོགས་གཡུགས་ཏེ་བོད་མི་ཧ་ཅང་མང་པོ་དམར་གསོད་བྱས་པ་ དང་། ཧ་ཅང་མང་པོར་རྨས་སྐྱོན་ཕོག

དུས་དྲན་སྲུང་བརྩི།

དུས་དེ་ནས་བཟུང་ད་ལྟ་བར་ལོ་ལྟར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཚོས་གཞིས་ཆགས་ཁག་དང་། སློབ་གྲྭ་ ཁག ཕྱི་རྒྱལ་ཡུལ་གྲུ་སོགས་ག་ས་གང་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད།

ཉིན་དེར་བོད་མིའི་སྒྲིག་འཛུགས་ ཀྱི ་ ལྟེ་གནས་བཞུགས་སྒར་དྷ་

རམ་ས་ལར་མང་གཙོ་ཀ་བ་

གསུམ་གྱི ་ མཛད་གཙོ ་ རྣམ་པ་ དང་། ས་གནས་བོད་མི་རྣམས་ ཐེག་ཆེན་ཆོས་གླིང་གཙུག་ལག་

ཁང་གི ་ མདུན་ཐང་དུ་འཛོ མ ས་ དཔེ་རིས། ༡༨་༨ བཙན་བྱོལ་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི།

148

ཏེ། མཛད་སྒོར་བོད་མིའི་སྒྲིག་

འཛུགས་ཀྱི་སྲིད་སྐྱོང་དང་། སྤྱི་


བོད་གནས་ངོ་སྤྲོ

འཐུས་ཚོགས་གཙོ་བཅས་ཀྱིས་གསུང་བཤད་གནང་བ་དང་། མཛད་སྒོ་གྲུབ་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ རྣམས་ཀྱིས་སྣེ་ཁྲིད་འོག་མི་མང་རྣམས་ཞི་བའི་གོམ་བགྲོད་ལ་བསྐྱོད་ཀྱི་ཡོད།

གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་དགོས་དོན་ནི། སྐབས་དེ་དུས་ནས་ད་ལྟའི་བར་ངོ་རྒོལ་སྐད་འབོད་ཁྲོད་འདས་གྲོངས་

སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྲི་སྟོང་མང་པོ་དང་། རྒྱལ་གཅེས་སེམས་ཤུགས་ཅན་རྣམས་ཀྱིས་རང་གི་

ལུས་སྲོག་ལོངས་སྤྱོད་མཐའ་དག་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་བཏང་གནང་བའི་རྨད་དུ་བྱུང་བའི་སྙིང་ སྟོབས་ལ་གུས་བཀུར་རྗེས་དྲན་ཞུ་བ་དང་། བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་ཡིད་སྐྱོའི་གནས་ཚུལ་མི་རབས་ཕྱི་མ་རྣམས་

ཀྱིས་རྒྱུད་འཛིན་བྱེད་དགོས་པའི་དྲན་སྐུལ་གཏོང་བ། རང་དབང་འཐབ་རྩོད་ཀྱི་གསོན་ཤུགས་རྒྱུན་གནས་ཡོང་བ་བཅས་ ཀྱི་ཆེད་དུ་ཡིན།

༣༽ལྷག་དཀར་ཉིན་མོ།

ལྷག་ཅེས་པ་ནི་རེས་གཟའ་ལྷག་པ་དང་། དཀར་ཞེས་པ་ནི་དཀར་པོ་དགེ་ བའི་ལས་ལ་གོ་དགོས་པ་ཡིན།

ལྷག་དཀར་སྲུང་བརྩི་ཞུ་བའི་དགོས་དོན།

ཉིན་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་

ཚིག་ གསར།

ཞི་བའི་གོམ་བགྲོད། བཙན་བྱོལ། བཙན་ཁྲིད།

Exile

Abduct

བཙན་འཛུལ། གྲོས་མཐུན།

Peace March

Invasion Agreement

གཟའ་འཁེལ་གྱི་ཡོད་པས། བོད་མི་དང་ནང་པ་ཡོད་དོ་ཅོག་གིས་སྡིག་པར་

འཛེམས་ཤིང་། དཀར་པོ་དགེ་བའི་ལས་ལ་བརྩོན་ཏེ། ༸གོང་ས་མཆོག་སྐུ་

ཚེ་བརྟན་པའི་སྨོན་ལམ་འདེབས་ཀྱི་ཡོད། བོད་མི་ཚོས་བོད་ཀྱི་བདེན་མཐའ་

སེལ་ནས་གཞིས་བྱེས་གཉིས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་ དུ་ཤར་ཆེད། རྒྱ་ནག་གུང་ཁྲན་གྱི་དྲག་པོའི་བཙན་གནོན་འོག་བོད་མི་ཚོས་

ཞི་བའི་ངང་རང་མི་རིགས་ཀྱི་རིག་གཞུང་དང་། སྐད་ཡིག གོམས་གཤིས་

སོགས་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ལས་འགུལ་གྱི་ཉིན་མོ་ཞིག་ཀྱང་ཡིན།

བསང་གསོ ལ ་གཏོ ང ་དགོ ས ་དོ ན ་ནི ་ ཡུལ་ལྷ་ མཆོད་པ་དང་། རང་ལ་གནོད་པ་དང་བར་ཆད་

མི་ཡོང་བ། བྱ་བ་ལམ་འགྲོ་ཡོང་བ། རླུང་རྟ་དར་ བ་བཅས་ཀྱི་ཆེད་དུ་ཡིན།

དཔེ་རིས། ༡༨་༩ བསང་གསོལ།

149


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། བསང་གསོལ་གྱི་ཡོ་ཆས། བསང་ཁུག བསང་ཤིང་། (ཤུག་པ།)

བསང་རྩམ། མཆོད་འབྲུ།

ལྷག་དཀར་སྲུང་བརྩི་ཞུ་སྟངས་འདྲ་མིན།

ལྷག་དཀར་ནི་འཛམ་གླིང་ཕྱོགས་གང་སར་གནས་པའི་བོད་མི་ཡོད་དོ་ཅོག་གིས་སྲུང་ བརྩི་ཞུ་བཞིན་ཡོད།

དེ་ཡང་བོད་ནང་དུ་རྒྱ་ནག་གཞུང་གི་དྲག་པོའི་བཙན་གནོན་འོག་བོད་མི་ཚོས་རང་གི་

རྒྱལ་ཁབ་དང་ངོ་བོ་སྲུང་སྐྱོབ་ཆེད་བྱ་བ་གང་ཡང་བྱེད་མི་ཐུབ་སྟབས། རེས་གཟའ་ ལྷག་པའི་ཉིན་༸གོང་ས་མཆོག་གི་སྐུའི་བླ་གཟའ་དང་སྟབས་བསྟུན། བོད་མདོ་དབུས་

ཁམས་གསུམ་གྱི་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་ཉིན་དེར་བསང་གསོལ་གཏོང་

བ་དང་། དར་ལྕོག་འཛུགས་པ། རླུང་རྟ་དར་འཛུགས་སོགས་བྱེད་ཀྱི་ཡོད་པ་མ་ཟད།

ཇ་ཕུད། ཆང་ཕུད། དར་ལྕོག

དར་ཆེན། དཔེ་རིས། ༡༨་༡༠

བོད་སྐད་དང་བོད་ཡིག་བཀོལ་སྤྱོད། བོད་ཆས་གྱོན་པ། བོད་ཟས་ཟ་བ། བོད་ཀྱི་ཚོང་ རྫས་ཉོ་བ། གཙང་སྦྲ་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད།

ལྷག་པར་དུ་བོད་ནང་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ལས་འགུལ་

དེ་ཉིད་སྔར་ལས་གཞི་རྒྱ་ཆེ་རུ་ཕྱིན་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ ལྷག་དཀར་ཉིན་མོ་སྲུང་བརྩི་ཞུས་ཏེ། སློབ་གྲྭ་དང་སྒྲིག་འཛུགས་ཚང་མས་རེས་གཟའ་

ལྷག་པ་ནམ་ཡིན་ལ་བོད་ཆས་གྱོན་པ་དང་། བོད་ཟས་ཟ་བ། བོད་སྐད་གཙང་མ་བསྐྱོན་

པ། དམངས་ཁྲོད་དུའང་ཞོགས་པ་བསང་གསོལ་གཏོང་བ། དམར་ཟས་སྤངས་ནས་

དཀར་ཟས་ལ་རོལ་བ་མ་ཟད། ལྷག་དཀར་དང་འབྲེལ་བའི་གཞས་ཚིག་རྩོམ་པ་དང་གཏོང་བ་སོགས། མདོར་ན་ད་ལྟའི་

ཆར་ལྷག་དཀར་ཉིན་མོ་ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་སྲུང་བརྩི་ཞུ་བའི་ཉིན་མོ་

ཞིག་ཆགས་ཡོད་དོ། །

150


བོད་གནས་ངོ་སྤྲོ

སྦྱོང་ཚན། ཀ༽ གཤམ་གྱི་དྲི་བ་ཁག་ལ་ལན་བྲིས། ༡།

བོད་མི་ཚོས་ལོ་གསར་གྱི་སྔོན་ཚུད་ནས་གྲ་སྒྲིག་གང་དང་གང་བྱེད་སྲོལ་ཡོད་དམ།

༣།

རྒྱ་ནག་གིས་ཐོག་མར་བོད་ཀྱི་ས་ཕྱོགས་གང་ནས་བཙན་འཛུལ་བྱས་ཡོད་དམ།

༢།

༤། ༥།

དགུ་ཐུག་ག་དུས་འཐུང་གི་ཡོད་དམ།

བོད་མི་ཚོས་གསུམ་བཅུའི་དུས་དྲན་གྱི་སྐད་འབོད་ཐོག་མར་བྱེད་དགོས་དོན་གང་ཡིན་ནམ། ལྷག་དཀར་ཞེས་པའི་གོ་དོན་གང་ཡིན་ནམ།

ཁ༽ རང་ངོས་ནས་ལན་ཐོབས།

༡། ཁྱེད་ཀྱིས་བྱས་ན་དཔའ་བོ་ཞེས་པ་སུ་ལ་གོ་དགོས་སམ། ཁྱེད་ཀྱིས་ཧ་གོ་བའི་བོད་ཀྱི་དཔའ་བོ་སུ་ཡོད་དམ། ༢།

ད་ལོའི་གསུམ་བཅུའི་དུས་དྲན་དེ་བཞིན་ཐེངས་ག་ཚོད་པ་དེ་ཡིན་ནམ། དེ་ཉིན་ཁྱེད་ལ་ཚོར་སྣང་གང་བྱུང་ངམ།

༣། ཁྱེད་ཀྱི་སློབ་གྲྭའི་ནང་ལྷག་དཀར་ཉིན་མོ་སྲུང་བརྩི་ཞུ་སྟངས་སྐོར་ལ་རོབ་ཙམ་ཞིག་བྲིས།

ག༽ འཚོལ་ཞིབ་གྱིས། ༡།

གཤམ་གྱི་ཟླ་ཚེས་འཁོད་པའི་ཉིན་སོ་སོར་དུས་ཆེན་གང་ཞིག་འཁེལ་གྱི་ཡོད་མེད་སློབ་གྲྭའི་ཉིན་དེབ་སོགས་ལས་བཙལ་ ནས་བྲིས།

བོད་ཟླ་ ༤ ཚེས་ ༡༥

བོད་ཟླ་ ༦ ཚེས་ ༤

151

བོད་ཟླ་ ༩ ཚེས་ ༢༢


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ང༽ བྱེད་སྒོ།

སློབ་ཕྲུག་ཁ་ཤས་ཀྱིས་དང་བླངས་ཐོག་འཛིན་གྲྭའི་ནང་དགུ་ཐུག་དང་འབྲེལ་བའི་བྱེད་སྒོ་སྤེལ་རྒྱུ།

(དགུ་ཐུག་གི་ཟན་རིལ་ནང་རྫས་རྣམས་བསྒྲིལ་ཏེ་སློབ་ཕྲུག་སོ་སོར་འདེམས་བཅུག་ནས། གང་འཁེལ་བ་ལ་སོ་སོས་འགྲེལ་བཤད་ རྒྱག་དགོས།)

ཅ༽ མཐུན་སྦྱོར་གྱིས། ༡

ལོ་གསར།

འཛམ་གླིང་སྤྱི་བསང་།

གསུམ་བཅུའི་དུས་དྲན།

ལྷ་བབས་དུས་ཆེན།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ།

152


སྤྱི་ཚོགས་དང་སྲིད་དོན་གྱི་འཚོ་བ། "" མི་དང་སྤྱི་ཚོགས།

"" སྣ་མང་གི་སྤྱི་ཚོགས།

"" འདྲ་མཉམ་གྱི་འཚོ་བ།

"" ཅི་ཞིག་ལ་སྲིད་གཞུང་ཟེར།



༡༩

མི་དང་སྤྱི་ཚོགས། བསམ་བློ་ཐོངས་།

སློབ་ཕྲུག་ཚོ། ཁྱེད་ཚོས་བསམ་ན་ལོ་ལྔ་ བཅུའི་རྗེས་ལ་ང་ཚོའི་སྤྱི་ཚོགས་འདི་གང་ འདྲ་ཞིག་ཆགས་ཀྱི་ཡོད་དམ།

སྤྱི་ཚོགས་དང་སྲིད་དོན་གྱི་འཚ

༄༅། །ང་ཚོས་ཤེས་གསལ་ལྟར། སྤྱི་ཚོགས་ནི་ལོ་ངོ་སྟོང་ཕྲག་མང་པོའི་

འཕེལ་རིམ་ཁྲོད་ནས་བྱུང་བ་ཞིག་དང་། མི་རྣམས་ཐོག་མར་རྔོན་པ་དང་འཐུ་ མཁན་ (Hunters and Gatherers) གྱི་འཚོ་བ་རོལ་ནས་རིམ་བཞིན་དེང་སང་གི་སྤྱི་

ཚོགས་གྲ་འགྲིག་པོ་འདི་བྱུང་བ་ཡིན།

དཔེ་རིས། ༡༩་༡

མི་ལ་སྤྱི་ཚོགས་དགོས་གལ་ཆེན་པོ་ཡིན་དགོས་དོན་གང་ཡིན།

མི་དང་སྤྱི་ཚོགས་གཉིས་ཀ་གོང་འཕེལ་འགྲོ་བར་འཚོ་བ་ཉེན་ཁ་མེད་པ་དང་བདེ་འཇགས་

(Safe and Secure)

ཤིག་

དགོས། གནའ་བོའི་དུས་སུ་མི་རྣམས་རྔོན་པ་དང་འཐུ་མཁན་གྱི་འཚོ་བར་བརྟེན་ཞིང་། ཁོང་ཚོ་དུས་རྟག་ཏུ་ཕྱིའི་གནོད་

པའི་འཇིགས་སྣང་འོག་གནས་དགོས་པས། རིམ་བཞིན་མི་ཚོགས་མང་པོ་འདུས་སྡོད་བྱས་ན། ཁོང་ཚོར་བདེ་འཇགས་ བསྐྲུན་ཐུབ་པ་ཚོར་ནས་མཉམ་རུབ་ཀྱི་འཚོ་བ་ཞིག་སྐྱེལ་འགོ་ཚུགས། དེ་ནི་དེང་སང་གི་སྤྱི་ཚོགས་འདི་ཆགས་པའི་རྨང་ གཞི་ཡང་ཡིན།

155


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

མི་ཚོགས་མང་པོ་འདུས་སྡོད་བྱས་ནས་ཡུན་རིང་སོང་བ་ན། ཁོང་ཚོས་

རང་ཉིད་ཀྱི་འཚོ་བ་ལྷིང་འཇགས་དང་གྲ་འགྲིག་པོ་ཡོང་ཆེད་སྒྲིག་ལམ་གྱི་

དགོས་པ་ཚོར་བས། དུས་ཚོད་ཀྱི་འཕེལ་རིམ་བཞིན་སྤྱི་ཚོགས་ཀྱི་ལམ་ ༸གོང་ས་མཆོག་གིས།

འཛམ་གླི ང ་འདི འི ་ ཐོ ག ་གི ་ དཀའ་ངལ་ཚང་

མ་རང་གཅེས་འཛིན་ནས་བྱུང་བ་ཞིག་ཡིན།

མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་དང་

སྙི ང ་རྗེ ་ ཅན་ཞི ག ་ཡི ན ་པས། ཤེ ས ་རབ་ཀྱི ་

ཐོག་ནས་རང་གཅེས་འཛིན་ལ་སྐྱོན་དུ་བལྟས་ ནས་གཞན་གཅེས་འཛིན་གྱི་ཡོན་ཏན་ལ་སློབ་ སྦྱོང་བྱས་པ་ཡིན་ན། འཛམ་གླིང་འདི་ཞི་བདེ་ ཡོང་ཐུབ།

ཁྱེད་ཀྱིས་ཐུབ་བམ་། འགྲུལ་པ་ཚང་ཁ་ཤིག་ཤིག་ཡོད་པའི་སྤྱི་སྤྱོད་ རླང་འཁོར་ཞིག་ནང་བུད་མེད་སྦྲུམ་མ་ཞིག་ རྐུབ་བཀྱག་མ་རག་པར་ལངས་ནས་བསྡད་

ཡོད། གལ་ཏེ་ཁྱེད་སྤྱོ་སྤྱོད་རླང་འཁོར་དེའི་ ནང་ཡོད་ན་ཁྱེད་ཀྱིས་རོགས་བྱེད་དམ།

ཚིག་ གསར།

བཟང་སྤྱོད།-Moral སྐྱེས་ཐོབ།-Inborn

མཉམ་འདུས།-Assemble ལམ་ལུགས།-System

དང་ལུགས་སྲོལ། ཡུལ་སྲོལ། བཟང་སྤྱོད། སྒྲིག་ཁྲིམས་སོགས་རིམ་བཞིན་

གསར་གཏོད་བྱུང་བ་རེད། དེ་ལྟར་བྱས་ནས་གཏན་འཇགས་ཀྱི་མིའི་སྤྱི་ ཚོགས་འདི་བྱུང་།

མིའི་རང་བཞིན།

མིའི་རང་བཞིན་ནི་སྤྱི་ཚོགས་དང་བྲལ་ཏེ་ཁེར་རྐྱང་དུ་གནས་ཐབས་མེད་

པར་མི་གཞན་གྱི་རོགས་པ་དང་མཉམ་འདུས་ཀྱིས་འཚོ་སྡོད་བྱེད་དགོས། དེ་ཡང་ང་ཚོས་དེ་ལྟར་གནས་རྒྱུར་དགའ་བ་ཙམ་མིན་པར། ང་ཚོ་མིའི་

རི ག ས་ཀྱི ་ གཞི ་ རྩའི ་ དགོ ས ་མཁོ ་ ཡི ན ་ལ། ང་ཚོ འི ་ ལྷན་སྐྱེས་སུ་བདེ ་ འཇགས་ཀྱི་འཚོ་བ་ཞིག་ཀྱང་དགོས་ཀྱི་ཡོད་པ་མཚོན་ཐུབ།

མིའི་རིགས་ལ་དགོས་མཁོ་མང་དག་ཅིག་ཡོད་པ་ལས། ཟས་གོས་གནས་

མལ་གསུམ་ (Food, Clothing and Shelter) ནི་ཕྱིའི་དངོས་པོའི་དགོས་མཁོ་

དང་། བདེ་འཇགས་དང་། ཞི་བདེ་ནི་ནང་སེམས་ཀྱི་དགོས་མཁོ་ཡིན། ང་ཚོར་སེམས་མྱོང་དང་སེམས་ཁམས་

(Emotional and Psychological)

ཀྱི་

དགོས་མཁོ་ཡང་ཡོད། དཔེར་ན། ཁྱེད་རང་ལ་ཉེན་ཁ་མེད་པའི་འཚོ་བ་ཞིག་

ཡོད་ན། དེས་ཁྱེད་ཀྱི་སེམས་ལ་ཞི་བདེ་བག་ཕེབས་སྐྲུན་ཐུབ། ང་ཚོ་སྐྱིད་

པའི་སྐབས་སུ་རང་ཉིད་ཀྱི་སྐྱིད་སྣང་དེ་གཞན་དང་མཉམ་སྤྱོད་བྱེད་འདོད་

ཡོད་པ་དང་། སྡུག་པོ་བྱུང་བའི་སྐབས་སུ་རང་ཉིད་ཀྱི་འཁྲིས་སུ་སེམས་ གསོ་བྱེད་མཁན་ཞིག་ཡོད་ན་སྙམ་པ་ལྟ་བུ་ཡིན། ང་ཚོར་རང་གི་ནང་མི་

དང་། གྲོགས་པོ། སྤུན་མཆེད་སོགས་ཀྱི་རོགས་རམ་མཁོ་བ་དང་། དེས་ང་ ཚོར་བདེ་འཇགས་ཀྱི་ཚོར་བ་ཞིག་སྐྲུན་གྱི་ཡོད་ལ། དེ་ཡིས་མིའི་རང་བཞིན་

ཡང་མཚོན་ཐུབ།

156


སྤྱི་ཚོགས་ཀྱི་འཕེལ་རྒྱས།

སྤྱི་ཚོགས་དང་སྲིད་དོན་གྱི་འཚ

མི་ཚང་མ་ཐོག་མར་སྐྱེས་དུས་ནས་རང་ཉིད་ལ་སྐྱེས་ཐོབ་ཀྱི་ཡོན་ཏན་དང་ནུས་པ་རེ་ཡོད། དེ་རྩ་བ་ལྟ་བུ་བྱས་ཏེ་རིམ་ བཞིན་འཚོ་བའི་ཁྲོད་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། དཔེར་ན། ང་ཚོས་དང་ཐོག་རང་གི་ནང་ལ་དུས་རྒྱུན་དུ་བེད་

སྤྱོད་བྱེད་བཞིན་པའི་སྐད་ཙམ་ལས་མི་ཤེས་ཀྱང་། རྗེས་སུ་ཉེ་འཁོར་གྱི་གྲོང་པ་དང་སློབ་གྲྭ་ནས་སྐད་རིགས་མི་འདྲ་བ་ མང་པོ་ཞིག་ཤེས་ཐུབ་ཀྱི་ཡོད།

ང་ཚོར་རང་ངོས་ནས་བསམ་བློ་གཏོང་ཐུབ་པའི་ནུས་པ་ཡང་ཡོད། དཔེར་ན། རྒན་ལགས་ཀྱིས་སློབ་ཕྲུག་ཚང་མར་

བརྗོད་གཞི་གཅིག་ལ་རྩོམ་ཡིག་འབྲི་བའི་གོ་སྐབས་སྤྲད་ཀྱང་། རྩོམ་ཡིག་རྣམས་གཅིག་པ་མ་ཡིན་པའི་རྒྱུ་མཚན་གང་

ཡིན་ཞེ་ན། བསམ་བློ་གཏོང་ཕྱོགས་དང་སྤྱི་ཚོགས་ལ་ལྟ་སྟངས་མི་འདྲ་བ་ཡོད་པས་ཡིན། དེས་སྤྱི་ཚོགས་ཀྱིས་ཀྱང་ང་ ཚོའི་ཚོར་སྣང་དང་བསམ་བློའི་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མཚོན་ཐུབ།

བསམ་བློ་དང་དོ་དབྱིངས་མི་འདྲ་བའི་དབང་གིས་སྤྱི་ཚོགས་ནང་མི་རྣམས་ཀྱི་རིག་རྩལ་དང་ནུས་པ་མི་འདྲ་བ་འབྱུང་གི་

ཡོད། དཔེར་ན། སྤྱི་ཚོགས་ཞབས་ཞུ་བ་དང་། འཆར་འགོད་པ། ཚན་རིག་པ། ཆབ་སྲིད་པ། དགེ་རྒན། གཞས་པ། རྩེད་ མོ་བ་སོགས་ཡིན།

དཔེ་རིས། ༡༩་༢ ཆེད་ལས་མི་འདྲ་བ།

157


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སློབ་ཕྲུག་གསུམ་ནས་དྲུག་བར་གྱི་སྡེ་ཚན་ཞིག་བཟོས་ནས་ཤོག་བུའི་སྟེང་ ཨིན་ཡིག་

Y དབྱིབས་ཅན་གྱི་དཔེ་རིས་ཤིག་བྲིས་ཏེ། དབྱིབས་ཀྱི་ཆ་

ཤས་རེ་རེའི་ཐོག་སྤྱི་ཚོགས་སྟེང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་ གནད་དོན་ཐོག་གོ་བསྡུར་དང་ཐོ་འགོད་བྱེད་དགོས།

ཐོས།

མཐོང་།

མྱོང་།

སྤྱི་ཚོགས་ཟེར་ན་གང་འདྲ་ཞིག་ལ་ཟེར།

སྤྱི ་ ཚོགས་ཤིག་གི་ནང་ལ་ཕོ་མོ་རྒན་གཞོན་ཚང་མ་

ཚུད་ཡོ ད ། ང་ཚོ འི ་ ནང་མི་ཡང་དེ འི་ཆ་ཤས་ཡིན་པ་མ་

ཟད། ཚོགས་པ་སྒྲིག་འཛུགས་རྣམས་ཀྱང་དེའི་ཆ་ཤས་ ཤི ག ་ཡི ན ། དེ ་ དག་ཕན་ཚུན་གཅི ག ་ལ་གཅི ག ་བརྟེན་ དང་། ཁེ་ཕན་མཉམ་སྤྱོད་བྱེད་པ་དེ་ཡང་སྤྱི་ཚོགས་ཀྱི་གྲུབ་ ཆ་ཆགས་ཀྱི་ཡོད།

སྤྱི་ཚོགས་ནི་མི་ཚང་མ་མཉམ་རུབ་ཀྱིས་ཐུན་མོང་གི་ཁེ་ ཕན་སྒྲུབ་པ་ལས་གྲུབ་ཀྱི་ཡོད།

ཟས་གོས་གནས་མལ་དང་བདེ་འཇགས་ཀྱི་དགོས་མཁོ་དེ་ བསྒྲུབ་པར་སྤྱི་ཚོགས་ལ་གཏན་འཇགས་ཀྱི་ལམ་ལུགས་

ཤིག་དགོས་པ་དང་། དེ་ལྟ་བུའི་ལམ་ལུགས་ཤིག་མེད་ན།

སྤྱི་ཚོགས་ཀྱི་ཉིན་རེའི་བྱ་གཞག་རྣམས་རྒྱུན་འཁྱོངས་བྱེད་མི་ཐུབ།

དཔེ་རིས། ༡༩་༣ ནང་མི།

སྤྱི་ཚོགས་དེ་རྒྱུན་གནས་ཡོང་བར་ལམ་ལུགས་དེ་མེད་ཐབས་མེད། དཔེར་ན། ང་ཚོའི་ཟས་རིགས་ཀྱི་དགོས་མཁོ་

སྒྲུབ་པར་ཞིང་ལས་ནི་མེད་ཐབས་མེད་པ་ཞིག་ཡིན། ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་ལས་གཞི་ཆ་ཚང་འགྲུབ་པར་ ཞིང་པའི་ལག་ཆ་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་དང་། བུན་གཡར་གཏོང་བའི་དངུལ་ཁང་། ཞིང་ལས་ཐོན་རྫས་འཚོང་སའི་

ཁྲོམ་ར་སོགས་སྒྲིག་འཛུགས་མ་འདྲ་བ་མང་པོ་ཞིག་ངེས་པར་དུ་བསྐྲུན་དགོས། དེ་ལྟ་བུའི་ལམ་ལུགས་མང་པོ་ཞིག་ལ་ བརྟེན་ནས་བརྟན་བརླིང་གི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་ཡོད།

158


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

སྦྱོང་ཚན། ཀ༽ གཤམ་གྱི་དྲི་བ་ཁག་ལ་ལན་གནད་བསྡུས་རེ་བྲིས། ༡།

སྤྱི་ཚོགས་ཟེར་ན་གང་འདྲ་ཞིག་ལ་ཟེར།

༣།

ང་ཚོའི་ཕྱི་ནང་གི་དགོས་མཁོ་གཙོ་བོ་གང་དང་གང་ཡིན།

༢།

༤། ༥།

མི་རྣམས་མཉམ་རུབ་ཀྱི་འཚོ་བ་སྐྱེལ་འགོ་ཚུགས་དགོས་དོན་གང་ཡིན་ནམ། གཏན་འཇགས་ཀྱི་མིའི་འཚོ་བ་ཅིག་དགོས་པར་སྒྲིག་འཛུགས་ཀྱི་དགོས་མཁོ་ཡོད་དགོས་དོན་གང་ཡིན་ནམ། མི་ཚང་མ་བསམ་བློ་གཏོང་ཕྱོགས་མི་འདྲ་བ་ཡོད་པར་མོས་མཐུན་ཡོད་དམ། རྒྱུ་མཚན་ཤོད།

ཁ༽ འགྲིག་ནོར་རྟགས་རྒྱོབ། ༡།

མི་ཚོགས་མང་པོ་འདུས་སྡོད་བྱས་ནས་ཁོང་ཚོར་བདེ་འཇགས་བསྐྲུན་ཐུབ་པ་ཚོར།

༣།

མིའི་ནང་སེམས་ཀྱི་དགོས་མཁོ་ནི་ཉེན་ཁ་མེད་པ་དང་བདེ་འཇགས་ཡིན།

༢།

༤། ༥།

མིའི་རང་བཞིན་ནི་སྤྱི་ཚོགས་དང་བྲལ་ཏེ་ཁེར་རྐྱང་དུ་གནས་ཐུབ། མི་ཚང་མ་ཐོག་མར་སྐྱེས་དུས་ནས་སྐྱེས་ཐོབ་ཀྱི་ནུས་པ་མེད། སྤྱི་ཚོགས་ཟེར་བ་ནི་མི་ཚོགས་འཛོམས་པ་ཙམ་ལ་ཟེར།

ག༽ བྱེད་སྒོ།

༡། ཁྱེད་ལ་དགོས་མཁོ་ཡོད་པའི་ཅ་ལག་ཁ་ཤས་ཀྱི་མིང་བྲིས་ནས། ཅ་ལག་དེ་རྣམས་བཟོ་མཁན་སུ་ཡིན་ངོས་འཛིན་བྱས་ཏེ་ དེའི་ཐོག་གྲོས་སྡུར་གྱིས།

༢། ཁྱེད་ཀྱིས་ཞིང་པའམ་ཡང་ན་ཚལ་འཚོང་མཁན་ཞིག་གི་སར་ཕྱིན་ནས་ཞིང་ལས་ཐོན་རྫས་མཁོ་སྒྲུབ་བྱེད་ཚུལ་དྲིས་ཏེ་ཐོ་འགོད་ བྱེད་དགོས།

༣། སློབ་ཕྲུག་གསུམ་ནས་ལྔ་བར་གྱི་སྡེ་ཚན་དུ་བགོས་ཏེ་འོག་གི་བརྗོད་གཞི་སྟེང་གྲོས་བསྡུར་གྱིས་ལན་གང་མང་ཐོ་འགོད་བྱ་ དགོས།

(གལ་ཏེ་ང་ཚོ་ཚང་མའི་དོ་དབྱིངས་དང་། དམིགས་ཡུལ། འདོད་པ་སོགས་གཅིག་པ་ཡིན་ན་སྤྱི་ཚོགས་དེ་གང་འདྲ་ཅིག་ཆགས་

སམ།)

159


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

༢༠

སྣ་མང་གི་སྤྱི་ཚོགས།

བྱེད་སྒོ་།

སློབ་ཕྲུག་རྣམས་ལ་རང་ཉིད་དགའ་མོས་བྱེད་སའི་གློག་བརྙན་འཁྲབ་མཁན་དང་།

༡།

༢།

རྩེད་མོ་རྩེ་མཁན། གཞས་གཏོང་མཁན་སོགས་ཀྱི་མིང་འབྲི་རུ་འཇུག་དགོས། གློག་བརྙན་འཁྲབ་མཁན་དགའ་ཤོས། གཞས་གཏོང་མཁན་དགའ་ཤོས།

༣། རྩེད་མོ་བ་དགའ་ཤོས།

༄༅། །ང་ཚོས་གོང་དུ་སྦྱངས་ཟིན་པ་ལྟར། སྤྱི་ཚོགས་ནི་ང་ཚོ་འཚོ་སྡོད་བྱེད་སའི་ཁྱིམ་ཚང་ལྟ་བུ་ཞིག་དང་། དེའི་ནང་

གི་མི་ཚང་མར་མི་འདྲ་བའི་ཆ་མང་པོ་ཡོད། དཔེར་ན། ངོ་རིས་དང་། ཤ་མདོག སྐད་ཡིག ཆོས་རིག ཡུལ་སྲོལ། གོམས་ གཤིས་སོགས་མང་པོ་ཡོད།

ཁྱེད་ཀྱི་འཛིན་ཁང་ནང་གི་འཛིན་གྲོགས་རྣམས་ཁྱེད་དང་གཅིག་པ་རེད་འདུག་གམ། ཡང་ན། མི་འདྲ་བའི་ཆ་ག་རེ་

འདུག ཁྱེད་ཀྱིས་དགའ་མོས་བྱེད་སའི་གློག་བརྙན་འཁྲབ་མཁན་དང་། གཞས་པ། རྩེད་མོ་བ་སོགས་ཁྱེད་ཀྱི་གྲོགས་ པོས་དགའ་བོ་བྱེད་ས་དང་གཅིག་པ་རེད་འདུག་གམ།

ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་ཡང་། གོང་དུ་བརྗོད་པ་བཞིན་མི་འདྲ་བའི་ཆ་སྣ་ཚོགས་ཡོད་པ་དེ་ལ་སྣ་

མང་གི་སྤྱི་ཚོགས་ཞེས་ཟེར།

གང་འདྲ་བྱས་ནས་སྣ་མང་གི་སྤྱི་ཚོགས་དེ་ཆགས་པ་རེད།

ཁྱེད་ཀྱིས་བསམ་ན། ལོ་ངོ་སྟོང་ཕྲག་མང་པོའི་གོང་ལ་མི་རྣམས་ས་ཆ་གཅིག་རང་ལ་སྡོད་ཀྱི་ཡོད་དམ།

སྐབས་རེར་ཁོང་ཚོ་ས་ཆ་གཅིག་རང་ལ་ཡུན་རིང་གནས་སྡོད་བྱེད་ཀྱི་ཡོད་ལ། སྐབས་རེར་མུ་གེ་དང་། ཐན་པ། དམག་

འཁྲུག་སོགས་ཀྱིས་དཀའ་ངལ་འཕྲད་དེ། ས་ཆ་གཞན་ལ་གནས་སྤོ་ཆེད་འགྲུལ་བཞུད་བྱེད་ཀྱི་ཡོད། སྐབས་དེར་གནམ་

160


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

གྲུ་དང་། མེ་འཁོར། སྣུམ་འཁོར་སོགས་མེད་པས་རྟ་དང་། རྔ་མོང་ལ་ བཞོན་པ་དང་། ཡང་ན་རྐང་ཐང་ལ་འགྲུལ་བཞུད་བྱེད་ཀྱི་ཡོད།

ཁོང་ཚོ་ས་ཆ་གསར་པ་གཅིག་ཏུ་ཡུན་རིང་གནས་སྡོད་བྱས་པ་ལས། སྐད་ཡིག ཟས་རིགས། ཆོས་ལུགས། གཞས་སྣ་སོགས་མཉམ་

དཔེ་རིས། ༢༠་༡ གནའ་བོའི་འགྲུལ་བཞུད།

བསྲེས་བྱུང་ནས། ལུགས་སྲོལ་དང་། ཡུལ་སྐད། རིག་གཞུང་སོགས་ མི་འདྲ་བའི་ཆ་སྣ་མང་བྱུང་བ་རེད།

དེ་བཞིན་སྣ་མང་ནི་ང་ཚོ་སྡོད་སའི་སའི་ཆགས་དབྱིབས་དང་། རི། མཚོ་ཁ། ཐང་སོགས་ལ་བརྟེན་ནས་ཡང་འབྱུང་གི་

ཡོད། དཔེར་ན། མཚོ་ཁར་སྡོད་མཁན་གྱི་མི་དང་། རིའི་སྒང་ལ་སྡོད་མཁན་གྱི་མིའི་དབར་ལ་ཁྱད་པར་ཡོད། དེ་ཡང་ ཁོང་ཚོའི་ཟས་དང་གྱོན་གོས་ཙམ་མིན་པར། བྱ་སྤྱོད་དང་གོམས་གཤིས་ལའང་ཁྱད་པར་ཆེན་པོ་ཡོད།

ལ་དྭགས་ (Ladakh) ལྟ་བུར་མཚོན་ན། ས་ཆ་སྐམ་པོ་དང་། ཆར་ཆུ་དབེན་པ། བྱེ་ཐང་སོགས་ཡིན་པས། སྔོ་ཚལ་

རིགས་དཀོན། དེའི་ཁུལ་གྱི་མི་རྣམས་ཀྱིས་ར་ལུག་འཚོ་བ་དང་། ཁོང་ཚོའི་དམིགས་བསལ་ཐོན་ཁུངས་པཤི་མི་ ཎ་གཟན་ཡོལ་

(Pashmina Shawl)

ནི་རིན་གོང་ཆེ་ལ་སྤུས་ཀ་ཧ་ཅང་ལེགས་པ་ཞིག་ཡོད། ཁོང་ཚོའི་ཟས་སུ་གཙོ་

བོ་ཤ་དང་། འོ་མ། ཕྱུར་བ། མར་སོགས་ཡིན། ནང་མི་རེ་རེས་སོ་སོའི་ར་ལུག་དང་། གཡག མཛོ་སོགས་གསོ་ ཉར་བྱེད་ཀྱི་ཡོད།

ལ་དྭགས་ནི་ལོ་རྒྱུས་ཐོག་རྒྱ་བོད་ཚོང་པའི་འགྲུལ་ལམ་དང་། ནང་པ་མང་ཤོས་ཡོད་པའི་རྒྱ་གར་གྱི་ས་ཆ་ཞིག་ ཀྱང་ཡིན།

ཀེ་རཱེ་ལ་ (Kerala) ནི་རྒྱ་གར་ལྷོ་ནུབ་ཕྱོགས་ཀྱི་མཚོ་མཐའི་ངོས་སུ་ཆགས་ཡོད། གཡེར་མ་དང་། ལི་ཤི ཀ་ཀོ་ལ་

སོགས་ས་ཁུལ་དེའི་སྨན་སྣ་སྐད་གྲགས་ཆེན་པོ་ཡོད། འཇིའུ་དང་ཨ་རབ་(Jew and

(Pepper,clove,and cardamom) Arab)

ཀྱི་ཚོང་པ་རྣམས་ས་ཁུལ་དེར་ཚོང་གི་ཆེད་ཡོང་མཁན་དང་པོ་དེ་ཡིན། ལོ་ ༢༠༠༠ ཙམ་གྱི་ཡར་སྔོན་དུ་ཡི་

ཤུའི་བླ་མ་སན་ ཐའོ་མ་སི་

(St.Thomas)

ཡོད།

ཡིས་ཡི་ཤུའི་ཆོས་ཐོག་མར་རྒྱ་གར་དུ་འཁྱེར་ཡོང་བར་ཡང་གསུངས་

ཁོང་ཚོའི་ས་ཆ་གཤིན་པོ་དང་གནམ་གཤིས་སོགས་ལ་བརྟེན་ནས། ཁ་ཟས་གཙོ་བོ་འབྲས་དང་སྔོ་ཚལ་འདྲ་མིན། ཉ་རིགས་ཀྱི་ཤ་སོགས་ཡིན།

161


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྣ་མང་དང་དབྱེ་འབྱེད།

ང་ཚོ་དུས་རྒྱུན་རང་དང་ངོ་རིས། ལུགས་སྲོལ། གྱོན་གོས་སོགས་འདྲ་པོ་ཡོད་པའི་མི་རྣམས་དང་མཉམ་དུ་གནས་ན་སྐྱིད་

པོ་དང་ཉེན་ཁ་མེད་པའི་བདེ་འཇགས་ཀྱི་ཚོར་སྣང་ཞིག་སླེབས་ཀྱི་ཡོད། འོན་ཀྱང་སྐབས་རེར་ང་ཚོ་རང་དང་ཆ་རྒྱུས་མེད་ པའི་མི་དང་འཕྲད་ན། ང་ཚོར་གོམས་འདྲིས་མེད་པའི་ཚོར་བ་ཁྱད་མཚར་པོ་ཞིག་ཀྱང་སྐྱེ་ཡི་ཡོད། མཚམས་རེར་ང་ཚོས་

ཁོང་ཚོ་དང་མི་འདྲ་བའི་ཆ་གང་ཡིན་མིན་རྟོགས་ཐུབ་ཀྱི་མེད། དེར་བརྟེན་ང་ཚོས་རང་དང་མི་འདྲ་བའི་མི་རྣམས་ལ་རྣམ་ འགྱུར་དང་བསམ་ཚུལ་མི་འདྲ་བ་མང་པོ་སྟོན་གྱི་ཡོད་པ་མ་ཟད། དབྱེ་འབྱེད་ཀྱང་བྱེད་པ་ཡོང་སྲིད།

གཤམ་གསལ་ཁྱད་ཆོས་རྣམས་བུ་དང་བུ་མོ་སུ་ལ་ལྡན་པ་དེར་རྟགས་རྒྱོབ། ༡

ཁྱིམ་ལས་ལ་འཇོན་པ།

ཕྲུ་གུ་ལྟ་སྐྱོང་བྱེད་མཁས་པ།

ཕ་མ་ལ་ཞབས་ཕྱི་ཞུ་མཁས་པ།

བུ།

བུ་མོ།

བཙན་ཤུགས་ཆེ་བ།

བུ།

བུ་མོ།

དབང་ཤེད་ཆེ་བ།

བུ།

བུ་མོ།

བུ། བུ།

བུ་མོ། བུ་མོ།

འཛིན་གྲོགས་ནང་ཁུལ་གོང་གསལ་ནས་སོ་སོས་བདམས་པའི་བུ་ཡི་ཁྱད་ཆོས་དང་། བུ་མོའི་ཁྱད་ཆོས་སྐོར་ལ་བགྲོ་གླེང་ བྱེད་དགོས།

༡།

ཕྱོགས་ལྷུང་། (Prejudice)

ཕྱོགས་ལྷུང་ནི་བརྟག་དཔྱད་མི་བྱེད་པར་གཞན་ལ་

སྣང་ཆུང་ངམ་མཐའ་གཅི ག ་ཏུ་དམན་པར་འཛི ན ་

པ་ལ་གོ་དགོས། གལ་ཏེ་ང་ཚོས་དུས་རྟག་ཏུ་མི་

གཞན་སྐྱོན་ཅན་དང་། དམན་པར་བལྟས་བསྡད་ན་

རྒྱུ་འབྲས་ས་ཁྲའི་ནང་བརྗོད་གཞི་དབྱེ་འབྱེད་ཐོག་རྒྱུ་རྐྱེན་དང་ འབྲས་བུའི་ཐོ་འགོད་བྱོས།

རྒྱུ་རྐྱེན།

རང་དང་བསམ་བློ་མི་གཅིག་པའི་མི་རྣམས་ལ་ཆ་

འཇོག་བྱེད་མི་ཐུབ། དཔེར་ན། ང་ཚོས་བོད་ཡིག་

162

དབྱེ་འབྱེད།

འབྲས་བུ།


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

གཤམ་གསལ་དཔེ་རིས་ཀྱིས་གོ་བ་གང་སྟེར་རམ་།

ནི་སྐད་ཡིག་ཡག་ཤོས་དང་། སྐད་ཡིག་གཞན་རྣམས་གལ་ཆེན་པོ་མིན་ བསམས་ན། ང་ཚོས་སྐད་ཡིག་གཞན་རྣམས་དམན་པར་བལྟས་པས། ཁྱེད་ ཀྱིས་སྐད་ཡིག་གཞན་སྤྱོད་མཁན་གྱི་མི་ལ་ཕྱོགས་ལྷུང་བྱེད་པའང་ཡོང་གི་

རེད། (དཔེ་རིས། ༢༠་༢)

༢།

རིགས་མཚུང་ལྟ་ཚུལ། (Stereotype)

ང་ཚོས་སྐབས་རེར་མི་ཞིག་གི་རིགས་རུས་དང་། ཆོས་ལུགས། ཡང་ ན། ཕོ་མོ་སོགས་ལ་བལྟས་ནས་ལྟ་ཚུལ་དང་བསམ་ཚུལ་མི་འདྲ་བ་བཟུང་ སྟེ། རང་དང་ཆོས་ལུགས་དང་རིགས་རུས་སོགས་མི་འདྲ་བའི་མི་གཞན་

ལ་སེར་སྣ་ཅན་དང་། སྒྱིད་ལུག་ཅན། ཡང་ན་ལྐུགས་པ་བརྩིས་ནས་དབྱེ་

འབྱེད་བྱེད་པ་ལ་རིགས་མཚུང་ལྟ་ཚུལ་ཟེར།

སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་དེའི་ནང་མི་འདྲ་མིན་སྣ་ཚོགས་ཡོད་ སྟབས། ང་ཚོས་མི་རེ་གཉིས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་ཡོངས་ལ་དབྱེ་

འབྱེད་བྱས་ན་མི་འགྲིག

གོང་གསལ་ཕྱོགས་ལྷུང་དང་རིགས་མཚུང་ལྟ་ཚུལ་ལ་བརྟེན་ནས། ང་ཚོས་

རང་གི་ཉིན་རེའི་འཚོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཀྱི་ཡོད། དཔེར་

ན། ང་ཚོའི་འདས་པའི་ལོ་རྒྱུས་ནང་ཕོ་མོའི་དབྱེ་འབྱེད་བྱས་ཏེ། སྐྱེས་པ་མོ་ ནི་བློ་རིག་དང་འཇོན་ཐང་མེད་པར་ངོས་འཛིན་གྱིས་སློབ་སྦྱོང་དང་། ཕྱིའི་ ལས་ཀའི་གོ་སྐབས་མ་སྤྲད་པར་མི་ཚེ་ཧྲིལ་པོར་ནང་ལས་དང་བུ་ཕྲུག་གསོ་

ཚིག་ གསར།

རྩོད་རྙོག-Conflict མུ་གེ-Famine

ཐན་པ།-Drought

རེག་མ་རུང་བ།-Untouchable འགྲུལ་བཞུད།-Journey

སྐྱོང་བྱེད་རྒྱུ་མ་ཟད། ས་ཆ་ཁ་ཤས་སུ་བུད་མེད་ལ་མཐོང་ཆུང་དང་དབྱེ་

འབྱེད་ཚད་མེད་བྱེད་ཀྱི་ཡོད་ཀྱང་། ཕྱིས་སུ་མིའི་བསམ་བློ་དང་ཤེས་ཡོན་

ཡར་རྒྱས་ཕྱིན་པར་བརྟེན། སྔོན་མ་དང་བསྡུར་ན་ཡར་རྒྱས་གང་ཙམ་ཕྱིན་ ཡོད།

དབྱེ་འབྱེད།-Discrimination

163


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

༡།

སྤྱི་ཚོགས་ཚགས་ཚུད་ཡོང་བར་དགོས་ངེས་ཆ་རྐྱེན། མཉམ་རུབ། (Cooperation)

སྤྱི་ཚོགས་གང་ཡིན་ཡང་མི་སྒེར་དང་ཚོགས་སྡེ་གཉིས་མཉམ་རུབ་བྱེད་པ་ གཞི་རྩར་བཟུང་སྟེ་བྱུང་བ་ཞིག་ཡིན། སྤྱི་ཚོགས་དེ་ཞི་མཐུན་ངང་གནས་

ཐུབ་པར་གཙོ་བོ་མི་དང་མིའི་དབར་ལ་མཉམ་རུབ་དགོས། མཉམ་རུབ་

ནི་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་རོགས་པ་དང་། སྐྱིད་སྡུག་མཉམ་

མྱོང་། བྱ་བཞག་མཉམ་རུབ་བྱེད་པ་ལ་གོ་དགོས། ཁྱིམ་ཚང་ཞིག་ཡིན་རུང་ ནང་མི་ཚོར་མཉམ་རུབ་ཀྱི་འདུ་ཤེས་མེད་ན་ཡུན་རིང་མཉམ་དུ་གནས་མི་

ཐུབ་པ་བཞིན། སྤྱི་ཚོགས་ཀྱང་དེ་བཞིན་ཡིན།

༢།

བསམ་ཤེས་དང་བཟོད་བསྲན། (Understanding and Tolerance)

སྤྱི་ཚོགས་ནང་མི་འདྲ་མིན་དང་། བསམ་བློའི་འཁྱེར་སོ། དགའ་མོས་

སོགས་མི་འདྲ་བ་སྣ་ཚོགས་ཡོད་སྟབས། བསམ་ཤེས་དང་བཟོད་བསྲན་

ཅུང་ཟད་བྱེད་མ་ཐུབ་ན། སྐབས་རེར་ཕྱོགས་ལྷུང་དང་གོ་ནོར་ལ་བརྟེན་ནས་ སྤྱི་ཚོགས་ནང་རྩོད་གླེང་དང་འཐབ་རྩོད་ཡང་ཡང་ཡོང་གི་ཡོད། གནས་

སྟངས་དེ་འདྲ་ཡོང་བའི་སྐབས་ཕན་ཚུན་བསམ་ཤེས་དང་བཟོད་བསྲན་བྱེད་

ཐུབ་ན། སྤྱི་ཚོགས་ཀྱི་བསམ་བློ་གོང་མཐོར་ཕྱིན་ནས་ཞི་བདེ་བག་ཕེབས་ ངང་གནས་ཐུབ།

༣།

ལས་འགན། (Role)

སྤྱི་ཚོགས་ཤིག་གི་ནང་ང་ཚོས་ལས་འགན་འདྲ་མིན་སྣ་ཚོགས་ ཤི ག ་ སྒྲུ བ ་ ཀྱི ་ ཡོ ད །

ཁྱི མ ་ དུ ་ ཡོ ད ་ དུ ས ་ ཕ ་ མ འི ་ ཕྲུ ་ གུ ་ ད ང ་ །

སློབ་གྲྭར་ཡོ ད ་དུས་སློབ་ཕྲུག ཁྱེད་སློབ་གྲྭ་ཐོ ན ་ནས་ལས་གནས་སུ་

ཞུགས་སྐབས་ལས་བྱེད་པ་ཆགས་ཀྱི་ཡོད། ལས་གནས་དེ་ལ་ཞུགས་

164

དཔེ་རིས། ༢༠་༢ བིམ་རའོ་ ཨམ་བྷེད་ཀར།

འབུམ་རམས་པ་བི མ ་རའོ ་ ཨམ་བྷེད་ཀར་ (༡༨༩༡-༡༩༥༦)

ནི་རྒྱ་གར་རྩ་ཁྲིམས་ཟིན་བྲིས་

ཚོ ག ས་ཆུང་གི ་ ཚོ ག ས་གཙོ ་ དང་། རི ག ས་ རུས་དམའ་བ་དྷ་ལིཏ་

(Dalit)

ཚོའི་ཐོབ་ཐང་

རྩོད་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་མ་

ཟད། དེའི་ཆེད་སྐུ་ངལ་ཚད་མེད་བསྐྱོན་ཡོད། ཁོང་འཁྲུངས་ས་མ་ཧར་རིགས་རུས་གནས་

སྡོད་བྱེ ད་སའི ་ས་ཁོངས་ཡི ན་པས་རེག་མི ་

རུང་བའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ པ་དང་། མ་ཧར་གྱི་ཁྱིམ་ཚང་ཁག་ས་ཞིང་ མེད་པས་དབུལ་ཞིང་། གྲོང་ཁྱེར་ཕྱི་རུ་ཉམ་ ཐག་གི་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

ཁོང་ནི་མ་ཧར་རིགས་རུས་ལས་མཐོ་སློབ་ ཐོན་ཏེ་ལོན་ཌོན་དུ་ཁྲིམས་རྩོད་པའི་སློབ་སྦྱོང་ དུ་སྐྱོད་མཁན་ཐོག་མ་དེ་ཡིན། ཁོང་གིས་དྷ་ ལིཏ་ཡི་ཕྲུ་གུ་ཚོ་སློབ་གྲྭར་བཏང་སྟེ། གཞུང་

གི་ལས་སྣེ་འདྲ་མིན་ནང་འཛུལ་ཞུགས་ཀྱིས་

རིགས་རུས་ཀྱི་ལམ་ལུགས་ལས་ཐར་ཐུབ་

པའི་སྐུལ་མ་གནང་གི་ཡོད། ནང་ཆོས་ནི་མི་ ཚང་མར་འདྲ་མཉམ་དུ་འཛིན་མཁན་གྱི་ཆོས་

ལུགས་ཞིག་ཡིན་པར་དགོངས་ཏེ་མཐར་ཁོང་ ནང་པའི་ཆོས་སུ་ཞུགས་པ་རེད།


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

པ་ཙམ་མིན་པར་འགན་འཁྲི་ཞིག་ཀྱང་ཡོད་པ་ཤེས་དགོས། དཔེར་ན། སློབ་ཕྲུག་ཅིག་ཡིན་ན་སློབ་ལ་བརྩོན་རྒྱུ་དང་།

ལས་བྱེད་པ་ཞིག་ཆགས་ན་རང་འཁྲི་ལས་འགན་ཡག་པོ་སྒྲུབ་རྒྱུ་ནི་གལ་ཆེན་པོ་ཡིན།

༤།

ཁྲིམས། (Law)

སྤྱི་ཚོགས་དེ་ཚགས་ཚུད་ཡོང་བར་ཁྲིམས་ཤིག་དགོས་ཀྱི་ཡོད། གནའ་བོའི་དུས་ཀྱི་མི་

ཚོར་ལམ་དང་ལུགས་སྲོལ་གྱི་ཐོག་ནས་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་ཡོད་ཀྱང་། དེང་

སྐབས་སྤྱི་ཚོགས་ཁྲིམས་ལུགས་གཞིར་བཟུང་འགྲོ་བཞིན་ཡོད། ཚོགས་པ་དང་སྒྲིག་

འཛུགས་གང་འདྲ་ཞིག་ཡིན་རུང་སོ་སོའི་སྒྲིག་ཁྲིམས་ཡག་པོ་ཞིག་ཡོད་ན། སྤྱི་ཚོགས་ དེ་ཞི་འཇམ་ངང་འགྲོ་ཐུབ་རྒྱུར་ཕན་ཐོགས་ཡོད།

དཔེ་རིས། ༢༠་༣ བཅའ་ཁྲིམས།

༥། སྣ་མང་གི་སྟོབས་ཤུགས། (Strength of Diversity)

ཚོགས་སྡེ་འདྲ་མིན་ནང་གནས་སྡོད་བྱེད་པས་མི་གཞན་དང་མཉམ་གནས་བྱེད་པའི་གོམས་གཤིས་འཇགས་ཀྱི་ཡོད་པ་ དང་། དེས་མི་ཕན་ཚུན་དབར་བསམ་ཤེས་བྱེད་པའི་བསམ་བློ་གོང་མཐོར་གཏོང་གི་ཡོད། དེ་ལ་བརྟེན་ནས་མི་གཞན་གྱི་

རིག་གཞུང་དང་སྐད་ཡིག་སོགས་རང་གི་རྒྱུད་ལ་འཇགས་ཐུབ། དེ་ནི་སྤྱི་ཚོགས་ནང་གནས་པའི་ཆ་རྐྱེན་ཞིག་ཡིན་ལ་ཁེ་ ཕན་ཡང་ཡིན།

ང་ཚོས་བསམ་ཤེས་དང་། བཟོད་བསྲན། མཉམ་རུབ་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་བྱུང་གི་འཇིགས་པ་

དང་། མི་ཡིས་བཟོས་པའི་དཀའ་ངལ་དག་སེལ་ཐུབ་པ་ཡོང་གི་ཡོད།

དཔེ་རིས། ༢༠་༤ སྣ་མང་གི་བོད།

165


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

སྦྱོང་ཚན། ཀ

གཤམ་གྱི་དྲི་བ་ཁག་ལ་ལན་གནད་བསྡུས་རེ་བྲིས།

༡།

མི་ལ་མི་འདྲ་བའི་ཆ་གང་དང་གང་ཡོད་དམ།

༣།

མིའི་གོམས་གཤིས་དང་འཚོ་བ་སྐྱེལ་སའི་ཁོར་ཡུག་དབར་ལ་འབྲེལ་བ་གང་ཡོད་དམ།

༥།

སྤྱི་ཚོགས་ཚགས་ཚུད་ཡོང་བའི་དགོས་ངེས་ཆ་རྐྱེན་གང་དང་གང་ཡིན་ནམ།

༢། སྔ་མོའི་མི་རྣམས་ས་ཆ་གཅིག་རང་ལ་ཡུན་རིང་གནས་སྡོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། ༤།

ཁ།

ཕྱོགས་ལྷུང་ཟེར་ན་གང་རེད་དམ།

བྱེད་སྒོ།

༡།

འཛིན་གྲྭའི་ནང་རྩོད་རྙོག་གང་ཡོད་ངོས་འཛིན་བྱས་ཏེ། དེ་ལྟར་ཡོང་དགོས་པའི་རྒྱུ་རྐྱེན་སྟེང་བགྲོ་གླེང་བྱེད་དགོས།

༣།

འཛིན་གྲྭའི་ནང་རང་ཉིད་ཀྱི་དགའ་མོས་ཡོད་པའི་ཆེད་ལས་པ་ཞིག་གི་རྣམ་པ་འཁྲབ་སྟོན་བྱེད་དགོས།

༢། སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ཏེ། རྒྱལ་སྤྱིའི་སྟེང་རྩོད་རྙོག་ཡོང་བའི་སྐོར་དྲི་བ་བཟོས་ཏེ། དགེ་རྒན་ལ་བཀའ་འདྲི་ཞུ་དགོས།

སྨན་པ། དགེ་རྒན། སྨན་ཞབས་པ། ཚན་རིག་པ། བཟོ་སྐྲུན་པ།

འཆར་འགོད་པ། རི་མོ་བ། གཞས་པ། ཞིང་པ། ཚོང་པ། ཁ་ལོ་བ། གད་པ། གླ་བ། མཛེས་བཟོ་བ། མ་བྱན། འཁྲབ་སྟོན་པ།

166


སྤྱི་ཚོགས་དང་སྲིད་དོན་གྱི་འཚ ག༽ གཤམ་གསལ་དཔེ་རིས་ཀྱིས་གོ་བ་གང་སྟེར་རམ།

༡།

༢།

༣།

༤།

167


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

༢༡

འདྲ་མཉམ་གྱི་འཚོ་བ།

བསམ་བློ་ཐོངས་།

འདྲ་མཉམ་ཟེ ར ་ན་གང་འདྲ་ཞི ག ་ལ་གོ ་ དགོས་སམ། འཛམ་གླིང་ནང་མི་ཚང་མ་

འདྲ་མཉམ་རེད་འདུག་གམ།

༄༅། །འདྲ་མཉམ་ནི་མང་གཙོའི་གྲུབ་ཆ་གཙོ་བོ་ཞིག་ཡིན། དེ་ནི་མང་གཙོ་

ལག་བསྟར་ཡོང་བར་ནུས་པ་འདོན་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

དེར་བརྟེན་ཐོག་མར་ང་ཚོས་མང་གཙོ་ཟེར་ན་གང་འདྲ་ཞིག་ལ་གོ་དགོས་མིན་ དང་། ང་ཚོའི་སྤྱི་ཚོགས་དེ་མང་གཙོའི་སྤྱི་ཚོགས་སུ་གྱུར་པའི་སྐོར་ལ་མདོར་ ཙམ་ཞུ་ན།

མང་གཙོའི་གཞུང་།

མི་མང་གིས་འོས་འདེམས་བྱས་པའི་འཐུས་མིས་འཛིན་སྐྱོང་བྱེད་པའི་གཞུང་དེ་ལ་མང་གཙོའི་གཞུང་ཟེར། ང་ཚོའི་སྤྱི་ཚོགས་དེ་མང་གཙོའི་སྤྱི་ཚོགས་ཤིག་ཏུ་ག་དུས་གྱུར་ཏམ།

མང་གཙོ་ནི་ཐོག་མར་ཡུ་རོབ་ནས་དར་ཚུལ་གསུངས་ཡོད་པ་ལྟར། བོད་དེ་ཡང་ལོ་རྒྱུས་ཐོག་ཆོས་རྒྱལ་རྣམ་པས་གཙོས་

པའི་བཙན་པོ་རིམ་བྱོན་དང་། སིལ་བུའི་དུས་སྐབས། ས་སྐྱ། ཕག་གྲུ། རིན་སྤུངས་པ། སྡེ་པ་གཙང་པ་བཅས་ཀྱི་དབང་སྒྱུར་

བྱས་པ་དང་། མཐར་ཕྱི་ལོ་ ༡༦༤༢ ལོར་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་དུས་སྐབས་སུ་གཞུང་ས་དགའ་ ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་པ་ནས་བཟུང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གུང་ ཁྲན་གྱིས་དབང་བསྒྱུར་མ་བྱས་པའི་བར། བོད་དེ་རང་དབང་རང་བཙན་གྱི་ ངོ་བོར་གནས་ཡོད།

རྒྱ་ནག་གུང་ཁྲན་གྱིས་དྲག་པོའི་བཙན་བཟུང་བྱས་པས། ཕྱི་ལོ་ ༡༩༥༩ ཟླ་

ཁྱེད་ཀྱིས་ཤེས་སམ་།

༣ ཚེས ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་སྐུ་འཁོར་ཧྲག་ ཨེབ་ར་ཧིམ་ལིན་ཀན་གྱིས། “མང་གཙོ་ནི་

བསྡུས་དང་བཅས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་ མི་མང་ལ་བདག་དབང་ཡོད་པ་དང་། མི་མང་

བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ཕེབས་རྗེས་སུ་བོད་མི་ཁྲི་བརྒྱད་ གིས་བཙུགས་པ། མི་མང་གི་ཆེད་དུ་ཡིན་པའི་ ཙམ་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས་བཅས་བརྒྱུད་དེ་ རིམ་པས་འབྱོར།

168

གཞུང་ཞིག་ཡིན།” ཞེས་གསུངས་ཡོད། དཔེ་རིས། ༢༡་༡


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

ཚིག་ གསར།

མང་གཙོ།-Democracy རིགས་རུས།-Caste

མཉམ་འབྲེལ་རྒྱལ་ཚོགས།-United Nations ཆོས་ལུགས།-Creed

བོད་ས་ཕག་ཟླ་ ༡༢ ཚེས་ ༧ ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་ གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་

པོ་མཆོག་ལ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་

སེར་སྐྱ་མི་མང་ཚང་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་

འབྲེལ། བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

ནས་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་ དགོས་པ་གལ་ཆེ་བར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་

དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་

བཅས། ཁྱེད་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེས་ལྷག་

བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་

འབུལ་དགོས་པའི་བཀའ་ཕེབས་ལྟར། ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་སེར་སྐྱ་མི་གྲངས་

བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ། གསར་བསྐོས་སྤྱི་འཐུས་རྣམས་ཀྱིས་ལོ་དེ་གའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་ཞུས་པ་དང་འབྲེལ། ཆོས་སྲིད་གཉིས་ལྡན་བོད་

མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས་ཤིང་། ལོ་ལྟར་བོད་མི་ཚོས་ཉིན་དེར་མང་གཙོའི་དུས་ ཆེན་སྲུང་བརྩི་ཞུ་བཞིན་ཡོད།

སྒྲུང་།

འདྲ་མཉམ་ཟེར་ན་གང་འདྲ་ཞིག་ལ་གོ་དགོས།

དེ་རིང་ནི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ཉིན་མོ་རེད། གནམ་གཤིས་ཚ་བ་ཆེ་ཡང་མི་མང་པོ་ཞིག་བང་ཧ་

ཅང་རིང་པོ་བསྒྲིགས་ནས་འོས་བླུག་རྒྱུར་བསྒུགས་ནས་བསྡད་ཡོད།

ཉི་མ་དང་བདེ་སྐྱིད་གཉིས་ནི་སློབ་གྲྭའི་སྐབས་ནས་གྲོགས་མོ་ཡིན། ཉི་མ་ནི་དུས་རྟག་ཏུ་སློབ་སྦྱོང་ལ་སྦྱང་བ་ལྷོད་མེད་ བྱེད་མཁན་ཞིག་ཡིན། འོན་ཀྱང་བདེ་སྐྱིད་ནི་རྣམ་གཡེང་ཆེ་ཞིང་རྒྱུན་དུ་སློབ་སྦྱོང་ལ་དོ་སྣང་མེད།

ད་ཆ་ཉི་མ་ནི་སློབ་གྲྭའི་དགེ་རྒན་དང་། བདེ་སྐྱིད་ནི་ཁྲོམ་གཞུང་དུ་ཚོང་ཙག་ཙིག་བརྒྱབ་ནས་སྡོད་ཀྱི་ཡོད། ཁོང་གཉིས་

རང་སོ་སོའི་འཚོ་བའི་ཆེད་དུ། ཉིན་ལྟར་ལས་ཀའི་བྲེལ་བས་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ཧ་ཅང་ཉུང་།

169


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཡུན་རིང་རྗེས་ལ་ཁོང་གཉིས་གཞི་ནས་ཐུག་འཕྲད་བྱུང་

བར་དགའ་ཚོར་ཆེན་པོས་འཆམ་འཆམ་དང་སྦྲགས་ནས། སྲིད་སྤྱི་གཉིས་ཀྱི་འོས་ཤོག་བླུག་པར་མཉམ་དུ་ཕྱིན།

བདེ་སྐྱིད་ཀྱིས། ཉི་མ་ལགས། གཟིགས་དང་། སྐུ་ངོ་སྲིད་ སྐྱོང་ཡང་ང་ཚོ་ནང་བཞིན་བང་བསྒྲིགས་ནས་བསྒུགས་

བཞུགས་འདུག

ཉི་མས། ཡིན་དང་ཡིན། མང་གཙོའི་འདྲ་མཉམ་ཟེར་ན་དེ་

དཔེ་རིས། ༢༡་༢ འོས་ཤོག་བླུགས་པ།

འདྲ་ཞིག་ལ་གོ་དགོས། ང་ཚོ་སྔར་དང་མི་འདྲ་བར་གཙོ་

བོ་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། བོད་མི་སུ་འདྲ་ཞིག་ཡིན་རུང་རང་ལོ་ ༡༨ ཟིན་ཡོད་ན། རང་གིས་འདོད་ མོས་ལྟར་འོས་ཤོག་བརྒྱུད་ནས་རང་གི་དབུ་ཁྲིད་འདེམས་རྒྱུའི་ཐོབ་ཐང་འདྲ་མཉམ་ཡོད།

བདེ་སྐྱིད་ཀྱིས། དེ་ཡག་པོ་འདུག ངས་ཀྱང་ང་ཚོའི་རྒྱལ་ཁབ་དང་མི་མང་གི་བདེ་སྡུག་ལ་དགོངས་པ་བཞེས་ཐུབ་མཁན་ གྱི་དབུ་ཁྲིད་ཅིག་ལ་འོས་བླུག་གི་ཡིན།

འོས་བླུགས་ཚར་རྗེས་བདེ་སྐྱིད་དང་ཉི་མ་གཉིས་རང་རང་སོ་སོའི་ཁྱིམ་དུ་ལོག

ཉི་མ་ཁྱིམ་དུ་འབྱོར་མ་ཐག་གྱོན་

ཆས་གཙང་མ་ཞིག་གྱོན་ནས། རང་གི་ལས་རོགས་དང་

མཉམ་དུ་ཟ་ཁང་དུ་འཛོམས་རྒྱུ་བྱས། མོས་ལས་རོགས་

ཚོ་དང་མཉམ་དུ་ཟ་ཁང་ནང་ལ་ཁ་ལག་ཟ་བའི་ཞོར་དུ་

རང་རང་གི ་ ལས་ཀའི ་ སྐོར་ལ་སྐད་ཆ་བཤད་པ་དང་། སྐབས་རེར་ཕན་ཚུན་བཞད་གད་བསླངས་ཏེ་ལྷོད་ལྷོད་ ངང་བསྡད།

བདེ་སྐྱིད་རང་གི་ཁྱིམ་དུ་འབྱོར་མ་ཐག ཁང་བདག་གིས་ མོ་ལ་ཟླ་རེའི་ཁང་གླ་སྤྲོད་དགོས་པའི་ཁ་པར་སླེབས། དཔེ་རིས། ༢༡་༣ བདེ་སྐྱིད།

མོས་དབུགས་རིང་གཏོང་གིན། ད་ལྟ་ཚོང་གི་མ་རྩའི་

དངུལ་མི ་ འདང་བར་ཅི ་ བྱེ ད ་འདི ་ བྱེ ད ་མེ ད ་པ་ལ་ཁང་

170


གླ་གང་ནས་འཁྱེར་ཡོང་དགོས་རེད། ཅེས་མགོ་བོ་གཡུག་ཞོར་ཆིག་ལབ་

སྤྱི་ཚོགས་དང་སྲིད་དོན་གྱི་འཚ

བརྒྱབ།

བདེ་སྐྱིད་ཀྱི་སེམས་ནང་ལ། ང་ཚོ་འོས་བླུག་དུས་འདྲ་མཉམ་ཡིན་ཡང་། སོ་

སོའི་འཚོ་བའི་གནས་སྟངས་འདྲ་མཉམ་མི་འདུག་སྙམ།

གོང་གི་སྒྲུང་དེའི་ནང་གི་ཉི་མ་དང་བདེ་སྐྱིད་ལྟ་བུར་མཚོན་ན། འོས་ཤོག་

དཔེ་རིས། ༢༡་༤ ལྷོ་ཨཕ་རི་ཁའི་རྒྱལ་དར།

བླུག་པའི་སྐབས་སུ་ཁོང་གཉིས་ཙམ་མ་ཟད། རང་ལོ་ ༡༨ ཟིན་པའི་བོད་མི་ ལྷོ་ཨཕ་རི་ཁ་ནི་ཨཕ་རི་ཁའི་གླིང་ཆེན་ནང་

ཡོད་དོ་ཅོག་ལ་རང་གི་གོ་གནས་དང་། རིགས་རུས། ལུང་ཚན། དབུལ་ཕྱུག་ ཡོད། རྒྱལ་ཁབ་དེའི་ནང་གི་མི་མང་ཆེ་བ་མི་ སོགས་གང་ལ་ཡང་བལྟོས་མ་དགོས་པར་འོས་ཤོག་བླུག་པའི་ཐོབ་ཐང་འདྲ་

མཉམ་ཡོད། ཐོབ་ཐང་དེ་ལ་ནར་སོན་པའི་ཡོངས་ཁྱབ་འོས་འཕེན་ཐོབ་ཐང་

(Universal Adult Franchise)

ཞེས་ཟེར།

རིགས་ནག་པོ་རེད། དུས་རབས་བཅུ་བདུན་ གྱི་དཀྱིལ་ཙམ་ནས་ཧོ་ལནྜ་

(Holand)

ཡི་ཚོང་

པ་མང་པོ་རྒྱལ་ཁབ་འདིའི་ནང་གཞིས་ཆགས། ཡུ་རོ བ ་ཀྱི ་ མི ་ རྒྱུད་

(མི ་ རི ག ས་དཀར་པོ ་ )

ལྷོ་

འོན་ཀྱང་བདེ་སྐྱིད་ཀྱི་སེམས་ནང་དངོས་འབྲེལ་གྱི་འདྲ་མཉམ་ཡོད་མེད་ལ་ ཨཕ་རི་ཁའི་མི་འབོར་ཀྱི་བདུན་ཆ་གཅིག་མ་

དོགས་པ་ཟ་བཞིན་ཡོད། གང་ཡིན་ཞེ་ན། བདེ་སྐྱིད་ནི་གྲོང་ཁྱིར་ཕྱི་ལ་ཟླ་ གཏོགས་མེད་ཀྱང་། གྲངས་ཉུང་མི་རིགས་ རེའི་ཁང་གླའི་ནང་གནས་ཤིང་། ཚོང་ཙག་ཙིག་གི་ཐོག་ནས་ཉིན་རེའི་འཚོ་བ་ འདིས་རྒྱུ་དང་དབང་ཆ་ལ་བདག་གིར་བཟུང་

འགྲིག་ཙམ་ལས་མེད། འོན་ཀྱང་ཉི་མ་ནི་ཟླ་རེའི་གླ་ཕོགས་ཀྱིས་འཚོ་བ་བརྟན་ ནས་རི མ ་པས་མི ་ རི ག ས་དཀར་ནག་དབྱེ ་ འབྱེད་སྲིད་བྱུས་

པོ་དང་། ཆེ་མཐོང་ལྡན་པ་ཞིག་སྐྱེལ་བཞིན་ཡོད།

ཁྱེད་ཀྱིས་བལྟས་ན་བདེ་སྐྱིད་དང་ཉི་མ་གཉིས་འདྲ་མཉམ་རེད་འདུག་

གམ། དེ་ལ་མང་གཙོའི་འདྲ་མཉམ་ཟེར་གྱི་རེད་དམ། གྲོས་སྡུར་གྱིས།

བྱས་ན་འདྲ་མཉམ་གྱི་འཚོ་བ་ཟེར་ན་གང་འདྲ་ཞིག་ལ་གོ་དགོས་སམ།

༡།

གོ་སྐབས་འདྲ་མཉམ། (Equal Opportunity)

སྐྱེ་བོ ་ སུ་འདྲ་ཞི ག ་ཡི ན ་རུང་། རང་ཉི ད ་མི ་ གཞན་དང་གཅི ག ་མཚུངས་ ངང་རང་གི་དམིགས་ཡུལ་དང་ཕུགས་འདུན་སྒྲུབ་ཆེད། རང་གི་ནུས་པ་

ཀྱིས་སྤྱི་ཚོགས་

ནང་དབྱེ་འབྱེད་བྱེད་འགོ་ཚུགས།

གྲངས་ཉུང་བའི་མི་རིགས་དཀར་པོས་ཆབ་

སྲིད་ཀྱི་དབང་ཆ་འཛིན་ཆེད་མི་རིགས་དཀར་

ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ཁྲིམས་ལུགས་

སུ་གཏན་འབེབས་བྱས་པ་དེ། གྲངས་མང་བའི་ མི་རིགས་ནག་པོ་རྣམས་ལ་མི་སེར་དང་། ས་

བདག གཞུང་གི་ལས་གནས། ཐ་ན་སྤྱི་ཚོགས་ ནང་གི་སྤྱི་སྤྱོད་བྱེད་པའི་བྱ་དངོས་ཐམས་ཅད་

ལས་དབྱེ་འབྱེད་བྱས་པ་རེད། མི་སུ་འདྲ་ཞིག་

ཡིན་རུང་རིགས་རུས་དབྱེ་བ་ཕྱེ་དགོས་པ་

དང་རྩལ་སོགས་ཡར་རྒྱས་གཏོང་བའི་གོ་སྐབས་དང་ཐོབ་ཐང་འདྲ་མཉམ་ བཟོས་ཡོད། དགོས།

171

(Aparthied)


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

བསམ་བློ་ཐོངས་། ལྷོ་ཨཕ་རི་ཁར་མིང་གཞན་དུ་ཁ་དོག་ ཅེས་ སྣ་མང་གི་རྒྱལ་ཁབ་ བརྗོད་དགོས་དོན་གང་ཡིན། (Rainbow Nation)

འོན་ཀྱང་མི་སོ་སོར་རང་གི་འདོད་པ་དང་། དོ་དབྱིངས་སོགས་མི་འདྲ་བ་མ་ ཟད། སོ་སོ་རང་ཉིད་ཀྱི་ནུས་པ་དང་རྩལ་ལ་སོགས་པ་མི་འདྲ་བ་ཡིན་པས།

སོ་སོའི་བྱ་གཞག་གི་གྲུབ་འབྲས་གཅིག་པ་མིན་པ་ཡོང་སྲིད།

གོང་གསལ་བུ་མོ་གཉིས་ལྟ་བུར་ཆ་མཚོན་ན། ཁོང་གཉིས་ཀར་སློབ་གྲྭར་ འགྲོ་བའི་གོ་སྐབས་དང་ཐོབ་ཐང་གཅིག་པ་བྱུང་ཡོད་ཀྱང་། སོ་སོའི་ནུས་

པ་དང་། བརྩོན་འགྲུས། དོ་དབྱིངས་ཆེ་ཆུང་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ ནས། ད་ཆ་ཉི་མ་ནི་སློབ་གྲྭའི་དགེ་རྒན་གྱི་ལས་ཀ་བྱེད་ཅིང་། བདེ་སྐྱིད་ ནི་ཚོང་ཙག་ཙིག་ལ་བརྟེན་པས་སྡོད་གནས་དང་འཚོ་བ་སོགས་ཀྱི་དཀའ་ ངལ་འཕྲད་པ་དེ་འདྲ་མཉམ་མེད་པ་མ་ཡིན།

ཡང་ན། མི་ཞིག་གི་གནས་བབ་དང་། རྒྱུ་ནོར། ཁེ་དབང་སོགས་ནི་གལ་

ཆེན་པོ་མ་ཡིན་པར། མིའི་གཞི་རྩའི་དགོས་མཁོ་ཤེས་ཡོན་དང་། འཕྲོད་ བསྟེན། བདེ་འཇགས་སོགས་ལ་འདྲ་མཉམ་མེད་ཚེ། དེར་འདྲ་མཉམ་མེད་ པ་ཞེས་གོ་དགོས།

དཔེ་རིས། ༢༡་༥ གོ་སྐབས་འདྲ་མཉམ།

བདེ་སྐྱིད་དང་ཉི་མ་གཉིས་ལྟ་བུར་ཆ་མཚོན་ན། ཁོང་གཉིས་ཀ་ཆུང་དུས་

སློབ་གྲྭར་འགྲོ་བའི་གོ་སྐབས་འདྲ་མཉམ་བྱུང་ཡོད་ཀྱང་། རང་གི་ནུས་པ་ དང་། བརྩོན་འགྲུས། དོ་དབྱིངས་སོགས་ལ་བརྟེན་ནས་ད་ལྟའི་འཚོ་བའི་ཧེ་ བག་དེ་བྱུང་བ་རེད།

༢།

རང་བཞིན་འདྲ་མཉམ་མེད་པ་དང་སྤྱི་ཚོགས་ནང་འདྲ་མཉམ་ མེད་པ། (Natural Inequality and Social Inequality)

སྐབས་རེར་ང་ཚོས་འདྲ་མཉམ་མ་བྱུང་བ་དེ། རང་བཞིན་གྱིས་འདྲ་མཉམ་ མེད་པར་ཆགས་པ་དང་། སྤྱི་ཚོགས་ནང་འདྲ་མཉམ་མེད་པར་ཆགས་པ་

ཞེས་དབྱེ་བ་གཉིས་ལ་འབྱེད་སྲོལ་ཡོད། རང་བཞིན་འདྲ་མཉམ་མེད་པ་དེ། སྐྱེ་བོ་རང་ཉིད་ཐོག་མར་སྐྱེས་པའི་སྐབས་ནས་རང་ཉིད་ཀྱི་ཁྱད་ཆོས་དང་

ནུས་པ་མི་འདྲ་བ་ལ་གོ སྤྱི་ཚོགས་འདྲ་མཉམ་མེད་པ་དེ་ནི། སྤྱི་ཚོགས་ཀྱི་

172


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

ཁྲོད་དུ་མིའི་རིགས་རུས་དང་། ཕོ་མོ། མི་རིགས་མ་འདྲ་བ་སོགས་ལ་བརྟེན་ནས་གོ་སྐབས་དབེན་པ་དང་། བཤུ་གཞོག དབྱེ་འབྱེད། ཚུལ་མིན་གྱིས་བཀོལ་སྤྱོད་བྱེད་པ་ལ་གོ་དགོས།

གོང་གསལ་བུ་མོ་གཉིས་ལ་རང་བཞིན་འདྲ་མཉམ་མེད་པ་དང་། སྤྱི་ཚོགས་ཀྱིས་འདྲ་མཉམ་མེད་པར་བཟོས་པ་གང་ ཡང་མེད་ཀྱང་། རང་སོ་སོའི་ནུས་པ་དང་། དོ་དབྱིངས། སྙིང་རུས་སོགས་མི་འདྲ་བར་བརྟེན་ནས་འབྲས་བུ་མི་འདྲ་བ་

ཞིག་མྱོང་བཞིན་ཡོད།

༣།

ཁྲིམས་ཀྱི་མདུན་སར་འདྲ་མཉམ། (Equality Before Law)

མང་གཙོའི་སྤྱི་ཚོགས་ནི་ཁྲིམས་ལུགས་དབང་འཛིན་ལས། རྒྱལ་པོ་དང་། སྲིད་འཛིན། ཡང་ན་སྲིད་སྐྱོང་སུ་ཞིག་གིས་

འགོ་འཁྲིད་ཀྱང་། ཁྲིམས་ཀྱི་མདུན་སར་གོང་གི་དབུ་ཁྲིད་ནས། གཤམ་གྱི་ལས་མི་

ཉམ་ཆུང་སུ་འདྲ་ཞིག་ཡིན་རུང་འདྲ་མཉམ་ཡིན།

ང་ཚོའི་སྤྱི་ཚོགས་དེ་ཡང་མང་གཙོའི་སྒྲིག་འཛུགས་དང་རྩ་ཁྲིམས་སམ་བཅའ་ཁྲིམས་ གཞིར་བཞག་ནས་སྐྱོད་བཞིན་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་

གཉིས་པ། གཞི་རྩའི་ཐོབ་ཐང་དང་། ལས་འགན། དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་

སར་འདྲ་མཉམ་ཞེས་པར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་

ཡིན། ཕོ་མོ་དང་། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་

ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ ཆོག་པ་ཡིན།” ཞེས་འཁོད་ཡོད།

དཔེ་རིས། ༢༡་༦ ཁྲིམས་ཀྱི་རྒྱ་མ།

བོད་ནང་ལ་འདྲ་མཉམ་མེད་པའི་གནས་སྟངས།

བོད་ནང་དུ་ཡོད་པའི་བོད་མི་ཚོར་འདྲ་མཉམ་དང་དྲང་བདེན་མེད་པའི་གནས་ཚུལ་མང་པོ་འཐོན་བཞིན་ཡོད།

སློབ་ཕྲུག་ཚོ། དེ་རིང་ང་ཚོས་རྒྱ་ནག་གཞུང་གིས་བོད་ནང་ལ་བོད་མི་ཚོར་དྲང་བདེན་དང་འདྲ་མཉམ་མེད་པའི་གནས་

སྟངས་ལས། རྒྱའི་བཙོན་ཁང་ནང་བཙོན་འཇུག་གི་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན། བོད་ཀྱི་ཆབ་སྲིད་བཙོན་ ཟུར་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ལ་འདྲ་མཉམ་མ་བྱུང་བའི་གནས་ཚུལ་སྐོར་ཤོད་རྒྱུ་ཡིན།

173


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

རྒྱལ་གཅེས་དཔའ་བོ་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཕྱི་ལོ་ ༡༩༢༦ ནང་ ལྷ་སའི་ལྷོ་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་སུ་སྐུ་འཁྲུངས།

ཕྱི་ལོ་ ༡༩༦༤ ལོར་སྟག་སྣ་འཇིགས་མེད་བཟང་པོ་ལྷ་སར་སློབ་ཆུང་ཞིག་གི་དགེ་རྒན་

གནང་བའི་སྐབས། ༸པཎ་ཆེན་རིན་པོ་ཆེར་ངོ་རྒོལ་དང་སྐྱོན་བརྗོད་ཀྱི་ཚོགས་འདུ་ཞིག་

བསྐོངས་པ་དང་། ཁོང་གིས་དེའི་སྟེང་པཎ་ཆེན་རིན་པོར་ཆེར་ངོ་རྒོལ་སྐྱོན་བརྗོད་མ་ བྱས་པར་བརྟེན་ཆབ་སྲིད་ཀྱི་ཉེས་མིང་གཡོགས་ཏེ། ཕྱི་ལོ་ ༡༩༦༥ ལོར་ལོ་གསུམ་གྱི་ བཙོན་འཇུག་ཁྲིམས་ཐག་བཅད།

ཕྱི་ལོ་ ༡༩༧༠ ལོར་སློབ་ཕྲུག་ལ་ངན་སྐུལ་བྱས་པའི་ཞྭ་མོ་གཡོགས་ཏེ་ལོ་བཅུའི་

དཔེ་རིས། ༢༡་༧ སྟག་སྣ་འཇིགས་མེད་བཟང་པོ།

ཁྲིམས་ཐག་བཅད་པ་དང་། ཕྱི་ལོ་ ༡༩༨༣ ལོར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བས་

ལོ་བཅོ་ལྔའི་ཁྲིམས་ཐག་བཅད། བཙོན་ཁང་དུ་བཞུགས་སྐབས་ཕྱི་ལོ་ ༡༩༨༨ ལོར་ བོད་རང་བཙན་གྱི་སྐད་འབོད་བྱས་པ་ལ་བརྟེན་ནས་ཁྲིམས་ཆད་ལོ་ལྔ་སྤར་བ་དང་། ཕྱི་

ལོ་ ༡༩༩༡ ལོར་སུད་སིའི་གཞུང་འབྲེལ་མི་སྣས་གྲྭ་བཞི་བཙོན་ཁང་ནང་གཟིགས་ཞིབ་

གནང་སྐབས། ཁོང་གིས་བོད་རང་བཙན་གྱི་སྐད་འབོད་བྱས་རྐྱེན་ཡང་བསྐྱར་ལོ་བརྒྱད་ སྤར་ཏེ་ཁྱོན་བསྡོམས་ལོ་ངོ་ ༤༡ ཁྲིམས་བཅད་ཡོད་པ་མ་ཟད། སྔ་རྗེས་ངལ་རྩོལ་སྒྱུར་ བཀོད་དུ་ལོ་ ༥ བཞུགས།

དམ་པ་ཁོང་འཛམ་གླིང་གི་ཆབ་སྲིད་བཙོན་པ་བཙོན་འཇུག་དུས་ཡུན་རིང་ཤོས་ཀྱི་ཟིན་

དཔེ་རིས། ༢༡་༨ སྟག་སྣ་འཇིགས་མེད་བཟང་ པོའི་མི་ཚེའི་ལོ་རྒྱུས།

ཐོ་བསྐྲུན་ཉེར་ཡོད་སྐབས། བཙོན་འཇུག་ལོ་ ༣༢ པར་རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་ཕྱི་ལོ་ ༢༠༠༢ ལོར་སྨན་ བཅོས་ཀྱི་མིང་ཐོག་ནས་ཨ་རིར་ཕེབས་ཐུབ་པ་བྱུང་།

ཁོང་བཙོན་ཁང་དུ་བཞུགས་རིང་རྒྱ་གཞུང་གི་དྲང་བདེན་དང་། འདྲ་མཉམ་མེད་པའི་བྱ་སྤྱོད་ལ་ཟས་བཅད་ངོ་རྒོལ་དང་

སྐད་འབོད་ཡང་ཡང་གནང་བར་བརྟེན། མི་སྤྱོད་ལས་འདས་པའི་ཁྲིམས་ཆད་མནར་གཅོད་དང་། སྡུག་སྦྱོང་ཚད་མེད་ བཏང་བས་སྐུ་སྲོག་ཤོར་གྲབས་ཐེངས་མང་བྱུང་།

ཁོང་ནི་མི་ལོ་ ༣༢ རིང་རྒྱ་ནག་གི་བཙོན་ཁང་དང་། ལོ་ ༥ རིང་ངལ་རྩོལ་སྒྱུར་བཀོད་བཅས་ཁྱོན་བསྡོམས་མི་ལོ་ ༣༧

རིང་བཟོད་མི་ཐུབ་པའི་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱངས་ཤིང་། མིང་དུ་གྲགས་པའི་བོད་དོན་འཐབ་རྩོད་

པ་ཞིག་ཡིན། སྟག་སྣ་འཇིགས་མེད་བཟང་པོ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་དགུང་གྲངས་ ༩༤ ཐོག་སུད་ སིར་དགོངས་པ་རྫོགས།

174


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

སྦྱོང་ཚན། ཀ༽ གཤམ་གྱི་དྲི་བ་ཁག་ལ་ལན་གནད་བསྡུས་རེ་བྲིས། ༡།

མང་གཙོའི་གཞུང་ཟེར་ན་གང་འདྲ་ཞིག་ལ་ཟེར་རམ།

༣།

ཆོས་སྲིད་གཉིས་ལྡན་གྱི་བོད་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་སྐྱོང་སྲོལ་ག་དུས་ནས་དབུ་ཚུགས་

༢།

༤།

མང་གཙོ་ཐོག་མར་གང་ནས་དར་ཚུལ་གསུངས་ཡོད་དམ། པ་རེད་དམ།

ནར་སོན་པའི་ཡོངས་ཁྱབ་འོས་འཕེན་ཐོབ་ཐང་ཟེར་ན་གང་རེད་དམ།

༥། སྟག་སྣ་འཇིགས་མེད་བཟང་པོ་ལགས་རྒྱུ་མཚན་གང་དག་ལ་བརྟེན་ནས་བཙོན་འཇུག་བྱས་ཡོད་དམ།

ཁ༽ འདྲ་མཉམ་དང་འབྲེལ་བའི་མཐུན་སྦྱོར་གྱིས།

འཛམ་གླིང་ནང་གི་རྩེད་འགྲན་པ་མགྱོགས་ཤོས་

ཁྲེའུ་འཁོར་གཞོན་ནས་བྱ་དགའ་ལེན་དུ་

ཤིག་ནི་

ཕྱིན་སོང་།

རི་མོའི་བྱ་དགའ་ཐོབ་མཁན་གྱི་སློབ་ཕྲུག་དེས་སྡིངས་

དེ་མོས་སྒྲུབ་ཐུབ་ཡོད།

ཆའི་སྒང་ལ་

དབུགས་མི་བདེ་བའི་དཀའ་ངལ་ཡོད་

མོ་ཁྱིམ་ཚང་དབུལ་པོ་ཞིག་ནས་ཡིན་ཡང་མཁའ་

མཁན་ཞིག་ཡིན།

སྐྱོད་པའི་དམིགས་ཡུལ་ཡོད་པ་

ག༽ བསམ་བློ་ཐོངས།

རྒན་བཀྲ་ཤིས་ལགས་ཀྱི་འཛིན་གྲྭའི་སློབ་མ་རྣམས་རྩེད་ཐང་སྟེང་དུ་རྩེད་མོ་རྩེ་བཞིན་ཡོད། འོན་ཀྱང་བུ་འབྱོར་ལྡན་གྱིས་ ནང་ལས་མ་བྱས་ཙང་། རྒན་ལགས་ཀྱིས་ཁོ་བོ་སློབ་ཕྲུག་གཞན་དང་མཉམ་དུ་རྩེད་ཐང་དུ་བཏང་མེད། ཁྱེད་རང་གིས་བལྟས་ ན་རྒན་བཀྲ་ཤིས་ལགས་ཀྱིས་བུ་འབྱོར་ལྡན་ལ་འདྲ་མཉམ་མ་བྱས་པ་རེད་དམ། རྒྱུ་མཚན་ཤོད།

ང༽ བྱེད་སྒོ།

༡། ཁྱེད་ནས་སློབ་གྲྭའི་དཔེ་མཛོད་དང་། ཡང་ན་དྲྭ་གནས་ཁ་བྱང་ (bod.asia) དང་། (tibet.net) (tchrd.org) (guchusum1991. org)

སོགས་བརྒྱུད་ནས། བོད་ནང་ལ་རྒྱ་གཞུང་གིས་བོད་མི་ཚོར་འདྲ་མཉམ་མ་བྱས་པའི་གནས་ཚུལ་མཁོ་སྒྲུབ་བྱོས།

175


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

༢༢

ཅི་ཞིག་ལ་སྲིད་གཞུང་ཟེར།

འཛམ་གླིང་ནང་རྒྱལ་ཁབ་ཚང་མར་སྲིད་གཞུང་ཡོད་པ་རེད། སྲིད་གཞུང་གིས་རྒྱལ་ཁབ་སྤྱི་ལ་ཕན་པའི་གནད་དོན་མང་ པོ་ཞིག་ཐག་གཅོད་དང་། ལས་དོན་མང་པོ་ཞིག་སྒྲུབ་བཞིན་ཡོད།

ཁྱེད་ཀྱིས་བསམ་ན་དུས་རྒྱུན་སྲིད་གཞུང་གིས་འགན་ཁུར་ཏེ་སྒྲུབ་པའི་ལས་དོན་གང་དང་གང་འདུག་གམ།

༡།

༢།

སྲིད་གཞུང་གི་འགན་ཁུར།

ཤེས་ཡོན་གོ་རྟོགས་གོང་མཐོར་གཏོང་ཐབས་སུ་སློབ་གྲྭ་གསར་འཛུགས།

མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་སྨན་བཅོས་མཐུན་འགྱུར་ཇེ་ལེགས་སུ་གཏོང་བ།

༣། འགྲིམ་འགྲུལ་སྟབས་བདེར་ཡོང་ཆེད་གཞུང་ལམ་དང་མེ་འཁོར་གྱི་ལྕགས་ལམ་སོགས་འཛུགས་སྐྲུན་གྱི་ལས་ གཞི་རྒྱ་ཆེར་སྤེལ་བ།

༤། ཁྲོམ་རའི་ནང་རྒྱུན་སྤྱོད་ཟས་རིགས་ཀྱི་རིན་གོང་ཇེ་མཐོར་སོང་ཚེ་གོང་ཚད་ཆུང་དུ་གཏོང་ཐབས་ལ་འབད་པ། ༥།

གློག་གི་མཐུན་རྐྱེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།

༦། དབུལ་ཕོངས་ཀྱི་དཀའ་ངལ་སེལ་བའི་ལས་འཆར་སྣ་ཚོགས་ལག་བསྟར་བྱེད་པ། ༧། མི་མང་གི་བདེ་འཇགས་ཆེད་རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་སྲུང་བྱེད་པ།

༨། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་བཙུགས་ནས་ཞི་བདེ་ཡོང་བར་ ༩།

འབད་པ།

ས་ཡོམ་དང་ཆུ་ལོག་ལྟ་བུའི་རང་བྱུང་གི་གནོད་འཚེ་ཆེན་པོ་བྱུང་ཚེ། གནོད་འཚེ་ཕོག་པའི་མང་ཚོགས་དཀའ་ ངལ་ལས་སྐྱོབ་པའི་ལས་དོན་གྱི་འགན་གཙོ་བོ་འཁུར་བ།

ཡང་སྐབས་རེར་མང་ཚོགས་ཁྲོད་རྩོད་རྙོག་བྱུང་ཚེ། རྩོད་རྙོག་དེ་རིགས་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་སེལ་

176


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

ཐབས་བྱེད་ལ། ཚུལ་མཐུན་གྱི་ཁྲིམས་ལུགས་ལག་བསྟར་བྱེད་ས་གཙོ་བོ་ནི་ཁྲིམས་ཁང་ཡིན་པ་དང་། དེ་ལྟ་བུའི་ ཁྲིམས་ཁང་དེ་ཡང་སྲིད་གཞུང་གི་ཆ་ཤས་ཤིག་ཡིན་པ་རེད། དེར་བརྟེན། སྲིད་གཞུང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ དང་མི་མང་གི་བདེ་སྡུག་ལ་འགན་འཁུར་བའི་ལས་དོན་མང་པོ་སྒྲུབ་མཁན་ཞིག་ཡིན།

སྲིད་གཞུང་གི་རིམ་པ་ཁག

ཁྱེད་ཀྱིས་ཤེས་གསལ་བཞིན། སྲིད་གཞུང་ཞིག་ལ་མཚོན་ན། ལས་དོན་ཧ་ཅང་མང་པོ་བསྒྲུབ་རྒྱུའི་འགན་ཁུར་ཡོད་པ་

དང་། ལས་དོན་དེ་རིགས་ལེགས་འགྲུབ་ཡོང་ཆེད། སྲིད་གཞུང་ལའང་རིམ་པ་མི་འདྲ་བ་ཁག་དུ་མར་དབྱེ་ཡོད། རྒྱ་གར་

གྱི་སྲིད་གཞུང་ལྟ་བུར་མཚོན་ན། ས་གནས་སྲིད་གཞུང་ (Local Government) དང་། མངའ་སྡེའི་སྲིད་གཞུང་ (State Govern-

ment)

དབུས་གཞུང་ (Central Government) བཅས་ཡིན།

ས་གནས་སྲིད་གཞུང་ནི་ཁྱེད་རང་གནས་སྡོད་བྱེད་སའི་གྲོང་གསེབ་བམ་གྲོང་རྡལ་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། མངའ་སྡེའི་སྲིད་གཞུང་ནི་ཧི་མཱ་ཅལ། པྲདེཤ

(Himachal Pradesh)

དང་ཀརནཱ་ཊཀ

(Karnataka)

ལྟ་བུའི་མངའ་སྡེའི་མངའ་

ཁོངས་ཁྱོན་ཡོངས་ལ་འབྲེལ་བ་ཡོད། དབུས་གཞུང་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་རེད། རྗེས་སུ་ཁྱེད་ཀྱིས་སྲིད་གཞུང་གི་རིམ་པ་སོ་སོས་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད་པ་དང་། ལས་དོན་སྣ་ཚོགས་སྒྲུབ་པའི་ བརྒྱུད་རིམ་ཅི་འདྲ་ཡིན་པ་སོགས་ཤེས་ཐུབ་ངེས།

ཁྲིམས་ལུགས་དང་སྲིད་གཞུང་།

སྲིད་གཞུང་གིས་གྲོས་ཚོགས་བརྒྱུད་ཁྲིམས་ལུགས་གཏན་འབེབས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་མི་མང་ཚང་ མས་སྲིད་གཞུང་གིས་གཏན་ལ་ཕབ་པའི་ཁྲིམས་ ལུགས་ལ་བརྩི་སྲུང་བྱེད ་དགོ ས ། འདི་ནི་སྲིད ་

གཞུང་སོ་སོའི་ལས་དོན་ལེགས་འགྲུབ་ཡོང་བའི་ ཆ་རྐྱེན་གཙོ་བོ་ཡིན།

གནད་དོ ན ་གང་ཞི ག ་ཡི ན ་རུང་སྲི ད ་གཞུང་ལ་

ཁྲིམས་ལུགས་ལག་བསྟར་དང་ཐག་གཅོད་བྱེད་

པའི་དབང་ཆ་ཡོད། དཔེར་ན། མོ་ཊའི་ཁ་ལོ་བ་

ཞིག་ཡིན་ཚེ་རླངས་འཁོར་གཏོང་ཆོག་པའི་ཆོག་

དཔེ་རིས། ༢༢་༡ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་།

177


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ཐམ་དགོས་པ་ཁྲིམས་ལུགས་ནང་གཏན་འབེབས་བྱས་ཡོད་པས། གལ་ཏེ་མི་ཞིག་གིས་ཁ་ལོ་བའི་ཆོག་ཐམ་མེད་པར་

སྣུམ་འཁོར་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཚེ། དེ་ལ་བཙོན་འཇུག་གི་ཁྲིམས་ཆད་གཅོད་པའམ། ཡང་ན་ཁྲིམས་

འགལ་གྱི་ནག་ཉེས་བསགས་པར་དངུལ་སོགས་ཀྱི་ཆད་པ་གཅོད་པ་ལྟ་བུ་རེད། དེ་ལྟ་བུའི་ཁྲིམས་ལུགས་ཤིག་མེད་ཚེ། སྲིད་གཞུང་གིས་ཐག་གཅོད་བྱེད་པའི་དབང་ཆ་ལ་ནུས་པ་མེད་པར་འགྱུར་ངེས།

སྲིད་གཞུང་གི་ལས་དོན་གང་ཞིག་ཡིན་ཡང་། མི་མང་གིས་ཁྲིམས་མཐུན་མ་ཡིན་པ་མཐོང་ཚེ། དེ་ཁྲིམས་མཐུན་གྱིས་

ཐག་གཅོད་བྱེད་སྟངས་ཡོད། དཔེར་ན། མི་ཞིག་ལས་གནས་ལ་ཞུགས་སྐབས། ཆོས་ལུགས་དང་རིགས་རུས་དབང་ གིས་ལས་ཀར་ཞུགས་པའི་གོ་སྐབས་མ་སྤྲད་པའི་ཁྲིམས་འགལ་གནས་ཚུལ་བྱུང་ཚེ། གནད་དོན་འདིའི་སྐོར་ཁྲིམས་

ཁང་ལ་ཞུ་གཏུག་བྱེད་ཆོག་པ་དང་། ཁྲིམས་ཁང་གིས་གནད་དོན་ཐག་གཅོད་བྱེད་པའི་བཀའ་རྒྱ་གནང་བ་དེ་ལ་ཚང་

མས་བརྩི་སྲུང་ཞུ་དགོས་པ་ལྟ་བུ་རེད།

རྣམ་པ་མི་འདྲ་བའི་སྲིད་གཞུང་རིགས།

སྲིད་གཞུང་ལ་གནད་དོན་ཐག་གཅོད་དང་ཁྲིམས་ལུགས་ལག་བསྟར་བྱེད་པའི་འགན་དབང་སྤྲོད་མཁན་སུ་ཡིན་ནམ།

དྲི་བ་འདིའི་ལན་ནི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་རྣམ་པ་ལ་རག་ལས་ཡོད།

༡།

མང་གཙོའི་ལམ་ལུགས།

དེང་སང་འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་གིས་མང་གཙོའི་གཞུང་བཙུགས་ཡོད། ང་ཚོས་འདས་པའི་ལོ་རྒྱུས་ ལ་ཞིབ་ལྟ་བྱས་ན། རྒྱལ་ཁབ་མང་པོའི་ནང་མང་གཙོའི་སྲིད་གཞུང་འཛུགས་ཆེད། དབང་ཆ་སྒེར་སྤྱོད་བྱེད་པའི་ལམ་

ལུགས་དང་སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད། སྲིད་གཞུང་དེ་རིགས་ཀྱིས་མི་མང་ལ་བཤུ་གཞོག་དང་གཉའ་གནོན་ཚད་

ལས་འདས་པ་བྱས་ཡོད། འོན་ཀྱང་མཇུག་མཐར་དཀའ་ཚེགས་ཆེ་བའི་ལོ་ཟླ་རིང་པོ་བརྒྱུད་དེ། རྒྱལ་ཁབ་མང་པོ་ཞིག་ ནང་མི་མང་གི་ཁེ་ཕན་དང་བདེ་སྡུག་གཙོ་བོར་འཛིན་པའི་མང་གཙོའི་སྲིད་གཞུང་འཛུགས་ཐུབ་པ་བྱུང་ཡོད།

མང་གཙོའི་སྲིད་གཞུང་ནི། སྲིད་གཞུང་འཛིན་སྐྱོང་བྱེད་པར་མི་མང་གིས་རང་གི་འཐུས་ཚབ་འདེམས་བསྐོ་བྱེད་པ་དང་། འདེམས་བསྐོ་བྱས་པའི་འཐུས་མི་དེས་མི་མང་གི་ཁེ་ཕན་གཙོ་བོར་བཟུང་སྟེ་སྲིད་གཞུང་འཛིན་སྐྱོང་བྱེད་དགོས།

དེང་སང་འཛམ་གླིང་ནང་དར་ཆེ་བའི་མང་གཙོའི་ལམ་ལུགས་ནི། འཐུས་མིས་འོས་འདེམས་བྱེད་པའི་མང་གཙོའི་ལམ་ ལུགས་

(Representative Democracy)

ཡིན། འཐུས་མི་འོས་འདེམས་བྱེད་པའི་མང་གཙོའི་ལམ་ལུགས་ནང་། མི་མང་གིས་

178


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

ཐད་ཀར་སྲིད་གཞུང་འཛིན་སྐྱོང་མི་བྱེད་པར། ནར་སོན་པའི་ཡོངས་ཁྱབ་འོས་འཕེན་ཐོབ་ཐང་

(Universal Adult Franchise)

འོག་འོས་ཤོག་གི་ལམ་ནས་རང་གི་འཐུས་མི་འདེམས་བསྐོ་བྱེད་པ་དང་། འདེམས་བསྐོ་བྱས་པའི་འཐུས་མི་དེས་མི་མང་

ཡོངས་ཀྱི་ཚབ་བྱས་ཏེ་མི་མང་ཡོངས་ཀྱི་ཁེ་ཕན་ཆེད། ལྷག་བསམ་ཟོལ་མེད་དང་ཧུར་བརྩོན་ཆེན་པོས་ཞབས་ཞུ་བསྒྲུབ་

དགོས་པ་ཞིག་ཡིན། རྒྱ་གར་ (India) དང་། ཨ་རི། (United States of America) ཕ་རཱན་སི།

(France)

བ་རཱ་ཛིལ་

(Brazil)

སོགས་འཛམ་གླིང་གི་རྒྱལ་ཁབ་

མང་དག་ཅིག་ནང་མང་གཙོའི་སྲིད་གཞུང་བཙུགས་ཡོད།

༢།

རྒྱལ་པོའི་ལམ་ལུགས།

ཚིག་ གསར།

གྲོས་ཚོགས།-Parliament ཆོག་ཐམ།-License བཀའ་རྒྱ།-Order

རྒྱལ་པོའི་ལམ་ལུགས་ (Monarchy) ནང་སྲིད་གཞུང་འཛིན་སྐྱོང་བྱེད་པའི་ཐག་གཅོད་ཆ་ཚང་རྒྱལ་པོའམ་རྒྱལ་མོ་ (Monarch) གང་རུང་གིས་བྱེད་ཀྱི་ཡོད། རྒྱལ་པོ་དང་རྒྱལ་མོས་གནད་དོན་ཁག་ཅིག་ཐད་གྲོས་སྡུར་བྱེད་སའི་མི་ཉུང་ཤས་རེ་ཡོད་

སྲིད་མོད། གནད་དོན་གང་ཞིག་ཐག་གཅོད་བྱེད་པའི་དབང་ཆ་གཙོ་བོ་དེ་རྒྱལ་པོ་དང་རྒྱལ་མོ་གང་རུང་གི་ལག་ཏུ་ཡོད། དེ་ནི་མང་གཙོའི་ལམ་ལུགས་དང་མི་འདྲ་བས། རྒྱལ་པོ་དང་རྒྱལ་མོ་གང་རུང་གིས་ལས་དོན་དང་ཐག་གཅོད་རྣམས་རང་

ཉིད་ཀྱི་འདོད་མོས་ལྟར་བྱེད་པ་ལས། མི་མང་ལ་འགྲེལ་བརྗོད་བྱེད་སྲོལ་མེད། དེང་སང་རྒྱལ་པོའི་སྲིད་གཞུང་ཡོད་པའི་ རྒྱལ་ཁབ་ཉུང་ཤས་ལས་མཐོང་རྒྱུ་མེད། དཔེར་ན། ཨ་རབ་ ཨ་མཱི་རཱཏ་ ཆིག་སྒྲིལ་རྒྱལ་ཁབ་དང་། སཽ་དྷི་ཨ་རཱབ་བཅས་ ཡིན། (United Arab Emirates and Saudi Arabia)

༣།

དམར་ཤོག་ལམ་ལུགས།

དམར་ཤོག་ལམ་ལུགས་ Marx and Lenin)

(Communism)

ནང་སྲིད་གཞུང་འཛིན་སྐྱོང་བྱེད་པའི་ཐག་གཅོད་ནི་མར་ཁེ་སི་དང་ལེ་ནིན་(Karl

གྱི་ལྟ་གྲུབ་ལ་གཞི་བཞག་སྟེ་བཙུགས་པའི་དམར་ཤོག་ཚོགས་པ་གཅིག་པུས་འཛིན་སྐྱོང་བྱེད་ཀྱི་ཡོད།

རྒྱ་ནག་ནི་དེང་སང་ཡོངས་གྲགས་སུ་དམར་ཤོག་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

༤།

སྲིད་དབང་སྒེར་འཛིན་ལམ་ལུགས།

སྲིད་དབང་སྒེར་འཛིན་

(Dictatorship)

ནི་རྒྱལ་ཁབ་ཅིག་གི་སྲིད་དབང་ཡོངས་རྫོགས་མི་གཅིག་གམ། ཚོགས་པ་གཅིག་

གིས་དབང་ཆ་ཡོངས་རྫོགས་སྒེར་གྱིས་འཛིན་པ་ལ་གོ ད་བར་འཛམ་གླིང་ནང་སྲིད་དབང་སྒེར་འཛིན་པ་སྐད་གྲགས་ཆེ་

ཤོས་ནི་དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་ན་ཛི་ཚོགས་པའི་འགོ་ཁྲིད་ཨ་ཌོལ་ཕཱོ་ ཧིཌ་ལར་ཡིན། (Adolf Hitler)

179


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

མང་གཙོའི་སྲིད་གཞུང་གི་གྲུབ་ཆ་གཙོ་བོ།

མང་གཙོའི་སྲིད་གཞུང་ཞིག་གི་འཛིན་སྐྱོང་ཡང་དག་པ་དང་ཚད་ལྡན་ཞིག་ཡོང་བར་ཆ་རྐྱེན་གཙོ་བོ་ཁ་ཤས་ཡོད་པ་ནི།

སྲིད་དོན་ལས་རིགས་ནང་མི་མང་གིས་མཉམ་ཞུགས་བྱེད་རྒྱུ་དང་། སྤྱི་ཚོགས་ནང་གི་རྩོད་རྙོག་ཚང་མ་འདུམ་འགྲིག་

བྱེད་རྒྱུ། སྤྱི་ཚོགས་ནང་དྲང་བདེན་དང་འདྲ་མཉམ་ཡོང་བ་བྱེད་རྒྱུ་སོགས་ཡིན།

༡།

མི་མང་གི་མཉམ་ཞུགས། (People’s Participation)

སྲིད་གཞུང་འཛིན་སྐྱོང་ནང་མི་མང་མཉམ་ཞུགས་བྱེད་ཐབས་གཙོ་བོ་ནི། སྲིད་གཞུང་འཛིན་སྐྱོང་བྱེད་མཁན་འདེམས་ བསྐོའི་འོས་ཤོག་བླུག་རྒྱུ་དེ་ཡིན། འོས་ཤོག་བླུག་སྐབས་རང་ཉིད་ལ་འགན་ཁུར་གྱི་བསམ་བློ་ཡོད་དགོས་པ་དང་། དེ་ལྟར་

ཡོད་ཚེ་མི་མང་གི་འདོད་བློ་སྐོང་ཐུབ་པའི་ལྷག་བསམ་དང་འཇོན་ཐང་ཡོད་པའི་འཐུས་མི་ཚད་ལྡན་ཞིག་འོས་འདེམས་ བྱེད་བར་ནུས་པ་འཐོན་ཐུབ།

འོས་འདེམས་བྱས་པའི་འཐུས་མི་ཚོས་དུས་ཡུན་ངེས་ཅན་ཞིག་གི་རིང་སྲིད་གཞུང་འཛིན་སྐྱོང་བྱེད་པ་དང་། དེ་རྗེས་ ཁོང་ཚོས་མུ་མཐུད་སྲི ད ་གཞུང་འཛིན་

སྐྱོང་བྱེ ད ་མིན་དང་ཚབ་གསར་པ་བསྐོ་ མིན་གྱི་ཐག་གཅོད་ཚང་མ་མི་མང་གི་ལག་ ཏུ་ཡོད། དཔེར་ན། རྒྱ་གར་ནི་མང་གཙོའི་ རྒྱལ་ཁབ་ཅིག་ཡིན་པ་དང་། མི་མང་གིས་

འོས་འདེམས་བྱས་པའི་འཐུས་མི་ཚོས་སྲིད་ གཞུང་འཛི ན ་སྐྱོང་བྱེ ད ་པའི ་ དུས་ཡུན་ནི ་

ལོ་ལྔ་ཡིན་པ་ལྟ་བུ་རེད། ལོ་ལྔའི་དུས་ཡུན་

དཔེ་རིས། ༢༢་༢ མི་མང་འདུ་འཛོམས།

ནང་མི་མང་གི་འདོད་མོས་དང་མཐུན་པའི་སྲིད་གཞུང་འཛིན་སྐྱོང་ལེགས་པོ་མ་བྱས་ཚེ། རྗེས་སུ་མི་མང་གི་ཡིད་ཆེས་ དང་གདེང་འཇོག་ཡོད་པའི་འོས་ཤོག་གི་རྒྱབ་སྐྱོར་མི་རག་པ་དང་། མི་མང་གི་ངོས་ནས་རྒྱབ་སྐྱོར་གྱི་འོས་ཤོག་མ་རག་

ཚེ། སྲིད་གཞུང་འཛིན་སྐྱོང་བྱེད་མཁན་གྱི་འཐུས་མིའི་གྲས་སུ་སླེབས་ཐབས་མེད། གཞན་ཡང་འཛིན་སྐྱོང་བྱེད་པའི་ལོ་

ལྔའི་ནང་དུའང་འཛིན་སྐྱོང་གི་ལས་ཀའི་ནང་མི་མང་གི་མངོན་འདོད་དང་མི་མཐུན་པ་བྱུང་ཚེ། མི་མང་གིས་ཐད་ཀར་སྐྱོན་ བརྗོད་བྱས་ཏེ་གོ་ས་ཕབ་ཆོག འདི་ནི་མང་གཙོའི་སྲིད་གཞུང་གི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན།

འདི་ལས་མི་མང་ནི་སྲིད་གཞུང་གི་བདག་པོ་ཡིན་པ་གསལ་པོ་ཤེས་ཐུབ་ལ། མི་མང་རྣམས་སྲིད་དོན་ལས་རིགས་ནང་

180


མཉམ་ཞུགས་བྱེད་པར་ནུས་པ་ཆེན་པོ་ཡོད་པའང་རྟོགས་ཐུབ།

༢། རྩོད་རྙོག་འདུམ་འགྲིག (Conflict Resolution)

སྤྱི་ཚོགས་དང་སྲིད་དོན་གྱི་འཚ

ཨ་ཌོལ་ཕཱོ་ ཧིཌ་ལར་།

དུས་རྒྱུན་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཞིག་འབྱུང་གི་ཡོད་པ་དང་། རྩོད་

རྙོག་དེ་དག་ནི་ཆོས་ལུགས་མི་འདྲ་བ་དང་། ལེགས་བྱང་མི་འདྲ་བ། ཡུལ་

ལུང་མི་འདྲ་བ། དཔལ་འབྱོར་ཐོག་དབུལ་ཕྱུག་མི་སྙོམས་པ་སོགས་ལ་

ན་ཛི་ཚོགས་པ། (༡༨༨༩-༡༩༤༥)

ལྷིང་འཇགས་མེད་པར་བཟོ་བཞིན་ཡོད། དེར་བརྟེན་རྩོད་རྙོག་དེ་དག་སེལ་

མ་ནི་ཡི་རྒྱལ་ཁབ་དེ་ (༡༩༣༤-༡༩༤༥)

བརྟེན་ནས་འབྱུང་བ་དང་། རྩོད་རྙོག་དེ་རིགས་ཀྱིས་སྤྱི་ཚོགས་ནང་ཞི་བདེ་

ཐབས་བྱེད་རྒྱུ་ནི་སྤྱི་ཚོགས་བདེ་ལ་འགོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་ དང་། རྩོད་རྙོག་དེ་དག་འདུམ་འགྲིག་བྱེད་པའམ་སེལ་ཐབས་བྱེད་རྒྱུ་ནི་སྲིད་

གཞུང་གི་ལས་འགན་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། མི་མང་གི་བདེ་

སྡུག་འགན་ལེན་བྱེད་པའི་སྲིད་གཞུང་གི་བདག་པོ་དངོས་ནི་མི་མང་ཡིན་པ་ དང་། མི་མང་གི་འཚོ་བ་སྐྱེལ་སའི་སྤྱི་ཚོགས་ནང་རྩོད་རྙོག་ཆེ་ཆུང་ཅི་ཞིག་

བྱུང་ཡང་དེ་སེལ་བའི་ལས་འགན་ཡོངས་རྫོགས་སྲིད་གཞུང་ལ་ཡོད། འདི་

ཡང་མང་གཙོའི་སྲིད་གཞུང་གིས་མི་མང་གི་བདེ་སྡུག་འགན་ལེན་བྱེད་པའི་ ཁྱད་ཆོས་གཙོ་བོ་ཞིག་ཡིན།

༣།

དྲང་བདེན་དང་འདྲ་མཉམ། (Justice and Equality)

དྲང་བདེན་དང་འདྲ་མཉམ་ནི་མང་གཙོའི་སྲིད་གཞུང་གི་གྲུབ་ཆ་ཞིག་ཡིན།

སྤྱི་ཚོགས་ཤིག་གི་ནང་དྲང་བདེན་དང་འདྲ་མཉམ་མེད་ཚེ། སྤྱི་ཚོགས་དེའི་

ཁོང་གིས་སྲིད་དབང་སྒེར་འཛིན་བྱས་ཏེ་ཇར་ བར་བཟུང་ཡོད། ཁོའི་དམག་གི་ཐབས་བྱུས་

ལ་བརྟེན་ནས་འཛམ་གླིང་དམག་ཆེན་གཉིས་

པ་བྱུང་ཡོད་པ་མ་ཟད། མི་ས་ཡ་ ༡༡ ལྷག་གི་

ཚེ་སྲོག་ཤོར་ཡོད། དེའི་ནང་ནས་མི་ས་ཡ་ ༦ ཙམ་ནི་འཇིའུ་མི་རིགས་ཡིན། ན་ཛིའི་ རྟགས།

ངའི་འཐབ་ རྩོད།

(Mein Kampf)

ཁྱེད་

ཚེ་གང་ དཀར་ ཟས།

ཀྱིས་ ཤེས་

སམ་

རྒྱ་གཞུང་གིས་དྲྭ་རྒྱའི་གནས་ཚུལ་རང་ དབང་ངང་ཐོན་རྒྱུར་བཀག་འགོག་གིས་ གུ་གལ་དང་ངོ ་ དེ བ ་སོ ག ས་ལ་གསང་

བའི་ངང་ནས་དམ་བསྒྲགས་ཀྱིས་དྲྭ་ལམ་

ཉེ ས ་སྤྱོ ད ་ (Cyber Crime)བྱས་དང་བྱེ ད ་ མུས་ཡིན།

181

དཔེ་རིས། ༢༢་༣


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།

ནང་འཚོ་བ་སྐྱེལ་བའི་མི་མང་རྣམས་ལ་བདེ་སྐྱིད་ཡོད་མི་སྲིད། རྒྱུ་མཚན་ནི་དྲང་བདེན་མེད་ན་འདྲ་མཉམ་མེད་ལ། འདྲ་

མཉམ་མེད་པའི་སྤྱི་ཚོགས་ནང་རྩོད་རྙོག་འབྱུང་བ་དང་། རྩོད་རྙོག་མང་བའི་ཁོར་ཡུག་ཅིག་ཏུ་བདེ་སྐྱིད་ཅིག་ག་ལ་ཡོད།

དཔེར་ན། ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་དར་བ་ལྟ་བུ་དང་། རྒྱ་གར་ནང་རིགས་

རུས་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་དར་བ་ལྟ་བུ་རེད། སྤྱི་ཚོགས་ནང་དྲང་བདེན་མིན་པའི་ལུགས་སྲོལ་ངན་པ་དར་བ་ དེས། མི་དང་མིའི་དབར་ལ་འདྲ་མཉམ་མིན་པའི་འདུ་ཤེས་ངན་པ་བསྐྲུན་ཡོད། དྲང་བདེན་དང་འདྲ་མཉམ་གྱི་ཆེད་སྐྱེས་བུ་

དམ་པ་མང་པོ་ཞིག་གིས་རིན་ཐང་ཆེ་བའི་ལེགས་སྐྱེས་ཕུལ་ཡོད། དཔེར་ན། མཧཱཏྨ་ གཱནྡྷཱི་ (Mahatma Gandhi) དང་། མར་ ཊེན་ ལུ་འཐར་ཀིང་། (Martin Luther King) ནེལ་སན་ མན་ཌེ་ལ། (Nelson Mandela) སོགས་ཀྱིས་སྤྱི་ཚོགས་ནང་དྲང་བདེན་

དང་འདྲ་མཉམ་བསྐྲུན་ཆེད་སྐུ་ངལ་འཛེམས་མེད་བསྐྱོན་ཡོད་པ་ལྟ་བུ་ཡིན། དེ་ནི་མང་གཙོའི་སྲིད་གཞུང་གི་ལས་འགན་ གལ་ཆེན་ཞིག་དང་ཁྱད་ཆོས་གཙོ་བོ་ཞིག་ཡིན།

མཧཱཏྨ་ གཱནྡྷཱི།

མར་ཊེན་ ལུ་འཐར་ཀིང་།

ནེལ་སན་ མན་ཌེ་ལ།

འཁྲུངས་ལོ། ཕྱི་ལོ་ ༡༨༦༩ ཟླ་ ༡༠ ཚེས་ ༢

འཁྲུངས་ལོ། ཕྱི་ལོ་ ༡༩༢༩ ཟླ་ ༡ ཚེས་ ༡༥

འཁྲུངས་ལོ། ཕྱི་ལོ་ ༡༩༡༨ ཟླ་ ༧ ཚེས་ ༡༨

རྒྱལ་ཁབ། རྒྱ་གར།

རྒྱལ་ཁབ།

རྒྱལ་ཁབ།

འདས་ལོ། ཕྱི་ལོ་ ༡༩༤༨ ཟླ་ ༡ ཚེས་ ༣༠

འདས་ལོ། ཕྱི་ལོ་ ༡༩༦༨ ཟླ་ ༤ ཚེས་ ༤

མཛད་རྗེས། ཨིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་ མཛད་རྗེས། གྱིས་རྒྱ་གར་རང་བཙན་འཐབ་རྩོད་བྱས།

ཨ་མི་རི་ཀ

འདས་ལོ། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༥

ཨ་རིའི་མི་རིགས་དཀར་ནག་ མཛད་རྗེས།

གི་དབྱེ་འབྱེད་ལ་ངོ་རྒོལ་བྱས།

ལྷོ་ཨཕ་རི་ཁ།

ལྷོ་ཨཕ་རི་ཁའི་མི་རིགས་ནག་

པོའི་ཐོབ་ཐང་རྩོད་ལེན་བྱས།

དཔེ་རིས། ༢༢་༤

182


སྤྱི་ཚོགས་དང་སྲིད་དོན་གྱི་འཚ

སྦྱོང་ཚན། ཀ༽ གཤམ་གྱི་དྲི་བ་ཁག་ལ་ལན་གནད་བསྡུས་རེ་བྲིས། ༡།

མང་གཙོའི་སྲིད་གཞུང་གི་གྲུབ་ཆ་གཉིས་བྲིས།

༣།

སྲིད་གཞུང་གིས་ཁྲིམས་ལུགས་ལྟར་ལས་དོན་ལག་བསྟར་བྱེད་པ་ལ་དགེ་མཚན་ཅི་ཞིག་ཡོད།

༢།

མི་མང་གིས་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་དོན་གང་ཡིན་ནམ།

༤།

མི་མང་རྣམས་གནད་དོན་ཐག་གཅོད་བྱེད་པའི་ལས་རིགས་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན་ནམ། རང་ངོས་ནས་ རྒྱུ་མཚན་གཉིས་བྲིས།

༥།

མང་གཙོའི་ལམ་ལུགས་དང་རྒྱལ་པོའི་ལམ་ལུགས་དབར་གྱི་ཁྱད་པར་བྲིས།

ག༽ རང་ཚིག་ཐོག་ཤོད།

༡། ཁྱེད་ཀྱིས་སྲིད་གཞུང་ལམ་ལུགས་གང་ཡག་ཤོས་སུ་མཐོང་སོང་ངམ། རྒྱུ་མཚན་ཤོད། ༢།

ཉིན་རེའི་འཚོ་བའི་ནང་དངོས་སུ་མཐོང་ཐུབ་པའི་སྲིད་གཞུང་གི་ལས་དོན་རིགས་གསུམ་ཤོད།

ང༽ མཐུན་སྦྱོར་གྱིས། ༡

མང་གཙོའི་ལམ་ལུགས།

སཽ་དྷི་ཨ་རཱབ།

དམར་ཤོག་ལམ་ལུགས།

ཇར་མ་ནཱི་ན་ཛི་སྲིད་གཞུང་།

རྒྱལ་པོའི་ལམ་ལུགས།

རྒྱ་ནག

རྒྱ་གར།

སྲིད་དབང་སྒེར་འཛིན་ལམ་ལུགས།

183


འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ཅ༽ བྱེད་སྒོ།

༡། སློབ་ཕྲུག་རྣམས་སྡེ་ཚན་ཆ་བགོས་ཀྱིས་གཤམ་གྱི་བརྗོད་གཞི་ཐོག་གོ་བསྡུར་བྱས་ཏེ། ཚོགས་མི་གཅིག་གིས་འགྲེལ་བཤད་ བྱེད་རྒྱུ།

༢།

བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས།

འཛིན་གྲྭའི་ནང་འོས་བསྡུ་བྱེད་པའི་ཁོར་ཡུག་བསྐྲུན་ནས། འཛིན་གྲྭའི་རྩེད་རིགས་ཚོགས་ཆུང་གི་ཚོགས་གཙོ་འོས་འདེམས་ བྱེད་རྒྱུ།

(འོས་ཤོག་དང་། འོས་མི། འོས་སྒམ། འོས་བསྡུ་ཚོགས་ཆུང་། བཤེར་དཔང་།)

འོས་སྒམ།

184



Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.